Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་ཕྱི་སྲིད་བློན་ཆེན་མཆོག་གིས་ཨ་རུ་ན་ཅལ་གྱི་གནད་དོན་ཐོག་རྒྱ་ནག་ལ་སྐྱོན་བརྗོད།

Tibetan News Headlines

  • HHDL gives audience to devotees of Dipankara Buddhist Centre
  • Taiwan’s new president takes office, calls on China to cease hostile actions
  • Tibetan delegation attends Lai Ching-te’s swearing-in ceremony, meets newly re-established parliamentary group for Tibet
  • US urges China to immediately account for Panchen Rinpoche’s whereabouts and well-being
  • Is the Panchen Lama alive or dead? Tashi Lhunpo’s Deputy Abbot speaks at FCCC

རེས་གཟའ་ཟླ་བ། ༢༠༢༤།༠༥།༢༠

  • སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ནི་སྟོན་པའི་བསླབ་བྱ་གཙོ་བོ་དེ་ཡིན་པ་བཀའ་བསྩལ་འདུག
  • ཐེ་ཝན་མི་མང་གི་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་རྒྱ་གཞུང་ལ་དྲག་པོའི་འཇིགས་སྐུལ་མཚམས་འཇོག་དགོས་པའི་སྐུལ་འདེབས།
  • ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ལྷན་ཞུགས།
  • ཨ་རི་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་སྐུ་ཁམས་བདེ་ཐང་ཡིན་མིན་གསལ་བཏོན་དགོས་པའི་ཞུ་སྐུལ།
  • ༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་རེ་འབོད།

ཟླ་བ་སྔོན་མའི་ཕྱི་ཚེས་ ༣༠ ཉིན་རྒྱ་ནག་གི་སྤྱི་དམངས་ལས་དོན་ལྷན་ཁང་གིས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་ཁག་ ༣༠ ལ་མིང་གསར་དུ་བཏགས་དེ་བདག་དབང་རྩོད་བཞིན་ཡོད་པར་བརྟེན། ཁ་སང་རྒྱ་གར་གི་ཕྱི་སྲིད་བློན་ཆེན་མཆོག་གིས་གནད་དོན་དེར་སྐྱོན་བརྗོད་དང་སྦྲགས། མིང་བསྒྱུར་བྱས་པ་དེས་ཤུགས་རྐྱེན་ནམ་རྗེས་འབྲས་གང་ཡང་མེད་པ་ནན་བརྗོད་གནང་འདུག

དེ་ཡང་ཁ་སང་ཕྱི་ཚེས་ ༡ ཉིན་རྒྱ་གར་གྱི་མངའ་སྡེ་གུ་ཇི་རཏ་ནང་ཚོགས་པའི་ལྷན་ཚོགས་ཤིག་གི་ཐོག་རྒྱ་གར་ཕྱི་སྲིད་བློན་ཆེན་ S. Jaishankar མཆོག་ལ་རྒྱ་ནག་གཞུང་ནས་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་ཁག་ ༣༠ ལ་མིང་གསར་པ་བཏགས་པའི་གནད་དོན་དང་འབྲེལ་ནས་བཀའ་འདྲི་ཞུས་སྐབས། ཁོང་གིས་གལ་ཏེ་ངས་དེ་རིང་ཁྱེད་རང་གི་ཁྱིམ་མིང་དེ་མིང་བསྒྱུར་བྱས་ཚེ་དེ་ང་ལ་བདག་གི་རེད་དམ་ཞེས་ལན་འདེབས་གནང་ཡོད་པ་དང་འབྲེལ། ཨ་རུ་ན་ཅལ་མངའ་སྡེ་ནི་འདས་པ་དང་ད་ལྟ། མ་འོངས་པ་ཡང་རྒྱ་གར་གྱི་ས་ཁུལ་ཞིག་ཡིན་པ་ནན་བརྗོད་ཐོག་མཐའ་མཚམས་ཁུལ་དུ་རྒྱ་གར་གྱི་དམག་དཔུང་འགྲེམས་འཇོག་བྱས་ཡོད་པ་གསུངས་འདུག

རྩ་བའི་རྒྱ་གཞུང་གིས་མིང་གསར་པ་བཏགས་པ་དེའི་ནང་ས་སྡེ་བཅུ་གཅིག་དང་རི་བཅུ་གཉིས། ཆུ་བོ་བཞི་དང་མཚོ་གཅིག དེ་བཞིན་གངས་རིའི་ཁྲོད་ཀྱི་བརྒྱུད་ལམ་གཅིག་དང་ས་ཁྱོན་གཅིག་བཅས་བསྡོམས་པའི་སུམ་ཅུ་ཡོད་འདུག་པ་དང་། ལྷག་པར་ཨ་རུ་ན་ཅལ་ལ་ Zangnan ཞེས་མིང་དེ་སྔོན་ནས་བཏགས་ཡོད་པ་རེད་འདུག

