བཞུགས་སྒར་དུ་གོ་སྟོན་སིལ་སྤོལ་རྩེད་འགྲན་གོ་སྒྲིག་ཞུས་པ།

Tibetan News Headlines

  • Art & Culture: In Conversation with Tibetan Actor, Musician and Producer Tsering Dorjee Bawa

ཪེས་གཟའ་ཉི་མ། ༢༠༢༦།༡༡།༠༨

  • སྒྱུ་རྩལ་བ་ཚེ་རིང་འབའ་བ་ལགས་དང་གླེང་མོལ།

འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་དང་བསྟུན། བཞུགས་སྒར་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག་གོ་སྟོན་སིལ་སྤོལ་རྩེད་འགྲན་ཞིག་གོ་སྒྲིག་ཞུས་འདུག་པ་དང་། གོ་སྟོན་སིལ་སྤོལ་རྩེད་འགྲན་དེའི་ཁྲོད་བུའི་ Matadors རུ་ཁག་དང་བོུའི་ Munsel མུན་སེལ་རུ་ཁག་གཉིས་ལ་མཐའ་མའི་རྒྱལ་ཁ་ཐོབ་སོང་།

བཞུགས་སྒར་དུ་གོ་སྟོན་སིལ་སྤོལ་རྩེད་འགྲན་གོ་སྒྲིག་ཞུས་པ།

དེ་ཡང་རྩེད་འགྲན་འདི་ཉིད་ཟླ་བ་འདིའི་ཚེས་ ༡༩ ནས་འགོ་འཛུགས་ཀྱིས་ཁ་སང་ཚེས་ ༢༥ ཉིན་མཇུག་བསྒྲིལ་གནང་ཡོད་ཅིང་། རྩེད་འགྲན་དེའི་ཐོག་མཉམ་ཞུགས་གནང་མཁན་ནང་བུའི་རུ་ཁག་ ༡༡ བྱུང་ཡོད་པ་དང་བུ་མོའི་རུ་ཁག་ ༣ བྱུང་བའི་ཁྲོད། ཁ་སང་མཐའ་མའི་རྩེད་འགྲན་སྐབས་བུའི་ Matadors རུ་ཁག་དང་གངས་ཅན་པ་རུ་ཁག་གཉིས་འགྲན་རྩོད་གནང་སྟེ། སྤོ་ལོ་གྲངས་ ༤༧ དང་ ༤༣ བཅས་ Matadors རུ་ཁག་ལ་མཐའ་མའི་རྒྱལ་ཁ་དེ་ཐོབ་ཡོད་པ་རེད། དེ་བཞིན་བུ་མོའི་རུ་ཁག་ནས་ MTK ཞེས་སྨན་རྩིས་ཁང་གི་རུ་ཁག་དང་མུན་སེལ་རུ་ཁག་གཉིས་འགྲན་རྩོད་གནང་སྟེ། སྤོ་ལོའི་གྲངས་ ༡༩ དང་ ༣༡ བཅས་མཐའ་མའི་རྒྱལ་ཁ་དེ་མུན་སེལ་རུ་ཁག་ལ་ཐོབ་སོང་།

བཞུགས་སྒར་དུ་གོ་སྟོན་སིལ་སྤོལ་རྩེད་འགྲན་གོ་སྒྲིག་ཞུས་པ།

རྩ་བའི་ཁ་སང་ཕྱི་ཚེས་ ༢༥ ཉིན་རྩེད་འགྲན་དེའི་མཇུག་སྡོམ་མཛད་སྒོའི་ཐོག་སྐུ་མགྲོན་གྱི་གཙོ་བོར་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་དང་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་ཚོགས་གཞོན་དབུས་པའི་གཟིགས་མོ་བ་མང་པོ་ཞིག་ལྷན་འཛོམས་གནང་འདུག་ཅིང་། མཛད་སྒོའི་ཐོག་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། རྩེད་འགྲན་གྱི་ཉིན་མཐའ་མར་གཟིགས་མོ་བའི་ཁོངས་སུ་མང་པོ་ཞིག་གཞོན་སྐྱེས་ཡིན་འདུག་པ་དང་། གཞོན་སྐྱེས་ཚོས་ལས་འགུལ་གང་སར་མཉམ་ཞུགས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

བཞུགས་སྒར་དུ་གོ་སྟོན་སིལ་སྤོལ་རྩེད་འགྲན་གོ་སྒྲིག་ཞུས་པ།

འདི་ག་རླུང་འཕྲིན་ཁང་གིས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འབྲེལ་མཐུད་པ་ངག་དབང་ཆོས་སྒྲོན་ལགས་སུ་རྩེད་འགྲན་དེའི་ངོ་སྤྲོད་དམིགས་ཡུལ་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་ཐེངས་འདིའི་སིལ་སྤོལ་རྩེད་འགྲན་གྱི་དམིགས་ཡུལ་གཙོ་བོ་ནི་འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ བདག་གིར་བཞེས་ཀྱི་ཡོད་པ་དང་། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༢༥ ཧྲིལ་པོ་འཁོར་བར་སྲུང་བརྩི་ཆེད་ཡིན་པ་འགྲེལ་བརྗོད་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།