Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་བཙན་བྱོལ་དུ་ཕེབས་འབྱོར་བྱུང་བ་དེ་འཕགས་བོད་གཉིས་ཀྱི་ལོ་རྒྱུས་ཁྲོད་བརྗེད་ཐབས་མེད་པ་གསུངས་འདུག

Tibetan News Headlines

  • Dalai Lama’s former envoy slams China’s remarks on Tibet talks, says authoritarian rule won’t last long
  • Blinken raises human rights abuses in Tibet and East Turkestan with China
  • Gyari Dorjee Youdon, a Tibetan who revolted against invading Chinese forces, cremated in Mindroling
  • China building new township in Lhokha amidst Tibet-border build-up

རེས་གཟའ་མིག་དམར། ༢༠༢༤།༠༤།༣༠

  • རྒྱ་ནག་གི་མཁྲེགས་འཛིན་སྲིད་བྱུས་རྒྱུན་རིང་པོར་གནས་ཐུབ་ཐབས་མེད་པ་གསུངས་འདུག
  • Blinken གྱིས་རྒྱ་གཞུང་དང་མཉམ་བོད་དང་ཤིན་ཅང་སྐོར་གླེང་སློང་གནང་ཡོད་པ་གསུངས་འདུག
  • བོད་ཀྱི་དཔའ་མོ་རྒྱ་རི་རྡོ་རྗེ་གཡུ་སྒྲོན་ལགས་ཀྱི་སྐུ་ཕུང་སྨིན་སྒྲོལ་གླིང་དགོན་པར་ཞུགས་འབུལ།
  • རྒྱ་ནག་གིས་འཕགས་བོད་མཐའ་མཚམས་ཉེ་འཁྲིས་ལྷོ་ཁའི་ནང་གྲོང་ཚོ་གསར་རྒྱག

ཕྱི་ལོ་ ༡༩༥༩ ལོའི་ཕྱི་ཟླ་ ༣ ཚེས ༣༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་སྐུ་འཁོར་ཧྲག་བསྡུ་ཞིག་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་གར་གྱི་དམག་དཔུང་ 5 Assam Rifles ཞེས་ཨ་སམ་གྱི་དམག་དཔུང་སྡེ་པ་ལྔ་པས་སྣེ་ལེན་ཞུས་པ་དེ་འཕགས་བོད་གཉིས་ཀྱི་ལོ་རྒྱུས་ཁྲོད་བརྗེད་ཐབས་མེད་པའི་ན་ཟུག་གྱི་ལེའུ་ཞིག་རེད་ཅེས་བརྗོད་འདུག

HHDL Escape Assam Rifles

དེ་ཡང་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་དུ་བཙན་བཟུང་གིས་བོད་རྒྱལ་ཁབ་ཆེན་པོའི་སྣོད་བཅུད་ཡོངས་རྫོགས་ཉམས་ཉེས་སུ་བཏང་བའི་དུས་སྐབས་ཏེ་ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ ཚེས་ ༡༧ རེས་གཟའ་མིག་དམར་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་སྐུ་འཁོར་ལྷན་རྒྱས་རྒྱ་གར་ལ་བྲོས་བྱོལ་གྱིས་ཚེས་ ༣༡ ཉིན་འཕགས་བོད་གཉིས་ཀྱི་ས་མཚམས་སྐེས་འཛེགས་མ་ཎིར་༸ཞབས་སོར་འཁོད་སྐབས་རྒྱ་གར་གྱི་དམག་དཔུང་ 5 Assam Rifles ཞེས་ཨ་སམ་གྱི་དམག་དཔུང་སྡེ་པ་ལྔ་པས་སྣེ་ལེན་ཞུས་ནས་ད་ཆ་མི་ལོ་དྲུག་བཅུ་རེ་ལྔ་ཧྲིལ་པོ་འཁོར་བའི་དུས་ཚིགས་དང་བསྟུན། དམག་དཔུང་ཁང་དེས་བསྒྲགས་གཏམ་ཤིག་སྤེལ་བའི་ནང་དུས་ཚིགས་དེ་ནི་གནད་འགག་ཆེ་བའི་དུས་ཚོད་ཅིག་ལ་ངོས་འཛིན་དང་སྦྲགས།  ཨ་སམ་གྱི་དམག་དཔུང་སྡེ་པ་ལྔ་པས་མི་ལོ་དྲུག་ཅུའི་སྔོན་༸གོང་ས་མཆོག་བཙན་བྱོལ་དུ་བདེ་བར་སྣེ་ལེན་ཞུས་པ་དེ་འཕགས་བོད་གཉིས་ཀྱི་ལོ་རྒྱུས་ཁྲོད་བརྗེད་ཐབས་མེད་པའི་ན་ཟུག་གྱི་ལེའུ་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་གཉིས་དབར་གྱི་ཡལ་ཐབས་མེད་པའི་གྲོགས་པོའི་འདུ་ཤེས་དང་མི་ཡིན་པ་གཅིག་མཚུངས་ཀྱི་འདུ་ཤེས་ལ་རྒྱབ་སྐྱོར་བྱས་པའི་མཚོན་རྟགས་ཤིག་ཡིན་པ་བཀོད་འདུག

