Tibetan Royal Year of 2151 | Year of the Wood Dragon

བོད་མི་ཞིག་ལ་ལོ་གསུམ་རིང་བཙོན་འཇུག་ཁྲིམས་བཅད་དང་ཁོང་གི་གཅུང་མོར་གཅར་རྡུང་ཚད་མེད་བཏང་འདུག

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

རྒྱ་ནག་གཞུང་གིས་བོད་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ནས་ཡིན་པའི་བོད་མི་བསམ་གཏན་ལགས་ཞུ་བ་ཞིག་ལ་གསང་བའི་སྒོ་ནས་ལོ་གསུམ་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་ཁོང་གི་གཅུང་མོར་གཅར་རྡུང་ཚད་མེད་བཏང་སྟེ་ད་ཆ་ཁུལ་དེའི་སྨན་ཁང་དུ་བསྐྱལ་ཡོད་པ་རེད་འདུག

དེ་ཡང་ཁ་སང་དུས་བབ་གསར་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་འདིའི་ཕྱི་ཚེས་ ༢  ཉིན་བོད་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ནས་རང་ལོ་ ༣༦ ཡིན་པའི་བོད་མི་བསམ་གཏན་ལགས་སུ་རྒྱ་ནག་གཞུང་གིས་གསང་བའི་ཁྲིམས་ཐག་བཅད་ཡོད་པ་དང་། ཁྲིམས་བཅད་དེ་ནི་ཁོང་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་ཟླ་གསུམ་ལྷག་ཕྱིན་རྗེས་སུ་གཞི་ནས་ཐག་གཅོད་བྱུང་བ་ཞིག་ཡིན་པ་དང་། ཁྲིམས་ཐག་དེ་བཞིན་བཅད་དགོས་དོན་ཐད་ད་ཆ་གསལ་ཁ་མེད་ཅིང་།   ད་ལྟའི་ཆར་ཁོང་གང་དུ་བཙོན་འཇུག་བྱས་ཡོད་མེད་དང་། གཟུགས་གཞིའི་གནས་སྟངས་གང་འདྲ་ཡོད་མིན་ཐད་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་པ་རེད་འདུག

མ་ཟད་ཁོང་ལ་གསང་བའི་ཁྲིམས་ཐག་བཅད་རྗེས་སུ། ཁོང་གི་གཅུང་མོ་དཔལ་སྒྲོན་ལགས་ཀྱིས་མཚོ་ཆེན་རྫོང་ཉེན་རྟོག་ཁང་དུ་ཕྱིན་ནས་བསམ་གཏན་ལགས་འཛིན་བཟུང་དང་ གསང་བའི་ཁྲིམས་ཐག་གཅོད་དགོས་དོན་གང་ཡིན་མིན་ཐད་གསལ་པོ་བཟོ་དགོས་པའི་རེ་སྐུལ་ཞུས་པར། ཉེན་རྟོག་པས་དཔལ་སྒྲོན་ལགས་ལ་གཅར་རྡུང་འཚབ་ཆེ་བཏང་སྟེ་ད་ཆ་ཁོང་མཚོ་ཆེན་རྫོང་ཟེར་བའི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།