Tibetan Royal Year of 2151 | Year of the Wood Dragon

འཇར་མ་ནིའི་སྲིད་བློན་མཆོག་ལ་རྒྱ་ནག་ཏུ་བོད་དོན་གཙོས་འགྲོ་བ་མིའི་ཐོབ་ཐང་གླེང་དགོས་པའི་ཞུ་སྐུལ།

Tibetan News Headlines

  • Sikyong dismisses China’s remarks on Tibet talks as ‘nothing new’, calls MWA only solution to Tibet problem
  • Sikyong begins Europe visit with public talk in Switzerland, to meet MPs today
  • UK MP detained and deported by China-allied nation for his outspoken advocacy on Tibetans, Uighurs, and Hong Kongers
  • Talks with China going on smoothly, India will never bow down: Rajnath Singh
  • 9th working committee meeting of NDPT concludes with a new mid term President

རེས་གཟའ་ཟླ་བ། ༢༠༢༤།༠༤།༢༩

  • བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དེ་༸གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་མ་ཡིན་པར་བོད་མི་ས་ཡ་དྲུག་གི་གནད་དོན་ཡིན་པ་གསུངས་སོང་།
  • སྲིད་སྐྱོང་མཆོག་སུད་སི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་ནག་གི་གནོན་ཤུགས་འོག་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཞིག་ཨ་ཕི་རི་ཀའི་རྒྱལ་ཁབ་ཞིག་ནས་ཕྱིར་འབུད།
  • རྒྱལ་སྲུང་བློན་ཆེན་ Rajnath Singh མཆོག་གིས་རྒྱ་གར་གྱི་རྒྱ་ནག་ལ་ནམ་ཡང་མགོ་དགུར་གྱི་མ་རེད་གསུངས་འདུག
  • བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་དང་འབྲེལ་བར་བརྒལ་ཚོགས་གཙོ་འོས་འདེམས་གནང་འདུག

འཇར་མ་ནིའི་སྲིད་བློན་སྐུ་ཞབས་ Olaf Scholz མཆོག་གཟའ་འཁོར་འདིའི་ནང་རྒྱ་ནག་ཏུ་ཉིན་གསུམ་རིང་གཞུང་འབྲེལ་ཕྱོགས་བསྐྱོད་དང་འབྲེལ་སྲིད་འཛིན་ཞི་ཅིན་ཕིང་དང་མཇལ་འཕྲད་གནང་གི་ཡོད་པ་ལྟར། བོད་གཙོས་པའི་ཧོང་ཀོང་དང་ཤིན་ཅང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གཅིག་ནས་ཁོང་ལ་མཉམ་འབྲེལ་ཐོག་ཞུ་ཡིག་ཞིག་ཕུལ་ཏེ་ཕྱོགས་བསྐྱོད་དེའི་ཁྲོད་བོད་དོན་གཙོས་འགྲོ་བ་མིའི་ཐོབ་ཐང་གླེང་དགོས་པའི་ཞུ་སྐུལ་གནང་འདུག

Germany Meet China

དེའང་འཇར་མ་ནིའི་སྲིད་བློན་སྐུ་ཞབས་ Olaf Scholz མཆོག་ཡུལ་དེའི་བློན་ཆེན་གསུམ་དང་ཚོང་འབྲེལ་གྱི་སྐུ་ཚབ་ཚོགས་ཁག་ཞིག་སྣེ་འཁྲིད་ཀྱིས། ཟླ་བ་འདིའི་ཚེས་༡༣ ནས་༡༦ བར་ཉིན་གྲངས་གསུམ་རིང་རྒྱ་ནག་ཏུ་ཕྱོགས་བསྐྱོད་གནང་གི་ཡོད་པ་མ་ཟད། ཕྱི་ཚེས་ ༡༦ ཉིན་རྒྱ་ནག་གི་ཞི་ཅིན་ཕིང་དང་སྲིད་བློན་ Li Qiang དང་ལྷན་དུ་མཇལ་འཕྲད་གནང་གི་ཡོད་པ་རེད།

གོ་སྐབས་དེ་དང་བསྟུན་ཁ་སང་འཇར་མ་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ Tibet Initiative Deutchland དང་། འཇར་མ་ནིའི་ཧོང་ཀོང་རྒྱབ་སྐྱོར་ཚོགས་པ། འཇར་མ་ནིའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། དེ་བཞིན་རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་ལ་སོགས་པའི་སྤྱི་དམངས་ཚོགས་སྡེ་ཁག་གཅིག་ནས་སྐུ་ཞབས་ Olaf Scholz མཆོག་ལ་ཟུང་སྦྲེལ་གྱིས་ཞུ་སྐུལ་ཕྱག་བྲིས་ཞིག་སྐུར་གནང་འདུག

ཞུ་སྐུལ་དེའི་ནང་བོད་དང་། ཡུ་གུར། ཧོང་ཀོང་། སོག་པོ། དེ་བཞིན་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་པའི་སྐོར་སེམས་འཁུར་གྱིས་གླེང་སློང་བྱ་དགོས་པའི་ཞུ་སྐུལ་གནང་བ་མ་ཟད་། འཇར་མ་ནིའི་ནང་གནས་སྡོད་བོད་མི་དང་། ཡུ་གུར་གྱི་མི་མང་། ཧོང་ཀོང་མི་མང་། རྒྱ་ནག་མི་མང་སོགས་ཀྱི་གཞི་རྩའི་ཐོབ་ཐང་ཐད་ཞུ་གཏུགས་བྱ་དགོས་པའི་ཞུ་སྐུལ་ཡང་གནང་འདུག