HHDL Escape Assam Rifles

བསྒྲགས་གཏམ་དེའི་ནང་ད་དུང་༸གོང་ས་མཆོག་དང་ཨ་སམ་གྱི་དམག་དཔུང་སྡེ་པ་ལྔ་པའི་དབར་འབྲེལ་བ་ཟབ་མོ་ཞིག་ཡོད་པ་དང་། ཚད་གཞི་དེའི་ཐོག་ནས་ལོ་ལྟར་དམག་དཔུང་ཁག་གཅིག་མགོན་པོ་༸གང་ཉིད་མཆོག་གི་མཇལ་ཁའི་བྱིན་རླབས་ཞུ་རྒྱུའི་གོ་སྐབས་རགས་ཀྱི་ཡོད་སྐོར་བཀོད་པ་དང་འབྲེལ། ༸གོང་ས་མཆོག་རྒྱ་གར་སྐེས་འཛེགས་མ་ཎིའི་བརྒྱུད་དེ་ཉེས་ཡོལ་དུ་ཆིབས་བསྒྱུར་གནང་བ་དེ་ནི་བོད་ཀྱི་ལོ་རྒྱུས་ཤིག་ཡིན་པ་ཙམ་མིན་པར་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་ལམ་གསར་པའི་འཕེལ་རིམ་ཞིག་ཡིན་སྐོར་བཀོད་པ་དང་འབྲེལ། ༸མགོན་པོ་གང་ཉིད་མཆོག་འཕགས་བོད་གཉིས་ཀྱི་ས་མཚམས་ཀྱི་བརྒྱུད་དེ་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་པའི་དོན་རྐྱེན་འདིས་རྒྱ་ནག་གི་སེམས་ནང་ཁོང་ཁྲོ་ཆེན་པོ་བསླངས་ཡོད་པ་མ་ཟད། རྒྱ་ནག་དམག་དཔུང་གིས་འཕགས་བོད་གཉིས་ཀྱི་ས་མཚམས་དང་ཉེ་བར་གནས་སྤོ་བྱས་ཏེ་རྒྱ་གར་གྱི་ས་ཁུལ་མང་དག་གཅིག་རྒྱ་ནག་གི་མངའ་ཁོངས་སུ་ཡིན་ལུགས་བརྗོད་ཀྱི་ཡོད་པ་བཀོད་འདུག

HHDL Escape Assam Rifles

གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ ༡༩༥༩ ཟླ་ ༣ ཚེས་ ༣༡ ཉིན་འཕགས་བོད་གཉིས་ཀྱི་ས་མཚམས་སྐེས་འཛེགས་མ་ཎིར་༸ཞབས་སོར་འཁོད་དེ་བཞུགས་བཞག་དང་པོ་ཆུ་དྭངས་མོ་དང་། བཞུགས་བཞག་གཉིས་པ་གོར་ཟམ་མཆོད་རྟེན། གསུམ་པ་ཤག་ཏི། བཞི་པ་རླུང་ལར་སྐུ་བཞུགས་མཛད་པ་དང་སྐབས་དེའི་དུས་སུ་རྒྱ་གར་གཞུང་ནས་རྒྱ་ནག་གི་གཞུང་ཚབ་པར་༸གོང་ས་མཆོག་རྒྱ་གར་དུ་༸ཞབས་སོར་བདེ་བར་འཁོད་ཟིན་པ་གཞུང་འབྲེལ་གྱི་འབྲེལ་ལམ་གནང་ཡོད། དེ་ནས་མཐོང་ལེགས་དང་རྟ་དབང་ཆེད་ཕེབས་མཛད་པ་མ་ཟད། རྟ་དབང་དུ་བཙན་བྱོལ་ནང་གི་ཆོས་འབྲེལ་དང་པོ་དེ་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་དུ་སྩལ་ཡོད། ༸གོང་མཆོག་གི་བཞུགས་བཞག་བདུན་པ་བྱང་དང་། བརྒྱད་པ་སེང་གེ་རྫོང་། དགུ་པ་སྡེ་རང་ང་དང་། བཅུ་པ་ར་ཧུང་དུ་གནང་ཡོད་པ་དང་། ཕྱི་ཟླ་ ༤ ཚེས་ ༡༢ ཉིན་འབུམ་སྡེ་ལ་དང་ཚེས་ ༡༨ ཉིན་འབུམ་སྡེ་ལ་ནས་ཐེངས་དང་པོ་ཆིབས་གྲུའི་བརྒྱུད་ཁེ་ལོང་དུ་སྐུ་ཞུགས་དང་ཕྱི་ཉིན་དེར་རྒྱ་གར་ཨ་སམ་མངའ་སྡེའི་ tezpur དུ་༸ཞབས་སོར་འཁོད་དེ་ཁུལ་དེར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་བརྒྱུད་དེ་ཆིངས་ཡིག་དོན་ཚན་ ༡༧ ལ་ངོས་བཞེས་མཛད་ཀྱི་མེད་པའི་གསལ་བསྒྲགས་གནང་ཡོད། མགོན་པོ་༸གང་ཉིད་མཆོག་རྒྱ་གར་དུ་བྲོས་བྱོལ་ལ་ཆིབས་བསྒྱུར་མཛད་དེ་འདི་ལོར་ལོ་ངོ་ ༦༥ ཧྲིལ་པོ་འཁོར་གྱི་ཡོད་པའི་ཁྲོད་ཨ་རུ་ན་ཅལ་མངའ་སྡེའི་གཞུང་ནས་ཀྱང་༸གོང་ས་མཆོག་རྒྱ་གར་དུ་བྲོས་བྱོལ་ལ་ཆིབས་བསྒྱུར་གནང་ཡུལ་དང་སྐུ་བཞུགས་གནང་ཡུལ་གྱི་ས་ཚིགས་ཁག་གཞུང་འབྲེལ་གྱི་ཉམས་གསོ་གནང་རྒྱུའི་ལས་འཆར་ཞིག་འགྲོ་མུས་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།