Tibetan Royal Year of 2151 | Year of the Wood Dragon

ཐེ་ལྦན་གྱི་སྲིད་འཛིན་ཟུར་པ་རྒྱ་ནག་ཏུ་ཕྱོགས་བསྐྱོད་གནང་བཞིན་པ།

Tibetan News Headlines

  • Dalai Lama’s former envoy slams China’s remarks on Tibet talks, says authoritarian rule won’t last long
  • Blinken raises human rights abuses in Tibet and East Turkestan with China
  • Gyari Dorjee Youdon, a Tibetan who revolted against invading Chinese forces, cremated in Mindroling
  • China building new township in Lhokha amidst Tibet-border build-up

རེས་གཟའ་མིག་དམར། ༢༠༢༤།༠༤།༣༠

  • རྒྱ་ནག་གི་མཁྲེགས་འཛིན་སྲིད་བྱུས་རྒྱུན་རིང་པོར་གནས་ཐུབ་ཐབས་མེད་པ་གསུངས་འདུག
  • Blinken གྱིས་རྒྱ་གཞུང་དང་མཉམ་བོད་དང་ཤིན་ཅང་སྐོར་གླེང་སློང་གནང་ཡོད་པ་གསུངས་འདུག
  • བོད་ཀྱི་དཔའ་མོ་རྒྱ་རི་རྡོ་རྗེ་གཡུ་སྒྲོན་ལགས་ཀྱི་སྐུ་ཕུང་སྨིན་སྒྲོལ་གླིང་དགོན་པར་ཞུགས་འབུལ།
  • རྒྱ་ནག་གིས་འཕགས་བོད་མཐའ་མཚམས་ཉེ་འཁྲིས་ལྷོ་ཁའི་ནང་གྲོང་ཚོ་གསར་རྒྱག

ཐེ་ལྦན་གྱི་སྲིད་འཛིན་ཟུར་པ་ Ma Ying-jeou རྒྱ་ནག་ཏུ་ཆེད་བསྐྱོད་ཀྱིས་རིང་མིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་བྱ་རྒྱུ་རེད་འདུག

དེ་ཡང་ཁ་སང་ Reuters གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིག་ན། ཐེ་ལྦན་མཚོ་གླིང་དུ་གནས་ཚུལ་ཛ་དྲག་ཏུ་འགྲོ་བཞིན་པའི་དུས་སྐབས་དེར་ཐེ་ལྦན་གྱི་སྲིད་འཛིན་ཟུར་པ་མྰ་ནས་རྒྱ་གཞུང་དང་ལྷན་སྤྱི་ཚོགས་དང་རིག་གཞུང་གི་འབྲེལ་ལམ་འཛུགས་རྒྱུའི་ཆེད་ཉིན་བཅུ་གཅིག་རིང་རྒྱ་ནག་ཏུ་བསྐྱོད་འཆར་བསྒྲགས་ཡོད་པ་ལྟར། ཁ་སང་ཁོང་ཉིད་རྒྱ་ནག་ཏུ་འབྱོར་འདུག་པ་དང་དེ་ནི་ཁོང་རྒྱ་ནག་ཏུ་ཕྱོགས་བསྐྱོད་བྱས་པ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད་འདུག

ཐུག་འཕྲད་དེ་དང་འབྲེལ་ཐེ་ལྦན་གསར་འགྱུར་བརྒྱུད་ལམ་ཁག་མང་པོ་ཞིག་གིས་ཐེ་ལྦན་སྲིད་ཟུར་དང་ཞི་ཅིན་ཕིང་གི་རྗེས་མའི་བདུན་ཕྲག་གི་ཐུག་འཕྲད་དེ་ཉིད་ད་ཆ་གཏན་འཁེལ་བྱུང་ཡོད་མིན་ཐད་ད་ལྟའང་གསལ་ཁ་མེད་པ་དེ་ལྟར་ཡང་། ཐེ་ལྦན་སྲིད་ཟུར་གྱིས་རྒྱ་ནག་ཏུ་མ་འགྲོ་གོང་ཐེ་ལྦན་གནམ་ཐང་དུ་གསར་འགོད་པ་ཚོར། ཕྱོགས་བསྐྱོད་དེ་ནི་ཞི་བདེ་དང་མཐུན་སྒྲིལ་གྱི་ཆེད་དུ་ཡིན་ཞིང་། ཐེ་ལྦན་མི་མང་ནི་ཞི་བདེ་ལ་དགའ་ཞིང་དམག་འཐབ་མི་ཡོང་བའི་གཙོ་འདོན་བྱེད་ཀྱི་ཡོད་པ་སོགས་རྒྱ་རིགས་དཔོན་པོར་ལན་བསྐྱལ་རྒྱུ་སོགས་ལ་ཆེད་དམིགས་ཀྱིས་ད་རེས་ཁོང་རྒྱ་ནག་ལ་བསྐྱོད་རྒྱུ་ཡིན་ཚུལ་བརྗོད་འདུག

