Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་དབུ་འཛུགས།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

དེ་རིང་ཟླ་ ༤ ཚེས་ ༡༠ ཉིན་སྔ་དྲོ་བཞུགས་སྒར་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་ཐང་ཆེན་དུ་བཙན་བྱོལ་ནང་གི་ལྷ་མོ་ཚོགས་པ་བཅིུས་ལྷན་ཞུགས་ཀྱིས་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་དབུ་འཛུགས་གནང་སོང་།

Shoton 27

དེ་རིང་བོད་ཀྱི་ཞོ་སྟོན་གྱི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་མཐར་ལམ་སྒྲོལ་མ་མཆོག་གཉིས་ཀྱི་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཟུར། ཉེ་འཁོར་སློབ་གྲྭ་ཁག་ཅིག་གི་དགེ་སློབ། བཞུགས་སྒར་དུ་བཅའ་བཞུགས་སེར་སྐྱ་མང་ཚོགས་སོགས་རྒྱས་འཛོམས་གནང་འདུག

མཛད་སྒོའི་ཐོག་མར་བོད་ཀྱི་ལྷ་མོའི་སྲོལ་འབྱེད་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སྐུ་བརྙན་དོ་རའི་ནང་གདན་ཞུ་དང་སྦྲགས་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་བོད་ཀྱི་ཞོ་སྟོན་ངོ་སྤྲོད་གསུང་བཤད་དང་། དེ་རྗེས་ཉིན་འཁྱོངས་རིང་ཕྱོགས་མཐའ་ཁག་ནས་ཕེབས་པའི་ལྷ་མོ་ཚོགས་པ་དེ་དག་ནས་གཟུགས་ཀྱི་ཉི་མ་དང་རྒྱལ་པོ་དྲི་མེད་ཀུན་ལྡན། འགྲོ་བ་བཟང་མོ། དེ་བཞིན་ཆོས་རྒྱལ་ནོར་བཟང་ལ་སོགས་ལྷ་མོའི་གཞུང་ཁག་གི་གཟིགས་ཕུད་རྣམས་མང་ཚོགས་ལ་གཟིགས་འབུལ་ཞུས་སོང་།

Shoton 27

དེ་རིང་གི་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ་མཆོག་གིས་འདི་ག་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་གནང་སྐབས་བོད་ཀྱི་ལྷ་མོའི་འཁྲབ་གཞུང་འདི་ནི་བོད་མི་རྣམས་ཀྱིས་གདེང་སྤོབས་གནང་འོས་ཀྱི་ཐུན་མིན་རིག་གཞུང་རྙིང་གྲས་ཞིག་ཆགས་ཀྱི་ཡོད་པ་དང་། བཙན་བྱོལ་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་སོགས་སླར་གསོ་དང་ལྷ་གཞུང་སྒྱུ་སྩལ་དེ་ཉིད་ད་བར་དར་ཁྱབ་ཆེན་པོ་བྱུང་ཡོད་པ་དེ་དག་ནི་༸གོང་ས་མཆོག་གི་བཀྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་གསུངས་སོང་བ་དང་ཆབས་ཅིག བོད་ཀྱི་ཐུན་མིན་ལྷ་མོའི་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཐད་ལ་བོད་མི་རྒན་གཞོན་ཚང་མས་ཐུགས་འགན་བཞེས་དགོས་པར་ལམ་སྟོན་གནང་སོང་།

Shoton 27

དེ་རིང་དབུས་འཛུགས་གནང་བའི་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ འདི་ཟླ་བ་འདིའི་ཕྱི་ཚེས་ ༢༢  བར་ཁྱོན་ཉིན་གྲངས་ ༡༢  རིང་ཚོགས་ཀྱི་ཡོད་པ་དང་། དེའི་ཐོག་ཨ་རི་གཙོས་པའི་རྒྱ་བལ་གཉིས་ཀྱི་ནང་ཡོད་པའི་བཙན་བྱོལ་བོད་མིའི་ལྷ་མོའི་ཚོགས་པ་བཅུ་གཉིས་ཡོད་པ་ལས་ཀ་སྦུག་ལྷ་མོ་ཚོགས་པས་འགྲོ་བ་བཟང་མོ་དང་། བལ་ཡུལ་ལྷ་མོའི་ཚོགས་པས་ཆོས་རྒྱལ་དྲི་མེད་ཀུན་ལྡན། དྷ་སྟེང་བོད་ཁྱིམ་དང་ལྕགས་ཟམ་ལྷ་མོ་ཚོགས་པ་གཉིས་ནས་གཟུགས་ཀྱི་ཉི་མ། མན་སྦར་ལྷ་མོ་ཚོགས་པས་རྒྱལ་པོ་འཇིག་རྟེན་དབང་ཕྱུག ཀོ་ལེ་གྷལ་དང་བྷན་དྷ་ར་ལྷ་མོ་ཚོགས་པས་གཅུང་པོ་དོན་ཡོད་དང་དོན་གྲུབ། ཅོན་ཏ་རཱ་བོད་ཁྱིམ་ནས་རྗེ་བཙུན་མི་ལ་རས་པ།  སྦེལ་ཀོབ་ལྷ་མོ་ཚོགས་པས་ཁྱིའི་པདྨ་འོད་འབར། མོན་གྷོ་ལྷ་མོ་ཚོགས་པས་ལྷ་གཞུང་ཆོས་རྒྱལ་ནོར་བཟང། མ་སུ་རི་ལྷ་མོ་ཚོགས་པས་མཁན་སློབ་ཆོས་གསུམ་བཅས་གཟིགས་འབུལ་ཞུ་རྒྱུ་མ་ཟད། ཕྱི་ཚེས་ ༢༢ ཉིན་བོད་ཀྱི་ཟློས་གར་ཚོགས་པས་ལྷ་གཞུང་རྒྱལ་སྲས་དད་པ་བརྟན་པ་འཁྲབ་སྟོན་ཞུ་གཏན་ཁེལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།