༸གོང་ས་མཆོག་གིས་ས་ག་ཟླ་བ་དང་བསྟུན་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་དགོས་པ་བཀའ་སྩལ་བ།

Tibetan News Headlines

  • Dalai Lama Calls for Reason and Compassion Irrespective of Belief in God
  • Lamdark Rinpoche, Tibetan Lama Who Returned to Kham After Exile and Worked with the 10th Panchen Lama, Passes Away in Chengdu
  • The 43rd Sakya Trizin Meets Australian Federal Minister for Finance, inaugurates Temple of Peace
  • China Releases Tibetan Political Prisoner Yeshi Sangpo After 18 Years; His Health Severely Deteriorated
  • Xi Tells Taiwan Opposition Leader That People on Both Sides of the Strait Are Chinese in Rare Meeting
  • CBSE Orders Immediate Introduction of Third Language From Class 6

ཪེས་གཟའ་པ་སངས། ༢༠༢༦།༠༤།༡༠

  • དཀོན་མཆོག་ཡོད་མེད་ལ་མ་ལྟོས་པར་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འཛམ་གླིང་ཞི་བདེ་བསྐྲུན་དགོས་གལ་ཡིན་པ་བཀའ་སྩལ།
  • ༸སྐྱབས་རྗེ་ལམ་བྲག་རྡོ་རྗེ་འཆང་བླ་བྲང་གཟིམ་ཤག་ཏུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
  • ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད།
  • ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག་ཀྱང་གཟུགས་གཞིའི་གནས་བབ་ཞེན་པོར་གྱུར་འདུག
  • རྒྱ་ནག་གི་ངོས་ནས་ཐའེ་ཝན་གྱི་རང་བཙན་ཞེས་པ་དེ་བཟོད་ཐབས་བྲལ་བ་ཞིག་ཡིན་པ་བཤད་འདུག
  • རྒྱ་གར་ CBSE ལྷན་ཚོགས་ཀྱིས་ཁྱབ་ཁོངས་སློབ་གྲྭའི་ནང་སྐད་ཡིག་གསུམ་པ་ཞིག་འཕྲལ་དུ་སློབ་ཁྲིད་འགོ་འཛུགས་དགོས་པའི་བཀོད་ཁྱབ་བཏང་འདུག

དེ་རིང་ཕྱི་ཟླ་ ༥ ཚེས་ ༩ སྟེ། བོད་ཟླ་ ༤ པ་ས་ག་ཟླ་བ་འམ་འབུམ་འགྱུར་ཟླ་བ་ཞེས་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་དང་། མངོན་པར་རྫོགས་པ་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་བཅས་དུས་ཆེན་གསུམ་འཛོམས་ཁེལ་གྱི་ཡོད་པ་དང་བསྟུན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གསུང་འཕྲིན་ཞིག་སྩལ་བའི་ནང་། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་ཆོས་གྲོགས་ཚང་མས་སྙིང་རྗེ་དང་བརྩེ་བ་ཉམས་ལེན་གྱི་སྒོ་ནས་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་དགོས་པ་བཀའ་སྩལ་འདུག