རེས་གཟའ་ཟླ་བའི་ཉིན་ཁོང་རྒྱ་ནག་ཏུ་འབྱོར་མ་ཐག་ཁུལ་དེར་རྟེན་གཞི་བྱས་པའི་ཐེ་ཝན་ལས་དོན་ལྷན་ཁང་གི་འགན་འཛིན་སོང་ཏའོ་ Song Tao དང་ཐུག་འཕྲད་གནང་ཡོད་པའི་ཁྲོད། མཚོ་འགག་ཕན་ཚུན་དབར་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་ཀྱི་གཙོས་རྒྱ་ནག་དང་ཐེ་ཝན་གཉིས་ཀྱི་གཞོན་སྐྱེས་ཀྱི་མཉམ་ལས་གོང་མཐོར་གཏོང་རྒྱུ་ཙམ་མ་ཟད། དེ་རྗེས་ཁོང་གིས་ WeChat གཙོས་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཆེ་གྲས་མང་དག་ཅིག་ཏུ་བསྐོར་བསྐྱོད་གནང་འདུག་ལ། དེ་རིང་ནི་ཁོང་གི་རྒྱ་ནག་ནང་གི་ཕྱོགས་བསྐྱོད་ཀྱི་ཉིན་གཉིས་པ་དེ་ཉིད་ཆགས་ཀྱི་ཡོད་པ་རེད།

རྩ་བའི་ཐེ་ལྦན་སྲིད་འཛིན་ཟུར་པ་མྰ་ནི་ད་ལྟའི་ཐེ་ལྦན་གཞུང་གི་ཕྱོགས་འགལ་ཚོགས་པ་ Kuomintang གོའོ་མིན་ཏང་གི་ཚོགས་མི་རྙིང་ཤོས་ཤིག་ཡིན་ཞིང་། དེ་སྔོན་ཕྱི་ཟླ་དང་པོའི་ནང་སྲིད་འཛིན་འོས་ཤོག་ཕམ་ཡོད་པ་དེ་ནི་སྲིད་འཛིན་འོས་ཤོག་ཐེངས་གསུམ་བསྟུད་མར་ཕམ་པ་ཞིག་རེད་འདུག་ལ། ཐེ་ལྦན་གོའོ་མིན་ཏང་ཚོགས་པས་རྒྱ་ནག་དང་མཐུན་ཕྱོགས་ཚོགས་པ་ཞིག་ཡིན་པའི་སྙོན་འཛུགས་ཁག་ལ་ད་བར་ཁས་ལེན་རྩ་བ་ནས་བྱེད་ཀྱི་མེད་ཀྱང་། མྰ་ནས་དེ་སྔ་ ༢༠༡༥ ལོར་ཐེ་ལྦན་སྲིད་འཛིན་གྱི་འོས་བསྡུ་མ་ཕམ་གོང་སིང་ག་པོར་ Singapore དུ་རྒྱ་ནག་སྲིད་འཛིན་ཞི་ཅིན་པིང་དང་ཐུག་འཕྲད་བྱས་ཡོད་པ་དང་ཆབས་ཅིག་རྒྱ་ནག་དང་གྲོས་མོལ་སོགས་ཀྱི་བརྒྱུད་འབྲེལ་བ་དམ་ཟབ་འཇོག་མཁན་ཞིག་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།