རྒྱ་ནག་གཞུང་གི་སྤྱི་དམངས་ལས་དོན་ལྷན་ཁང་གིས་དྲ་ཚིག་ཐོག་དེ་འབྲེལ་མིང་གསར་དུ་བསྣན་ཡོད་པ་དང་འབྲེལ། དེ་དག་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་ ༡༣ ནང་དོན་ལྟར་འབྱུང་འགྱུར་ཕྱི་ཟླ་ ༥ ཚེས་ ༡ ནས་ལག་བསྟར་བྱ་རྒྱུ་ཡིན་སྐོར་བཀོད་ཡོད་པ་མ་ཟད། རྩ་ཁྲིམས་དོན་ཚན་དེའི་ནང་ཕྱིའི་སྐད་ཡིག་གམ་ཡུལ་ལུང་གཞན་གྱི་སྐད་ཡིག་ཐོག་ཡོད་པའི་ས་གནས་ཀྱི་མིང་དེ་དག་རྒྱ་ནག་གི་ས་ཁྱོན་བདག་དབང་དང་ཐོབ་ཐང་ལ་གནོད་སྐྱོན་བཟོ་སྲིད་པ་ཞིག་ཡིན་སྟབས། ཕྱི་རྒྱལ་གྱི་སྐད་ཡིག་རྣམས་བཀའ་འཁྲོལ་མེད་ན་ཐད་ཀར་ལུང་འདྲེན་དང་བསྒྱུར་བ་བྱེད་མི་ཆོག་ཞེས་འཁོད་ཡོད་པ་རེད་འདུག

གནད་དོན་དེ་དང་འབྲེལ་ནས་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེའི་ནང་། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Randhir Jaiswal ལགས་ཀྱིས། རྒྱ་ནག་ནས་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་གྱི་ས་ཁུལ་ཁག་ལ་ཨུ་ཚུགས་ཀྱིས་དགོས་མེད་མིང་བསྒྱུར་བྱ་ཐབས་བྱས་པ་དེར་མཐའ་གཅིག་ཏུ་ངོས་ལེན་མེད་པ་མ་ཟད། མིང་བསྒྱུར་དེའི་བརྒྱུད་ནས་ཨ་རུ་ན་ཅལ་མངའ་སྡེ་དེ་ཉིད་རྒྱ་གར་གྱི་འདས་མ་ད་གསུམ་ནས་ཁ་བྲལ་ཐབས་མེད་པའི་དངོས་པོའི་གནས་ཚུལ་ལ་འགྱུར་བ་འགྲོ་ཐབས་མེད་པ་འཁོད་འདུག

མ་ཟད་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་། ཁུལ་དེ་ནས་ཡིན་པའི་རྒྱ་གར་གྱི་སའི་གོ་ལའི་ཚན་རྩལ་བློན་ཆེན་དང་ཟས་སྦྱོར་ཚོང་ལས་སྡེ་ཁག་གི་བློན་ཆེན་གཅིག་ལྕོགས་ Kiren Rijiju མཆོག་གིས་ཀྱང་རྒྱ་ནག་གིས་ཁྲིམས་འགལ་གྱི་བྱ་སྤྱོད་དེར་གཞི་རྩ་མེད་པ་ཞིག་རེད་ཅེས་སྐྱོན་བརྗོད་ནན་པོ་གནང་འདུག

ལྷག་པར་རྒྱ་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེ་དེ་ཉིད་བོད་ཀྱི་ལྷོ་ཕྱོགས་ཡིན་པའི་བདག་དབང་རྩོད་བཞིན་ཡོད་པའི་ཁྲོད། ཟླ་བ་སྔ་མའི་ཕྱི་ཚེས་ ༩ ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་ཁུལ་དེར་ཆེད་ཕེབས་ཀྱིས་གསར་རྒྱག་ཟིན་པའི་ཟེ་ལ་ཕུག་ལམ་དབུ་འབྱེད་གནང་སྐབས་རྒྱ་གཞུང་གིས་དེར་དགག་བྱ་ཤུགས་ཆེར་བྱས་ཡོད་སྟབས། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས་སྐྱོན་བརྗོད་ནན་པོ་གནང་ཡོད་པ་མ་ཟད། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཀྱང་དེ་འབྲེལ་གནད་དོན་ཐོག་རྒྱ་གར་ལ་རྒྱབ་སྐྱོར་གྱིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།

གཞི་རྩའི་རྒྱ་གཞུང་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་ས་གནས་ཁག་ལ་དེ་ལྟ་བུའི་མིང་གསར་པ་བཏགས་པ་དེ་ནི་ད་རེས་ཐེངས་བཞི་པ་ཆགས་ཀྱི་ཡོད་པའི་ཁྲོད། དེ་སྔ་ཕྱི་ལོ་ ༢༠༡༧ ལོ་ས་ཁུལ་ཁག་ ༦ དང་། ༢༠༢༡ ལོར་ས་ཁུལ་ཁག་ ༡༥ དེ་ནས་ ༢༠༢༣ ས་ཁུལ་ཁག་ ༡༡ བཅས་ལ་མིང་གསར་པ་བཏགས་ཡོད་པ་མ་ཟད། ཁ་སང་རྒྱ་ནག་གིས་གཏན་འབེབས་བྱས་པའི་མིང་གསར་པ་དེ་ནི་འདས་པའི་ལོ་བདུན་ནང་མང་ཤོས་དེ་ཆགས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།