Germany Meet China

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཞུ་སྐུལ་དེའི་ནང་། སྲིད་བློན་མཆོག་ནས་རྒྱ་གཞུང་ལ་བོད་ནང་གི་བཅའ་སྡོད་སློབ་གྲྭ་གང་མྱུར་སྒོ་བརྒྱབ་དགོས་པ་དང་། དམིགས་བསལ་གྱི་བོད་ཁམས་སྡེ་དགེའི་གཙོས་པའི་ས་ཁུལ་གཞན་ནང་བོད་མི་བཙན་ཤེད་ཀྱིས་གནས་སྤོ་རིགས་མཚམས་འཇོག་དགོས་པ། ཆོས་དད་རང་དབང་དགོས་པ། བཙན་པོས་མནར་གཅོད་ཀྱིས་འཛིན་བཟུང་བཀག་ཉར་མཚམས་འཇོག་དགོས་པ། དེ་བཞིན་བོད་རྒྱ་གྲོས་མོལ་སླར་གསོ་དགོས་པ་སོགས་ཀྱི་དགོས་འདུན་བཏོན་དགོས་པའི་འགྲེལ་བརྗོད་གནང་འདུག

གཞི་རྩའི་སྐུ་ཞབས་ Scholz མཆོག་གི་ད་ལྟའི་རྒྱ་ནག་ཏུ་ཕྱོགས་བསྐྱོད་དེ་ཁོང་ཡུལ་དེའི་སྲིད་བློན་ཆགས་པའི་རྗེས་ཐེངས་གཉིས་པ་ཆགས་ཀྱི་འདུག་ལ། ཁོང་ཞི་ཅིན་ཕིང་དང་རྒྱ་ནག་བློན་ཆེན་ Li Qiang གཉིས་ལྷན་དུ་པེ་ཅིང་དུ་ཟླ་འདིའི་ཚེས་ ༡༦ ཉིན་མཇལ་འཕྲད་གནང་གི་ཡོད་པ་མ་ཟད། ཁོང་ནས་ཕྱོགས་བསྐྱོད་དེའི་ཁྲོད་རྒྱ་ནག་གི་ Chongqing དང་Shanghai གྲོང་ཁྱེར་དུ་ཆེད་ཕེབས་ཀྱིས་ཚོང་ལས་མི་སྣ་ཁག་དང་མཇལ་མོལ་དང།  དེ་བཞིན Shanghai  མཐོ་རིམ་སློབ་གྲྭར་གཏམ་བཤད་སོགས་བྱེད་འཆར་ཡོད་པ་རེད་འདུག

འཇར་མ་ནིའི་སྲིད་བློན་སྐུ་ཞབས་ Scholz མཆོག་གིས་ཐེངས་འདིའི་རྒྱ་ནག་ནང་གི་ཕྱོགས་བསྐྱོད་སྐབས་ཚོང་འབྲེལ་གྱི་སྐུ་ཚབ་ཚོ་ཁག་ཞིག་སྣེ་འཁྲིད་གནང་བ་མ་ཟད། འཇར་མ་ནིའི་ཁོར་ཡུག་བློན་ཆེན་ Steffi Lemke དང་སོ་ནམ་བློན་ཆེན་ Cem Özdemir དེ་བཞིན་འགྲིམ་འགྲུལ་བློན་ཆེན་ Volker Wissing བཅས་མཉམ་འཁྲིད་གནང་ཡོད་པ་དང་། དཔྱད་ཞིབ་པ་རྣམས་ཀྱིས་ཁོང་གིས་ད་རེས་ཀྱི་ཕྱོགས་བསྐྱོད་དེའི་ཁྲོད་འཇར་མ་ནིས་དེ་སྔོན་རྒྱ་ནག་ཐོག་འཛིན་པའི་འཁྲེགས་བཟུང་གི་སྲིད་བྱུས་ཅུང་གུ་ཡང་གཏང་རྒྱུའི་ཐབས་ཤེས་གནང་འཆར་ཡོད་པ་གསུངས་འདུག

སྤྱིར་འཇར་མ་ནིས་རྒྱ་ནག་ལས་ལྡོག་སྟེ་རྒྱལ་སྤྱིའི་ཁྲོམ་ར་གཞན་དུ་རང་གི་ཚོང་ལས་སྤོ་ཆེད་འགྱུར་བ་གཏོང་བའི་ཐབས་ཤེས་གང་ཙམ་བྱས་ཡོད་ནའང་ཚོང་ལས་ཀྱི་ཐོན་རྫས་དང་རྒྱུ་ཆ་མང་དག་ཞིག་གི་གནས་སྟངས་འོག་ད་དུའང་རྒྱ་ནག་གཞུང་ལ་བརྟེན་དགོས་པ་ German Economic Institute འམ་འཇར་མ་ནིའི་དཔལ་འབྱོར་ལྟེ་གནས་ཁང་གིས་ཞིབ་འཇུག་སྙན་ཐོ་ལས་མངོན་གསལ་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།