བལ་ཡུལ་གིས་ཆུ་ལོག་རྐྱེན་ངན་དེ་གོ་ལའི་གནམ་གཤིས་འགྱུར་ལྡོག་རྐྱེན་གྱིས་ཡིན་པར་བསྐྱར་གསོ་རིམ་པ་དང་པོའི་ཆེད་ཨ་སྒོར་ཐེར་འབུམ་ ༥ རྩོད་ལེན་བྱེད་བཞིན་པ།

Tibetan News Headlines

  • Kharchu Pema Garbha Dharma Centre and All Himalayan Buddhists Salbari offers ‘Tenshug’ to the Dalai Lama
  • Tibetans Attempt to Stop Poaching by Chinese Police Officers; reprimanded by Local Officers
  • China Orders Removal of Former Abbot Lobsang Tenpa from Ragya Monastery’s Abbot Lineage
  • Chinese Authorities Coerce Tibetans in Ngari into Mandatory Road Construction
  • 2026 Tibet Forum Calls for Repeal of China’s Ethnic Unity Law in Five-Point Declaration
  • Chinese Official Sentenced to Death over Disclosure of State Secrets to Foreign Intelligence
  • Alalamo: New Gorshey Song “Kowa Laso” by Tenzin Yeshi  (Yema) and Tenzin Dolma

ཪེས་གཟའ་མིག་དམར། ༢༠༢༦།༡༡།༢༤

  • ༸གོང་ས་མཆོག་ལ་མཁར་ཆུ་པདྨ་གརྦྷ་ཆོས་ཚོགས་ཀྱི་ངོས་ནས་བརྟན་བཞུགས་བསྟར་འབུལ།
  • རྒྱ་མི་ཉེན་རྟོགས་པས་བོད་ཀྱི་སྟོང་ལ་ཉེ་བའི་རི་བདག་ལ་རྔོན་རྒྱག་པར་ས་གནས་བོད་མིས་ངོ་རྒོལ།
  • མགོ་ལོག་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་དགོན་པ་དེ་ཉིད་ཀྱི་མཁན་རབས་ནས་ཕྱིར་འཐེན་དགོས་པའི་བཙན་བཀའ་བཏང་འདུག
  • མངའ་རིས་ས་ཁུལ་གྱི་ཡུལ་མི་རྣམས་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་ནང་བཙན་སྐུལ་བྱེད་བཞིན་པ།
  • མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ཕྱིར་འཐེན་དགོས་པ་སོགས་ཀྱི་དོན་ཚན་ལྔ་གཏེན་འབེབས་ཐོག་ ༢༠༢༦ ལོའི་གངས་ལྗོངས་གླེང་སྟེགས་ཚོགས་འདུ་མཇུག་སྒྲིལ།
  • རྒྱལ་ཁབ་ཀྱི་གསང་བ་མཁོ་སྤྲོད་བྱས་རྐྱེན་རྒྱ་གཞུང་གི་ལས་བྱེད་ཅིག་ལ་སྲོག་ཐོག་ཁྲིམས་ཐག་བཅད་པ།
  • ཨ་ལ་ལ་མོ་ལེ་ཚན། སྒྱུ་རྩལ་བ་བསྟན་འཛིན་ཡི་ཤེས་ལགས་དང་ལྷན་ཀོ་བ་ལ་སོ་ཞེས་པའི་སྒར་གཞས་གསར་པའི་སྐོར་བཅར་འདྲི།

བོད་དང་བལ་ཡུལ་ས་མཚམས་སུ་ཆུ་ལོག་གི་རྐྱེན་ངན་བྱུང་རྗེས། བལ་ཡུལ་ནང་དུ་ད་བར་མི་གྲངས་སྟོང་ཕྲག་བརྒལ་བ་འདས་གྲོངས་དང་གར་སོང་ཆ་མེད་དུ་གྱུར་ཡོད་པ་མ་ཟད། འཛུགས་སྐྲུན་དང་ཁང་པ་སོགས་ལ་གོད་ཆག་ཤུགས་ཆེ་ཕོག་ཡོད་པར་བརྟེན། བལ་ཡུལ་གཞུང་ནས་གོད་ཆག་དེ་ནི་གོ་ལའི་གནམ་གཤིས་འགྱུར་ལྡོག་རྐྱེན་གྱིས་ཡིན་པར་གོད་ཆག་བསྐྱར་གསོའི་ལས་དོན་རིམ་པ་དང་པོ་ཆེད་རྒྱལ་སྤྱིའི་དཔའ་འབྱོར་སྡེ་ཁག་དང་འབྱོར་ལྡན་རྒྱལ་ཁབ་བཅས་ནས་ཨ་སྒོར་ཐེར་འབུམ་ ༥ རྩོད་ལེན་བྱེད་བཞིན་འདུག

