Tibetan Royal Year of 2151 | Year of the Wood Dragon

བསམ་འགྲུབ་རྒྱ་མཚོ་ལགས་སླར་ཡང་འཛིན་བཟུང་བྱས་འདུག

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

རྒྱ་ནག་གཞུང་ནས་མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོ་ས་གནས་ནས་ཡིན་པ་བསམ་འགྲུབ་རྒྱ་མཚོ་ལགས་ཞུ་མཁན་ཞིག་སླར་ཡང་འཛིན་བཟུང་བྱས་འདུག  ཉེ་བའི་ཆར་བརྒྱུད་ལམ་ཁག་གི་ཐོགཏུ་་སྤེལ་བའི་གནས་ཚུལ་ལ་གཞིགས་ན། བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོ་ནས་ཡིན་པའི་བསམ་འགྲུབ་རྒྱ་མཚོ་ལགས་ནས་དེ་སྔ་ ༢༠༡༠ ལོར་ལྷ་ལྡན་གཙུག་ལག་ཁང་གི་མདུན་ཐང་དུ། རྒྱབ་ལ་རྒྱལ་དར་གྱོན་ཏེ་”རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མྱུར་དུ་གློད་གྲོལ་གཏོང་དགོས། རྒྱ་ནག་གིས་ཐེངས་འདིའི་སྐྱེ་རྒུ་མདོའི་ས་འགུལ་གོད་ཆག་བྱུང་ཡུལ་ནས་བོད་མི་མང་པོ་ཞིག་ཕྱིར་ཕུད་བཏང་བ་དེ་དག་ལ་ས་གནས་ས་ཐོག་ཏུ་ངོ་བསྐྱོད་ཀྱིས་རོགས་སྐྱོར་བྱེད་དུ་འཇུག་དགོས་”ཞེས་སོགས་སྐད་འབོད་བྱེད་རྗེས་དྲག་ཆས་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཡོད་པ་དང།  དེ་རྗེས་ཁོང་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་བཏང་དོན་བཞིན་འདི་ལོའི་སྤྱི་ཟླ་ ༥པའི་ནང་བཙོན་དུས་ཚང་ནས་ཁོང་ཕ་ཡུལ་དུ་སྐྱེལ་འདུག  ཉེ་ཆར་ཟླ་སྔོན་མའི་ཟླ་མགོར་བསམ་འགྲུབ་རྒྱ་མཚོ་ལགས་མཚོ་སྔོན་པོའི་ཤར་ཕྱོགས་ནས་ནུབ་ཕྱོགས་ལ་བསྐྱོད་པའི་ལམ་བར་ན་ཁོང་སླར་ཡང་འཛིན་བཟུང་བྱས་ནས་ད་ལྟ་ཁོང་མདའ་བཞི་རྫོང་ལྟ་སྲུང་ཁང་དུ་བཙོན་འཇུག་བྱས་ཡོད་འདུག སྐབས་དེར་ཁོང་གི་ལག་ནས་”བོད་མི་ས་ཡ་དྲུག་པོ་གཉིད་ལས་སད་དེ་ཡར་ལོངས་ཤོག ༸གོང་ས་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་”ཞེས་སོགས་བྲིས་པའི་ཡིག་ཆ་མང་པོ་ཞིག་ཐོན་སྟབས་ཁོང་སླར་རྒྱའི་ཉེན་རྟོག་པས་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་པ་རེད།  རྩ་བའི་བསམ་འགྲུབ་རྒྱ་མཚོ་ལགས་རྒྱ་གཞུང་ནས་ཁོང་འདི་ལོའི་སྤྱི་ཟླ་ ༥ པའི་ནང་གློད་བཀྲོལ་བཏང་ཡོད་ཀྱང། འདིའི་བར་ན་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པས་ཁོང་རྫོང་གི་ཕྱི་ལོག་ལ་འགྲོ་མི་ཆོག་པ་བཟོས་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།