Tibetan Royal Year of 2151 | Year of the Wood Dragon

ཁེ་ན་ཌའི་ངོས་ནས་རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་བྱེད་ཀྱི་ཡོད་པ་དེར་གདོང་ལེན་བྱ་གལ་ཡིན་པ་གསུངས་འདུག

Tibetan News Headlines

  • HHDL gives audience to devotees of Dipankara Buddhist Centre
  • Taiwan’s new president takes office, calls on China to cease hostile actions
  • Tibetan delegation attends Lai Ching-te’s swearing-in ceremony, meets newly re-established parliamentary group for Tibet
  • US urges China to immediately account for Panchen Rinpoche’s whereabouts and well-being
  • Is the Panchen Lama alive or dead? Tashi Lhunpo’s Deputy Abbot speaks at FCCC

རེས་གཟའ་ཟླ་བ། ༢༠༢༤།༠༥།༢༠

  • སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ནི་སྟོན་པའི་བསླབ་བྱ་གཙོ་བོ་དེ་ཡིན་པ་བཀའ་བསྩལ་འདུག
  • ཐེ་ཝན་མི་མང་གི་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་རྒྱ་གཞུང་ལ་དྲག་པོའི་འཇིགས་སྐུལ་མཚམས་འཇོག་དགོས་པའི་སྐུལ་འདེབས།
  • ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ལྷན་ཞུགས།
  • ཨ་རི་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་སྐུ་ཁམས་བདེ་ཐང་ཡིན་མིན་གསལ་བཏོན་དགོས་པའི་ཞུ་སྐུལ།
  • ༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་རེ་འབོད།

ཁ་སང་ཕྱི་ཚེས་ ༩ ཉིན་ཁེ་ན་ཌའི་ Ontario མངའ་སྡེའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་མངའ་སྡེའི་གྲོས་ཚོགས་སུ་གདན་ཞུས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གཞུང་གི་ངོས་ནས་རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་བྱེད་ཀྱི་ཡོད་པ་དེར་གདོང་ལེན་བྱ་དགོས་གལ་ཡིན་པའི་ཞུ་སྐུལ་གནང་འདུག

དེའང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༤ ནས་ ༢༡ བར་ཁེ་ན་ཌ་དང་ཨ་རིའི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་དང་བསྟུན། ཁ་སང་ཁེ་ན་ཌའི་ Onrario ཨོན་ཊེ་རི་ཡོ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་དཀར་པོ་ཆེ་བུ་ཁྲིད་ལགས་ཀྱི་དབུས་པའི་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་བློན་ཆེན་ཁག་གཅིག་ལྷན་འཛོམས་ཀྱིས་སྲིད་སྐྱོང་མཆོག་དང་ལྷན་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གླེང་མོལ་ཞིག་གོ་སྒྲིག་ཞུས་འདུག  སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མི་རྣམས་ཀྱི་མངོན་འདོད་དང་དཀའ་སྡུག་སྙན་སེང་གིས། ལྷག་པར་ Ontario མངའ་སྡེ་དང་རྒྱ་ཆེ་ས་ནས་ཁེ་ན་ཌ་མང་ཚོགས་སྤྱིའི་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུ་དང་། ཁེ་ན་ཌའི་ནང་གི་བོད་དོན་ཐད་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་རྒྱབ་སྐྱོར་ལ་རྗེས་སུ་ཡི་རངས་ཞུས་ཏེ། ཁེ་ན་ཌའི་གཞུང་ངོས་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་ཀྱི་ཡོད་པ་དེར་གདོང་ལེན་གནང་དགོས་གལ་ཡིན་པ་ནན་བརྗོད་གནང་འདུག