དེ་ཡང་ཆུ་ལོག་གི་གནས་ཚུལ་བྱུང་བའི་ཁྲོད། བལ་ཡུལ་ནང་དུ་ཆུ་ཤུགས་གློག་ཁང་ ༡༢ དང་། རླང་འཁོར་དང་མི་འགྲོ་སའི་ཟམ་པ་ ༨༠ ཡས་མས། ཁང་པ་ ༧༥༠༠ ལྷག་དང་གཞུང་ལམ་སྤྱི་ལེ་ ༤༠ བརྒལ་བ་སོགས་ལ་གོད་ཆག་ཚབས་ཆེན་ཕོག་ཡོད་ཅིང་། བལ་ཡུལ་གྱི་ National Disaster Risk Reduction and Management Authority རྒྱལ་ཡོངས་གོད་ཆག་ཉེན་ཁ་སྟངས་འཛིན་ལས་ཁང་གི་གཙོ་འཛིན་ Dharma Raj Upreti དྷརྨ་རཱཇ་ཨུཔྲེ་དི་ལགས་ཀྱིས་བརྗོད་དོན་ལྟར་ན། གོད་ཆག་དེའི་ཁྲོད་ཁྱོན་བལ་སྒོར་ཐེར་འབུམ་ ༣༨༧་༥ (ཨ་སྒོར་ཐེར་འབུམ་ ༢་༥༦) གྱོང་གུན་ཐེབས་ཡོད་པ་མངོན་གསལ་གནང་འདུག

 Reuters རྒྱལ་སྤྱིའི་བརྒྱུད་ལམ་གྱི་གནས་ཚུལ་སྤེལ་བའི་ནང་དུ། བལ་ཡུལ་གཞུང་གི་འབྲེལ་ཡོད་ལས་བྱེད་ཅིག་གིས། བལ་ཡུལ་ནས་བདུན་ཕྲག་འདིའི་ནང་རྒྱལ་ཁབ་ཕྱུག་པོ་དང་རྒྱལ་སྤྱིའི་དཔའ་འབྱོར་སྡེ་ཁག་ལ་ཨ་སྒོར་ཐེར་འབུམ་ ༥ འཛུགས་སྐྲུན་བསྐྱར་གསོ་ཆེད་དུ་རོགས་རམ་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན་ཞིང་། གོད་ཆག་དེས་རྒྱལ་ཁབ་དབུལ་ཕོངས་ཁག་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་རྒྱུ་རྐྱེན་ཆེན་པོ་བཟོས་མེད་པ་དེ་ལྟར་ཡང་། དེའི་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་སྐོར་གསལ་སྟོན་བྱས་ཡོད་ཅེས་བརྗོད་འདུག

བལ་ཡུལ་རྒྱལ་ཡོངས་གོད་ཆག་ཉེན་ཁ་སྟངས་འཛིན་ལས་ཁང་གི་གཙོ་འཛིན་ནས། ཐོག་མའི་ཚོད་དཔག་བྱས་པའི་དངུལ་འབོར་དེས་འབྱུང་འགྱུར་ཟླ་བ་ལྔའི་ནང་བསྐྱར་གསོའི་ལས་དོན་རིམ་པ་དང་པོའི་ཁོངས་སུ་ཡིན་པ་དང་། དངུལ་དེ་དག་འཛམ་གླིང་དངུལ་ཁང་དང་། ཨེ་ཤི་ཡ་ཡར་རྒྱས་དངུལ་ཁང་། དེ་བཞིན་ཨ་རི་དང་རྒྱ་གར། ཨིན་ཡུལ། རྒྱ་ནག །ཉི་འོང་། ཡོ་རོབ་མཐུན་ཚོགས་བཅས་ལ་ཆ་བགོས་བྱ་རྒྱུ་ཡིན་པ་མ་ཟད། གོད་ཆག་དེ་ནི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཡིན་པ་ལས་ཆུ་ལོག་ཙམ་གྱི་མ་རེད་ཅེས་ནན་བརྗོད་བྱས་འདུག

བལ་ཡུལ་རྒྱལ་ཡོངས་གོད་ཆག་ཉེན་ཁ་སྟངས་འཛིན་ལས་ཁང་གི་ས་གཤིས་རིག་པ་བ་ Prakash Pokhrel པྲ་ཀཱཤ་པོཁ་རེལ་ལགས་ཀྱིས། རྒྱལ་སྤྱིའི་དཔའ་འབྱོར་སྡེ་ཁག་དང་འབྲེལ་ཡོད་རྒྱལ་ཁབ་ཁག་ནས་བལ་ཡུལ་ལ་དངུལ་འབོར་ཇི་ཙམ་སྤྲད་དགོས་མིན་ཐད་བཀོད་པ་གཏང་རྒྱུ་མེད་ཀྱང་། དེ་ལྟ་བུའི་གོད་ཆག་ལ་ངོས་འཛིན་དང་འགན་འཁུར་ལེན་དགོས་པའི་རེ་བ་བྱེད་བཞིན་ཡོད་ཅིང་། རྒྱལ་ཁབ་སུ་ཞིག་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་རྒྱུ་རྐྱེན་ཆེན་པོར་འགྱུར་བཞིན་པ་བརྗོད་མི་དགོས་པ་ཡིན་ཞེས་ནན་བརྗོད་བྱས་པ་མ་ཟད། བལ་ཡུལ་ངོས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འདས་པ་དང་ད་ལྟའི་གནས་སྐབས་སུ་ Greenhouse Gas Emission དྲོད་རླངས་ཕྱིར་འབུད་ཀྱི་ཚད་གཞི་ནི་ཆེས་ཉུང་ངུ་ཡིན་པ་མངོན་གསལ་བྱས་འདུག

