Tibetan Royal Year of 2151 | Year of the Wood Dragon

ཡོ་རོབ་ཀྱི་དབུ་ཁྲིད་རྣམས་ལ་ཡོང་རྒྱུའི་འོས་བསྡུ་དང་བསྟུན་བོད་དོན་ཞུ་སྐུལ།

Tibetan News Headlines

  • Dalai Lama’s former envoy slams China’s remarks on Tibet talks, says authoritarian rule won’t last long
  • Blinken raises human rights abuses in Tibet and East Turkestan with China
  • Gyari Dorjee Youdon, a Tibetan who revolted against invading Chinese forces, cremated in Mindroling
  • China building new township in Lhokha amidst Tibet-border build-up

རེས་གཟའ་མིག་དམར། ༢༠༢༤།༠༤།༣༠

  • རྒྱ་ནག་གི་མཁྲེགས་འཛིན་སྲིད་བྱུས་རྒྱུན་རིང་པོར་གནས་ཐུབ་ཐབས་མེད་པ་གསུངས་འདུག
  • Blinken གྱིས་རྒྱ་གཞུང་དང་མཉམ་བོད་དང་ཤིན་ཅང་སྐོར་གླེང་སློང་གནང་ཡོད་པ་གསུངས་འདུག
  • བོད་ཀྱི་དཔའ་མོ་རྒྱ་རི་རྡོ་རྗེ་གཡུ་སྒྲོན་ལགས་ཀྱི་སྐུ་ཕུང་སྨིན་སྒྲོལ་གླིང་དགོན་པར་ཞུགས་འབུལ།
  • རྒྱ་ནག་གིས་འཕགས་བོད་མཐའ་མཚམས་ཉེ་འཁྲིས་ལྷོ་ཁའི་ནང་གྲོང་ཚོ་གསར་རྒྱག

ཡོ་རོབ་གྲོས་ཚོགས་ཀྱི་འོས་བསྡུ་སླེབས་ལ་ཉེ་བའི་དུས་སྐབས་དང་བསྟུན་བོད་དོན་ཆེད་དུ་ཡོ་རོབ་ཅེས་པའི་བོད་དོན་ཞུ་སྐུལ་གྱི་ལས་འགུལ་དབུ་འཛུགས་གནང་འདུག

དེ་ཡང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་མཐུན་འགྱུར་འོག ཡོ་རོབ་ཏུ་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ཁག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཟུང་སྦྲེལ་གྱི་གོ་སྒྲིག་འོག ཁ་སང་ཡོ་རོབ་ཀྱི་གྲོས་ཚོགས་འཐུས་མི་ཁག་གཅིག་ལྷན་འཛོམས་ཀྱིས་བོད་མིའི་སྐུ་ཚབ་དང་ཡོ་རོབ་གྲོས་ཚོགས་འཐུས་མི་དབར་མཇལ་མོལ་གྱིས་བོད་དོན་ཆེད་དུ་ཡུ་རོབ་ཅེས་པའི་ལས་འགུལ་དངོས་སུ་དབུ་འབྱེད་གནང་འདུག་པ་དང་། ལས་འགུལ་དེ་བཞིན་ཡོ་རོབ་ཀྱི་དབུ་ཁྲིད་རྣམས་ལ་བོད་དོན་རྒྱབ་སྐྱོར་གྱི་ཞུ་སྐུལ་གནང་རྒྱུ་དང་སྦྲགས། ཡོང་རྒྱུ་བསྡད་པའི་ཡོ་རོབ་གྲོས་ཚོགས་ཀྱི་འོས་བསྡུའི་ནང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་གང་མང་ཡོང་རྒྱུའི་རེ་བ་དང་བོད་དོན་དེ་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་གཞིར་མུ་མཐུད་གནས་ཐབས་སུ་སྤེལ་བ་ཞིག་རེད་འདུག

Europe for Tibet

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་གའི་དྲ་གནས་ཐོག་སྤེལ་བའི་དེ་འབྲེལ་གནས་ཚུལ་ནང་གསལ་ལྟར་ན། ལས་འགུལ་དེའི་དྲ་ཚིགས་ eu4tibet.org ཞེས་པ་དེས་བོད་དོན་ཞུ་གཏུག་གནང་མཁན་གྱི་ཚོགས་པ་ཚང་མར་སྡིངས་ཆ་ཞིག་བསྐྲུན་པའི་ཐོག ཚོགས་པ་དེ་དག་གིས་ཕྱི་ལོ ༢༠༢༤ ལོའི་ཡོ་རོབ་གྲོས་ཚོགས་ཀྱི་འོས་མི་རྣམས་ནས་མ་འོངས་བོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། སྲིད་དོན་ཚོགས་པ་ཁག་ལ་བོད་ཀྱི་གནད་དོན་ཐོག་ལངས་ཕྱོགས་ཅི་ཡིན་འདྲི་རྩད་བྱ་རྒྱུའི་གོ་སྐབས་བསྐྲུན་ཡོད་པ་གསུངས་འདུག

