Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་དབུས་གཞུང་གི་ནང་སྲིད་ལས་ཁུངས་སུ་བོད་མི་སུད་ཚོང་བར་འཕྲད་པའི་དཀའ་ངལ་ཞུ་གཏུགས་གནང་འདུག

Tibetan News Headlines

  • US lawmakers pledges support for Taiwan with bipartisan visit
  • Rising Waters Transform the Tibetan Plateau Into an Unpredictable Future
  • ‘TAR’ assures better efficiency of processing documents for foreign visitors entering the region
  • ALALAMO: Sad Song Of Whirled Tears by recently arrested Tibetan singer Gegjom Dorjee

རེས་གཟའ་མིག་དམར། ༢༠༢༤།༠༥།༢༨

  • ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་ཐེ་ལྦན་དུ་ཕེབས་འབྱོར་བྱུང་འདུག
  • བོད་མཐོ་སྒང་གི་ཆུ་ཚད་འཕར་བཞིན་པས་འབྱུང་འགྱུར་ཁོར་ཡུག་གི་གནས་སྟངས་ལ་སྔོན་དཔགས་མི་ཐུབ་པ་གསུངས་འདུག
  • རྒྱ་གཞུང་གིས་བོད་ནང་དུ་ཕྱིའི་རྒྱལ་ཁབ་ཀྱི་ཡུལ་སྐོར་བ་བསླེབ་རྒྱུའི་ལས་དོན་ལས་སླ་རུ་གཏང་འཆར་ཡོད་པ་བརྗོད་འདུག
  • ཨ་ལ་ལ་མོའི་ལེ་ཚན། གླུ་བ་བགེགས་འཇོམས་རྡོ་རྗེ་ལགས་ཀྱིས་བླངས་པའི་སྐྱོ་གླུ་མཆི་མ་དགུ་འཁྱིལ།

དེའང་ཟླ་ ༡༠ ཚེས་ ༡༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེ་འདབས་སུ་རྟེtibན་གཞིན་བྱས་པའི་ཧ་རི་ཡ་ན་མངའ་སྡེའི་བྷ་ཧ་དུར་གྷར་ཁུལ་དུ་བོད་མི་སུད་ཚོང་བ་མི་གྲངས་ ༤༥ འི་ཁྲོམ་རར་ས་གནས་རྒྱ་གར་གྱི་ཚོང་མི་ཁག་ཅིག་ནས་ཕྲག་དོག་ལྟ་བུས་འཕྲོག་བཅོམ་བྱས་འདུག གནས་ཚུལ་དེ་ས་གནས་ཁག་གི་བརྙན་འཕྲིན་བརྒྱུད་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་བྱུང་བར་བརྟེན་བོད་མི་མང་དག་ཞིག་བློ་འཚབ་གནང་དགོས་པའི་གནས་སྟངས་གྱུར་ཡོད་པ་རེད།

གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། བོད་མི་སུད་ཚོང་བ་དེ་དག་གི་སྐུ་ཚབ་འཐུས་མི་ཁག་ཅིག་ཁ་སང་རྒྱལ་ས་ལྡི་ལིtib1ར་འབྱོར་ནས་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་བཅར་འདུག་པ་མ་ཟད། དོན་གཅོད་ཀྱི་དྲུང་ཆེ་མཆོག་ལ་སྐབས་དེའི་ཚེ་གནས་ཚུལ་ཇི་བྱུང་སྙན་གསེང་ཞིབ་རྒྱས་ཞུས་པ་དང་ཁོང་རྣམས་ནས་མཐུན་འགྱུར་ཡོང་ཐབས་ཀྱི་འབོད་སྐུལ་ཞུས་དོན་ལྟར་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་ངོས་ནས་རྒྱ་གར་དབུས་གཞུང་གི་ནང་སྲིད་ལས་ཁུངས་སུ་ཁྲིམས་མཐུན་ཐོག་ནས་སོ་སོའི་འཚོ་བའི་དོན་དུ་བོད་མི་ཚོང་གཉེར་བ་དེ་དག་ལ་ས་གནས་སུ་ངལ་བ་དེ་ལྟར་འཕྲད་ཡོད་སྐོར་གསལ་བཤད་ཀྱི་ཞུ་སྙན་ཞིག་ཕུལ་འདུག ལྷག་དོན་ནང་སྲིད་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་མཆོག་དང་དངོས་སུ་མཇལ་ཞུ་དང་འབྲེལ་གནད་དོན་གསལ་བཤད་དང་མཐུན་འགྱུར་རོགས་ཕན་ཡོང་ཐབས་སུ་འབད་བརྩོན་གནང་བཞིན་ཡོད་ཅེས་སོགས་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།