བལ་ཡལ་གྱི་སྲིད་བློན་ Balendra Shah བྷ་ལེན་དྲ་ཤཱ་ཧ་མཆོག་ཕྱི་ཟླ་ ༩ ཚེས་ ༢༤ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་བཅར་རྒྱུ་དང་འབྲེལ། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁང་གལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུའི་རེ་བ་བྱེད་བཞིན་ཡོད་པ་མ་ཟད། བལ་ཡུལ་གཞུང་ནས་གོད་ཆག་ཁྲོད་གནོད་སྐྱོན་དང་གྱོང་གུད་ཐེབས་པའི་ཚད་གཞི་དང་། གནས་སྐབས་རིང་གི་ཁང་པ་དང་སློབ་གྲྭ། ངེས་པར་མཁོ་བའི་འཛུགས་སྐྲུན་རིགས་ལ་དངུལ་འབོར་ཇི་ཙམ་དགོས་མཁོ་ཡོད་པའི་ཐོག་ལ་སྙན་ཐོ་ཞིབ་ཕྲ་འགོད་འབུལ་བྱ་རྒྱུའི་གྲ་སྒྲིག་གནང་བཞིན་ཡོད་པ་རེད་འདུག

རྩ་བའི་ཆུ་ལོག་གི་གནས་ཚུལ་དེ་བྱུང་ནས་ད་ལྟའི་ཆར་ཉིན་གྲངས་ ༡༥ ཕྱིན་ཡོད་པ་དང་། ད་བར་གནས་ཚུལ་ཐོན་པ་ཁག་ལ་གཞིགས་ན། ཆུ་ལོག་ཀྱི་རྐྱེན་ངན་དེའི་འོག་རྒྱ་ནག་གཞུང་འབྲེལ་གསར་ཁང་གི་གྲངས་ཐོ་སྤེལ་བའི་ནང་བོད་ནང་མི་གྲངས་ ༤༣ འདས་གྲོངས་དང་ ༥༡༩ གར་སོང་ཆ་མེད་དུ་གྱུར་ཡོད་ལུགས་བཤད་ཡོད་ཅིང་། བལ་ཡུལ་གོད་ཆག་འབྲེལ་ཡོད་ལས་ཁུངས་ནས་ད་བར་མི་གྲངས་ ༡༣༥༧ འདས་གྲོངས་དང་ ༥༣༢༦ གར་སོང་ཆ་མེད་དུ་གྱུར་ཡོད་པ་མངོན་གསལ་གནང་འདུག་པར་ཁྱོན་མི་གྲངས་ ༡༤༠༠ འདས་གྲོངས་དང་ ༥༨༤༥ གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད་འདུག

གཞི་རྩའི་བལ་ཡུལ་ཕྱོགས་ནས་རོགས་དངུལ་རྩོད་ལེན་བྱེད་པའི་གནད་དོན་དང་འབྲེལ། དེ་སྔོན་པཱ་ཀིས་ཐཱན་ལའང་ཕྱི་ལོ་ ༢༠༢༢ ལོར་འབྱུང་བའི་གོད་ཆག་ཁྲོད་གནོད་འཚེ་ཆེན་པོ་བྱུང་བའི་སྐབས་རྒྱལ་སྤྱིའི་དཔའ་འབྱོར་སྡེ་ཁག་ནས་ཨ་སྒོར་ཐེར་འབུམ་ ༡༡ ཙམ་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་པ་དེ་ལྟར་ཡང་། རྗེས་སུ་རོགས་དངུལ་དེ་དག་ཆུ་ལོག་གི་གོད་ཆག་བྱུང་བ་རྣམས་བསྐྱར་གསོ་བྱ་རྒྱུ་ཐོག་མའི་དམིགས་ཡུལ་ལས་ལྡོག་སྟེ། སྣུམ་ནང་འདྲེན་བྱས་པའི་གནས་ཚུལ་བྱུང་ཡོད་སྟབས། གནད་དོན་དབྱེ་ཞིབ་པས། ཉམས་མྱོང་དེ་དག་ལ་གཞིགས་ན་མ་དངུལ་རྣམས་དལ་བུར་འབྱོར་བ་དང་ཐོག་མའི་ཁས་ལེན་ལས་རྗེས་སུ་ལུས་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།