དེ་བཞིན་མངའ་སྡེའི་གྲོས་ཚོགས་ཚོགས་གཞོན་དཀར་པོ་ཆེ་བུ་ཁྲིད་ལགས་ཀྱིས། Ontario མངའ་སྡེའི་གྲོས་ཚོགས་ངོས་ནས་བོད་པའི་སྤྱི་ཚོགས་ལ་རྒྱབ་སྐྱོར་བྱ་རྒྱུར་དམིགས་པའི་འབད་བརྩོན་ལ་དགའ་བསུ་ཞུས་འདུག་པ་དང་འབྲེལ། འབད་བརྩོན་དེ་དག་གི་བརྒྱུད་ནས་ཁུལ་དེར་བོད་ཀྱི་རིག་གཞུང་གཅེས་ནོར་གྱི་ཟླ་བ་ཞེས་པའི་ལས་གཞི་གསར་འཛུགས་དང་། བོད་པའི་གཞོན་སྐྱེས་ཆེད་དུ་ལོ་རེར་ཉམས་གསོག་གི་གོ་སྐབས་སྤྲོད་བཞིན་ཡོད་པ། དེ་བཞིན་ Ontario མངའ་སྡེའི་གྲོས་ཚོགས་སུ་བོད་མིའི་སྐུ་ཚབ་གདན་འདྲེན་ཞུ་རྒྱུའི་ལམ་སྲོལ་ཚུགས་ཐུབ་བཅས་བྱུང་ཡོད་པ་ངོ་སྤྲོད་གནང་འདུག་པ་མ་ཟད། མངས་སྡེའི་དེའི་མི་སེར་གྱི་ཐོབ་ཐང་དང་རིག་གཞུང་སྣ་མང་གི་བློན་ཆེན་ Hon. Michael Ford ལགས་ཀྱིས། Ontario མངའ་སྡེའི་ངོས་ནས་རིག་གཞུང་སྣ་མང་ལ་གུས་བརྩི་བྱེད་པའི་སྤྱི་ཚོགས་ཤིག་སྐྲུན་པའི་ཆོད་སེམས་བརྟན་པོ་ཡོད་སྐོར་སོགས་གསུངས་འདུག

རྩ་བའི་ཁ་སང་གི་ལས་རིམ་དེའི་ཐོག་གཞན་ཡང་མངའ་སྡེའི་གྲོས་ཚོགས་ལས་དོན་དང་གྲོང་སྡེའི་ལས་དོན། དེ་བཞིན་ཁང་ལས་གཅིག་ལྕོགས་ཀྱི་བློན་ཆེན་ Paul Calandra ལགས། སེམས་ཁམས་འཕྲོད་བསྟེན་གྱི་མཉམ་འདུས་བློན་ཆེན་ Michael Tibollo ལགས། ཤེས་རིག་བློན་ཆེན་ Stephen Lecce ལགས། གྲོས་ཚོགས་འཐུས་མི་ Kristyn Wong-Tam ལགས་དང་། Patrice Barnes ལགས། དེ་བཞིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་དང་། ཁེ་ན་ཌའི་བོད་རིགས་ཚོགས་པའི་ཚོགས་གཙོ་ཤེས་རབ་མཐར་ཕྱོགས་བཅས་ལྷན་ཞུགས་གནང་ཡོད་པ་རེད།

གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཟླ་བ་འདིའི་ཕྱི་ཚེས་ ༤ ནས་ད་བར་ཁེ་ན་ཌའི་ཊོ་རོན་ཊོར་མང་ཚོགས་དང་ས་གནས་བོད་རིགས་གཞོན་སྐྱེས་དང་མཇལ་འཕྲད་ཀྱི་བོད་མིའི་སྒྲིག་འཛུགས་དང་། རྒྱལ་སྤྱིའི་སྟེང་གི་བོད་དོན་འཐབ་རྩོད་ལ་ཞུ་གཏུག་གནང་ཕྱོགས། བོད་མཐོ་སྒང་གི་ས་བབ་ཆབ་སྲིད་ཀྱི་གལ་གནད། བོད་ཀྱི་ཁོར་ཡུག་བཅས་ཀྱི་ཐོག་ལ་གསུང་བཤད་གནང་ཡོད་པ་མ་ཟད། ལྷག་པར་རིས་མེད་ཆོས་ཚོགས་ཁག་གི་སྐུ་ཚབ་དང་མཇལ་འཕྲད་ཀྱིས། ༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ནས་རྒྱ་ནག་གདོང་ལེན་བྱ་དགོས་པའི་ལམ་སྟོན་གནང་ཡོད་པ་རེད།

ལས་རིམ་ལྟར་ན་སང་ཉིན་ཕྱི་ཚེས་ ༡༡ ཉིན་ཁེ་ན་ཌ་བོད་རིགས་ཚོགས་པས་ཁུལ་དེའི་ Concordia གཙུག་ལག་སློབ་གཉེར་ཁང་གི་ Montreal Institute for Genocide and Human Rights Studies མི་རིགས་སྡེབ་གསོད་དང་འགྲོ་བ་མིའི་ཐོབ་ཐང་གི་ཞིབ་འཇུག་སྡེ་ཚན་དང་བཟུང་སྦྲེལ་གྱིས་ Global Encounter ཞེས་པའི་བརྗོད་གཞིའི་དང་འབྲེལ་ནས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བོད་ཀྱི་རིག་གཞུང་དང་། འགྲོ་བ་མིའི་ཐོབ་ཐང་། རྒྱལ་སྤྱིའི་གནད་དོན་བཅས་ཀྱི་ཐོག་ལ་གསུང་བཤད་གནང་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།