ཁ་སང་ལས་འགུལ་དབུ་འབྱེད་ཐོག་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ Mikulas Peksa ལགས་དང་། Salima Yenbou ལགས། Ausra Maldeikiene ལགས། དེ་བཞིན་བེལ་ཇ་ཡམ་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་ཡན་ལག་གི་འགན་འཛིན་བཀྲས་མཐོང་དབང་པོ་ལགས་སོགས་ལྷན་ཞུགས་ཀྱིས་གསུང་བཤད་གནང་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ལས་འགུལ་དེ་དང་འབྲེལ། གལ་ཏེ་བོད་དོན་རྒྱབ་སྐྱོར་གྱི་ཞུ་སྐུལ་དེ་བཞིན་ལམ་ལྷོངས་བྱུང་ཚེ་ཡོ་རོབ་གྲོས་ཚོགས་ངོས་ནས་རྒྱ་གཞུང་གིས་ཡོ་རོབ་མངའ་སྡེ་ཁག་ནང་ཐེ་བྱུས་ཀྱིས་གནས་སྡོད་བོད་མི་རྣམས་ཀྱི་བདེ་འཇགས་ལ་དོ་ཕོག་བྱེད་བཞིན་པ་འགོག་ཐུབ་ལ།ཡོ་རོབ་གྲོས་ཚོགས་ནས་འགྲོ་བ་མིའི་ཐོབ་དང་རྒྱལ་སྤྱིའི་རྩ་ཁྲིམས་དེ་བཞིན་མང་གཙོ་དང་རིག་གཞུང་སྣ་མང་ལ་གུས་བརྩི་ལྡན་པའི་ལྟ་གྲུབ་འཛིན་བཞིན་ཡོད་པ་མངོན་གསལ་དང་སྦྲགས། རྒྱ་གཞུང་གི་བཙན་གནོན་འོག་ཡོད་པའི་བོད་མི་ཞི་རྒོལ་བ་རྣམས་ལ་རྒྱབ་སྐྱོར་གཙང་མ་ཡོད་པ་ར་སྤྲོད་བྱེད་ཐུབ་པ་ཡིན་ཞེས་བཀོད་འདུག

Europe for Tibet

རྩ་བའི་ཡོ་རོབ་གྲོས་ཚོགས་ངོས་ནས་རྒྱུན་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་རྒྱབ་སྐོར་གྱིས་གླེང་སློང་རབ་དང་རིམ་པ་གནང་ཡོད་ལ། འདས་པའི་ལོ་སུམ་ཅུའི་རིང་ཡོ་རོབ་གྲོས་ཚོགས་སུ་བོད་སྐོར་འཁོད་པའི་གྲོས་ཆོད་ཁག་ལྔ་བཅུ་ལྷག་ཙམ་བཏོན་ཡོད་པའི་ཁྲོད།  ཐོན་གསར་ཤོས་དེ་ནི་སྔ་ལོའི་ཕྱི་ཟླ་ ༡༢ ནང་རྒྱ་གཞུང་ནས་བོད་ནང་གི་གཏན་འཇགས་སློབ་གྲྭ་རྣམས་འཕྲལ་དུ་སྒོ་བརྒྱབ་དགོས་པའི་གྲོས་ཆོད་བཏོན་པ་དེ་ཡིན་པ་རེད། མ་ཟད་ཕྱི་ལོ་ ༡༩༨༨ ལོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་གྲོས་ཚོགས་སུ་ཆིབས་བསྒྱུར་གྱིས་བོད་ནང་ཞི་བདེ་དང་འགྲོ་བ་མིའི་ཐོབ་ཐང་བསྐྱར་གསོ་དང་འབྲེལ་ཞི་བའི་དོན་ཚན་ལྔ་གསལ་བསྒྲགས་སྐྱངས་བ་དེ་ནི་ཡོ་རོབ་མངལ་ཁུལ་གྱི་གྲོས་ཚོགས་ཤིག་ནས་༸གོང་ས་མཆོག་གདན་ཞུ་ཕུལ་བ་ཐོག་མ་དེ་ཆགས་ཡོད་པ་རེད།

གཞི་རྩའི་འདི་ལོ་ཕྱི་ཟླ་ ༦ པའི་ཚེས་ ༦ ནས་ ༩ བར་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༢༧ གྱི་མི་སེར་རྣམས་ནས་ཡོང་རྒྱུ་བསྡད་པའི་ལོ་ལྔའི་རིང་གི་ཡོ་རོབ་གྲོས་ཚོགས་འཐུས་མི་ ༧༢༠ འདེམས་སྒྲུག་བྱ་རྒྱུ་ཡིན་པ་དང་།  འོས་བསྡུ་དེའི་ཁྲོད་ཡོ་རོབ་གྲོས་ཚོགས་སུ་ཚོགས་མི་ཕྱེད་ཀ་ལས་མང་བ་འཐུས་མི་གསར་པ་ཤ་སྟག་ཡོང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

གཤམ་ལ་འདི་ག་རླུང་འཕྲིན་ཁང་གིས་ Brussels བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་སུ་གྲོས་ཚོགས་འཐུས་མིའི་འོས་མི་རྣམས་ལ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་དེའི་གནད་འགག་དང་སྒོས་སུ་ཡོ་རོབ་གྲོས་ཚོགས་ཀྱིས་བོད་ཐོག་འཛིན་པའི་སྲིད་བྱུས་བཅས་ཀྱི་སྐོར་ལ་བཀའ་དྲི་ཞུས་པ་ཞིག་གོང་གི་སྒྲ་སྒམ་ནས་གསན་རོགས་གནང་།

འབྲེལ་ཡོད་གསར་གནས།

གསར་གནས།