Photo: OHHDL

དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་གྱི་ཐོག་མར་སྟོན་པ་ཤཱཀྱ་ཐུབ་པ་རྒྱ་གར་དུ་བྱོན་ཏེ་ད་ཆ་ལོ་ངོ་ ༢༥༠༠ ཕྱིན་ཡོད་ཀྱང་། ཁོང་གིས་བསྟན་པའི་ཆོས་ཀྱི་སྙིང་པོ་དུས་ད་ལྟའང་འོས་ཤིང་འཚམ་པར་གནས་ཡོད་ཅེས་དང་། དེང་རབས་ཚན་རིག་གིས་ཕྱི་དངོས་པོའི་འཇིག་རྟེན་འདིར་གཏིང་ཟབ་ཀྱི་གོ་རྟོགས་ཤིག་བསྐྲུན་ཡོད་ཀྱང་། ནང་པའི་ཚན་རིག་གིས་ངོས་ནས་ལས་དང་པོ་བའི་གང་ཟག་ཅིག་གིས་སེམས་དང་ཚོར་བ་གཙོས་པའི་དེང་རབས་ཚན་རིག་གི་མི་རྟོགས་པའི་གནད་དོན་གསར་པ་མང་པོ་ཞིག་སེམས་ཐག་ཆོད་པོའི་སྒོ་ནས་ཞིབ་ཕྲའི་གོ་རྟོགས་སྤེལ་ཐབས་བྱེད་བཞིན་ཡོད་པས། མགོན་པོ་༸གང་ཉིད་མཆོག་གིས་དེང་རབས་ཚན་རིག་དང་ནང་པའི་ཚན་རིག་གཉིས་ཀྱི་ཐབས་ལམ་ཟུང་འབྲེལ་གྱིས་ལུས་དང་སེམས་དེ་བཞིན་སྤྱི་ཚོགས་ཀྱི་བདེ་དོན་གོང་འཕེལ་དུ་གཏོང་བའི་ནུས་པ་གསར་རྙེད་ཐུབ་རྒྱུའི་ཐུགས་རེ་མཛད་བཞིན་ཡོད་ཅེས་བཀའ་སྩལ་འདུག

༸གོང་ས་མཆོག་གིས་ད་དུང་། ནང་པའི་དགེ་འདུན་པ་ཞིག་ཡིན་པའི་ཆ་ནས་མགོན་པོ་༸གང་ཉིད་མཆོག་ན་ལེན་ཌ་ཆོས་བརྒྱུད་ཀྱི་རྗེས་འཛིན་ཞིག་ཏུ་ངོས་འཛིན་མཛད་ཀྱི་ཡོད་ཅིང་། རྒྱ་གར་དུ་ནང་ཆོས་ཤུགས་ཆེར་ཁྱབ་གདལ་དུ་སོང་བ་ནི་དེ་སྔ་ན་ལེན་ཌ་མཐོ་སློབ་ཏུ་ནང་ཆོས་བསླབ་པ་སློབ་གཉེར་བྱས་པར་བརྟེན་བྱུང་བ་ཞིག་ཡིན་པས། གལ་ཏེ་དུས་རབས་ཉེར་གཅིག་པའི་ནང་པའི་དགེ་འདུན་པ་ཞིག་ཡིན་ཚེ་དད་པ་རྐྱང་པ་ཙམ་གྱིས་མི་ཆོག་པར་སངས་རྒྱས་ཀྱི་ཆོས་ལ་སློབ་གཉེར་དང་དཔྱད་པ་བྱ་རྒྱུ་གལ་ཆེ་བ་ཡིན་ཞེས་བཀའ་སྩལ་འདུག

མ་ཟད་ས་ག་ཟླ་བ་ནི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་མཆོག་ལུམ་བི་ནིར་སྐུ་བལྟམས་པ་དང༌། གནས་མཆོག་རྡོ་རྗེ་གདན་དུ་སངས་རྒྱས་པ། རྩྭ་མཆོག་གྲོང་དུ་མྱ་ངན་ལས་འདས་པ་བཅས་དུས་ཆེན་གསུམ་འཛོམས་ཀྱི་ནང་པའི་དུས་ཆེན་རྩ་ཆེ་ཤོས་ཤིག་ཡིན་སྟབས། དུས་བཟང་འདི་དང་བསྟུན་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་ནང་པའི་ཆོས་གྲོགས་ཚོར་སྙིང་རྗེ་དང་བརྩེ་བ་ཉམས་ལེན་གྱིས་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་དགོས་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག

HHDL sakadawa

གཞི་རྩའི་ནང་པ་གནས་སྡོད་འཛམ་གླིང་ས་ཕྱོགས་གང་སར་ས་ག་ཟླ་བའི་ཉིན་ཆོས་ཕྱོགས་ཀྱི་དགེ་བའི་གནང་སྒོ་ཁག་རྒྱ་ཆེར་གནང་བཞིན་ཡོད་པ་དང་འབྲེལ། ཁ་སང་གནམ་གང་ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་རྟེན་གཙོ་སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་སྐུ་བརྙན་དེ་བཞིན། ལོ་ལྟར་བཞིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དུང་སྒྲུབ་ཀྱི་རྟེན་གཙོར་གདན་འདྲེན་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།