Tibetan Royal Year of 2151 | Year of the Wood Dragon

བཞུགས་སྒར་དུ་བོད་མི་རྣམས་ཀྱིས་སྲིད་སྐྱོང་དང་སྤྱི་འཐུས་རྣམ་པའི་དངོས་གཞི་འོས་བསྡུ་ཆེན་མོར་སྔར་ལྷག་གིས་ཆ་ཤས་བླངས་པ།

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

ཕྱི་ལོ་༢༠༡༥དང་༢༠༡༦ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་སྐབས་༡༦པའི་དངོས་གཞི་འོས་བསྡུའི་ལས་རིམ་ནང་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་མི་རྣམས་ཀྱིས་ཉིན་བརྒྱ་དུས་གཅིག་ལ་འོས་ཤོག་འཕངས་ཡོད་པ་རེད།
ཁ་སང་བཞུགས་སྒར་དུ་ཟླ་ ༣ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཚོུད་ ༩།༠༠ ནས་ཕྱི་དྲོ་ཚོུད་ ༥།༠༠ བར་བ8ཞུགས་སྒར་ཁུལ་གྱི་ས་གནས་ཁག་ཏུ་སྤྱིལ་བུའི་ས་ཚིགས་བཅུར་ཆ་བགོས་ལྟར། ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གཙོས་པའི་གངས་སྐྱིད་དང། རྡ་སྟེང་བོད་ཁྱིམ། ནོར་གླིང་སོགས་ས་ཚིགས་ཁག་ལ་རང་ལོ་བཅོ་བརྒྱད་སོན་པའི་བོད་མི་སེར་སྐྱ་ཀུན་གྱིས་ཚ་ཚ་འུར་འུར་ངང་འོས་བསྡུ་ཆེན་མོར་ཆ་ཤས་བླངས་ཡོད།
ཁ་སང་སྔ་དྲོ་ཚོུད་༡༠།༠༠ ཡོལ་ཙམ་ལ་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་མཆོག་དང་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་གངས་སྐྱིད་འོས་བསྡུ་ས་ཚིགས་སུ་ཆེད་ཕེབས་གནང་ཡོད་པ་དང་། སྐབས་དེར་གསར་འགོད་པས་འོས་མི་གཉིས་ལ་འོས་བསྡུ་ལས་རིམ་འདིའི་བརྒྱུད་རྒྱ་གཞུང་ལ་བརྡ་ལན་གང་ཞིག་ཡོད་དམ་ཞེས་བཅར་འདྲི་ཞུས་ཡོད་པ་རེད།
སྐབས་དེར་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་མཆོག་གིས་གསུངས་དོན་ལ། རྒྱ་ནག་གཞུང་ལ་དེ་སྔ་ནས་བཤls 1ད་བསྡད་ཡོད། ༸གོང་ས་མཆོག་གིས་གསོལ་རས་གནང་པའི་མང་གཙོ་དེ་བོད་མིའི་སྒྲིག་འཛུགས་ཀྱིས་ལོ་ངོ་ལྔ་བཅུ་ང་གྲངས་རིང་ལག་བསྟར་བྱས་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་རྒྱ་ནག་ནང་ལ་མང་གཙོ་ལག་བསྟར་བྱེད་ཀྱི་ཡོད་ན་རེད། དེ་བཞིན་བོད་ནང་ལའང་མང་གཙོ་ལག་བསྟར་གནང་པ་ཡིན་ན་རེད། དེ་ལྟར་གནང་ཐུབ་པ་ཞིག་རེད། གང་ཡིན་ཟེར་ན། ང་ཚོས་བཙན་བྱོལ་ནང་ལའང་མང་གཙོ་ལག་བསྟར་བྱེད་བཞིན་ཡོད་སྟབས། བོད་དང་རྒྱ་ནག་ནང་དེ་མཚུངས་མང་གཙོ་ལག་བསྟར་བྱེད་ཐུབ་ཀྱི་རེད། ང་ཚོའི་མིག་དཔེ་བཟང་པོ་འདིར་གཟིགས་རོགས་གནང་། གལ་ཏེ་རྒྱ་ནག་ནང་ལ་མང་གཙོ་ལག་བསྟར་བྱེད་ཐུབ་ཚེ་རྒྱ་ནག་མི་དམངས་དང་བོད་མི་ཀུན་ལ་ཕན་ངེས་རེད་ཅེས་བརྡ་ལན་གནང་སོང་།
