Tibetan Royal Year of 2151 | Year of the Wood Dragon

Uttarakhand མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་ཆེད་ཕེབས་གནང་སོང་།

Tibetan News Headlines

  • Dalai Lama’s 89th birthday marked in French Senate
  • UN Member States urged to press Beijing on UPR recommendations
  • 2nd International Tibet Youth Forum concludes
  • Labor Party wins UK General Election; Keir Starmer succeeds Sunak as next British PM

རེས་གཟའ་པ་སངས། ༢༠༢༤།༠༧།༠༥

  • ཧྥ་རན་སིའི་གྲོས་ཚོགས་སུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་དང་སོག་ཡུལ་དུ་སྙིང་རྗེའི་དུས་སྟོན་སྒོ་ནས་འཁྲུངས་སྐར་བསུ་བརྩི་ཞུ་རྒྱུ།
  • རྒྱལ་ཚོགས་ངོས་ནས་དུས་བཀག་བསྐྱར་ཞིབ་ཀྱི་རྒྱབ་གཉེར་ཐད་རྒྱ་ནག་ལ་གནོན་ཤུགས་ཇེ་ཆེར་སྤྲོད་དགོས།
  • རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པ་མཇུག་སྒྲིལ།
  • ཨིན་ཡུལ་འོས་བསྡུའི་ནང་ངལ་རྩོལ་ཚོགས་པར་རྒྱལ་ཁ་ཐོབ་པ།

ཨུ་ཏར་ཁྷནྜ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Pushkar Singh Dhami མཆོག་རྡེ་ར་རྡུན་གྱི་བོད་མིའི་གཞིས་ཆགས་དོན་གྲུབ་གླིང་ Clement Town དུ་ཆེད་ཕེབས་གནང་སོང་བ་དང་།   སྐབས་དེར་ཁོང་ནས་ས་གནས་ཀྱི་མི་མང་ཚོར་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་གནད་དང་ཤིང་སྣ་འདེབས་འཛུགས་བྱེད་དགོས་པའི་ལམ་སྟོན་འབོད་སྐུལ་གནང་ཡོད་པ་དང་འབྲེལ།   བོད་མིའི་ཚོགས་སྡེ་ཁག་ནས་བློན་ཆེན་ཁོང་ལ་ས་གནས་ཀྱི་དཀའ་ངལ་ཁག་གཅིག་གི་ཐོག་རོགས་སྐྱོར་ཞུ་རྒྱུའི་གོ་སྐབས་སོགས་བྱུང་ཡོད་པ་རེད།

Uttarakhand CM visit

དེ་ཡང་ཁ་སང་ཪེས་གཟའ་ཉི་མའི་ཉིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་རྒྱ་གར་གྱི་སྲིད་བློན་མོ་དི་མཆོག་གི་ Mann Ki Baat འམ་སེམས་ཀྱི་སྐད་ཆ་ཞེས་བརྙན་འཕྲིན་བརྒྱུད་ལམ་ཐོག་ནས་མང་ཚོགས་ལ་གཏམ་བཤད་བྱེད་པའི་ལེ་ཚན་དེ་གོང་སྤེལ་ཆེད་དུ་ཕེབས་གནང་ཡོད་པ་དང་། དོན་གྲུབ་གླིང་བོད་མིའི་གཞིས་ཆགས་ཀྱི་ཚོགས་ཁང་དུ་སྲིད་བློན་མོ་དི་མཆོག་གི་ Mann Ki Baat ཞེས་པའི་ལེ་ཚན་ ༡༡༡ པ་དེ་མང་ཚོགས་ལ་གཟིགས་འབུལ་དང་སྦྲགས།  སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Pushkar Singh Dhami མཆོག་གིས་མང་ཚོགས་ངོས་ནས་སྲིད་བློན་མོ་དི་མཆོག་གི་ཐུགས་ཀྱི་དགོངས་གཞི་གཞིར་བཟུང་མངའ་སྡེའི་ནང་ཤིང་སྣ་འདེབས་འཛུགས་སོགས་ཀྱི་ཁོར་ཡུག་དང་འབྲེལ་བའི་ལས་དོན་རྒྱ་གང་ཆེ་སྤེལ་དགོས་པ་སོགས་ཀྱི་འབོད་སྐུལ་ཞུས་ཡོད་པ་རེད། 

Uttarakhand CM visit

སྐབས་དེའི་མཛད་སྒོའི་ཐོག་རྡེ་ར་རྡུན་ཁུལ་གྱི་བོད་མིའི་ས་གནས་འགོ་འཛིན་གྱི་དབུས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་ནས་སྤྱི་ཁྱབ་བློན་ཆེན་མཆོག་ལ་མཚམས་འདྲིའི་མཇལ་དར་དང་ཕྱག་རྟགས་བཅས་པ་འབུལ་བཞེས་གནང་ཡོད་པ་མ་ཟད།   ས་གནས་སྨིན་སྒྲོལ་གླིང་དགོན་པའི་དྲུང་ཡིག་ཕུན་ཚོགས་ཀྱི་འགྲེལ་བརྗོད་གནང་དོན་ལྟར་ན།   ཁོང་ཚོའི་ངོས་ནས་ད་རེས་སྤྱི་ཁྱབ་བློན་ཆེན་མཆོག་ས་གནས་སུ་ཕེབས་པའི་གོ་སྐབས་དང་བསྟུན།  ཡིག་ངག་གཉིས་ཀྱི་ཐོག་ནས་ས་གནས་ཀྱི་དཀའ་ངལ་ཁག་གཅིག་སྙན་སེང་ཞུ་རྒྱུའི་གོ་སྐབས་བྱུང་ཅེས་གསུངས་ཀྱི་འདུག། 

གཞི་རྩའི་ Clement Town འམ་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་དེ་ Buddha Temple ཞེས་རྡེ་ར་རྡུན་ཁུལ་གྱི་ཡུལ་སྐོར་སྤྲོ་འཆམ་བྱེད་སའི་ལྟེ་གནས་གྲས་ཤིག་ཏུ་ངོས་འཛིན་གནང་གི་ཡོད་ཀྱང་།    ས་གནས་ཀྱི་མང་ཚོགས་ཁག་གཅིག་གི་གསུངས་དོན་བྱས་ན།  གཞིས་ཆགས་དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དངོས་སུ་ཕེབས་པ་ད་རེས་ཐེངས་དང་པོ་ཡིན་པ་རེད་འདུག

Uttarakhand CM visit

འབྲེལ་ཡོད་གསར་གནས།

གསར་གནས།