དེ་བཞིན་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་གིས་གསུངས་དོན་ལ། ༸གོང་ས་མཆོག་གིས་བཀའ་སྩལ་ལྟར་འདས་པའི་ལོ་ ༦༠ ལྷག་རིང་༸གང་ཉིད་མཆོག་གིས་གཡས་སྐྱོར་གཡོན་སྐྱོར་གནང་ནས་ཡོང་བ་རེད། མང་གཙོའི་འཕེལ་རིམ་གྱི་ཐོག་ལའང་ད་བར་འགྱུར་བ་གང་ཕྱིན་པ་དེ་༸གོང་ས་མཆོག་ཉག་གཅིག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས། རྒྱ་ནག་གཞུང་ལ་ང་ཚོ་བཙན་བྱོལ་ནང་མང་གཙོ་ཚད་དང་ལྡན་པ་ཞིག་pt1གི་ཐོག་ལ་འགྲོ་བཞིན་ཡོད་ཅེས་བརྡ་ལན་ཞིག་སྤྲོད་རྒྱུ་དང་། མ་འོངས་པར་ཡང་མང་གཙོ་གོང་འཕེལ་གཏོང་རྒྱུ་དང་། མང་ཚོགས་ནས་ཀྱང་འགན་ཆེ་བཞེས་ཀྱིས་ང་ཚོའི་སྤྱི་ཚོགས་འཆམ་མཐུན་བཟོ་དགོས་ཀྱི་རེད། ལྷག་དོན་རྒྱ་གཞུང་གིས་ཀྱང་ང་ཚོ་བཙན་བྱོལ་བའི་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་བསླབ་བྱ་ལེན་རྒྱུ་ཡོད་པ་མ་ཟད། དེ་བས་ཀྱང་རྒྱ་ནག་ནང་ལ་མང་གཙོ་འཕེལ་རྒྱས་སུ་གཏོང་འདོད་མཆིས་ཚེ། བོད་ནས་འགོ་བཙུགས་ཏེ་མང་གཙོ་ལག་བསྟར་བྱེད་པའི་ལམ་ཁ་ཞིག་༧གོང་ས་མཆོག་གིས་འདོན་གནང་མཛད་ཡོད་ཅེས་སོགས་ལན་གནང་སོང་།
གཞི་རྩའི་དེ་རིང་སྔ་དྲོ་ཐེངས་འདིར་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་ལས་རིམ་ཐོག་རྟོག་ཞིབ་ཆེད་ཕེབས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ཁང་གིས་ཐུགས་འགན་གཙོ་བཞེས་ཐོག་འཇར་མན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Thomas Mann ལགས་དང་། ཕྷརན་སིའི་གྲོས་ཚོགས་འཐུས་མི་ Andre Gattolin ལགས། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ Consiglio Di Nino དེ་བཞིན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ལྕམ་ Lisa Singh ལགས་གཙོས་པའི་གཞན་ཡང་དབྱིན་ཡུལ་དང་ཨི་ཊ་ལི་བཅས་ཀྱི་གྲོས་ཚོགས་འཐུས་མི་ཟུར་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ Matteo Mecacci ལགས་དང་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་བཅས་མི་གྲངས་བརྒྱད་ཀྱིས་བཞུགས་སྒར་ཐེག་ཆེganན་ཆོས་གླིང་གཙུག་ལག་ཁང་དང་གངས་སྐྱིད་བཅས་སུ་སྤྱིར་བུ་ས་ཚིགས་ཆེ་ཁག་ལ་རྟོག་ཞིབ་གནང་ཡོད་པ་རེད།
རྩ་བའི་བཙན་བྱོལ་བོད་མིའི་དངོས་གཞི་འོས་བསྡུའི་ལས་རིམ་འདིའི་ནང། བོད་མི་དེབ་སྐྱེལ་གནང་མཁན་གྱི་ཁ་གྲངས་དགུ་ཁྲི་ལྷག་བྱུང་འདུག་པ་དང། སྐབས་སྔ་མ་དང་བསྡུར་ཚེ་དེབ་སྐྱེལ་གནང་མཁན་ ༨༠༠༠ ལྷག་འཕར་ཡོད་པ་དང་། དབུས་འོས་བསྡུ་ལས་ཁང་ནས་དེབ་སྐྱེལ་དུས་ཡུན་འཕར་སྣོན་གོ་སྐབས་འཕར་མ་གནང་རྗེས་མང་ཚོགས་ ༢༨༠༠ ལྷག་ཙམ་འཕར་ཆ་སོང་འདུག དེའི་ཁྲོད་ནས་དེབ་སྐྱེལ་གནང་མཁན་གྱི་ ༢༠༠༠ ལྷག་ནི་བྱང་ཨ་རི་ཁུལ་རེད་འདུག སྔོན་འགྲོ་སྐབས་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་མཆོག་ལ་ཁྱོན་འོས་གྲངས་ ༣༠༥༠༨ ཐོབ་ཡོད་པ་དང་། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་ལ་ཁྱོན་འོས་གྲངས་ ༡༠༧༣༢ ཐོབ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།