Tibetan Royal Year of 2151 | Year of the Wood Dragon

བྱེས་ཀྱི་གདན་ས་གསུམ་ནང་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གཟབ་རྒྱས་ངང་འཚོགས་བཞིན་པ།

Tibetan News Headlines

  • UK’s Ministry of Defence ‘hacked by China’
  • French lawmakers targeted by Chinese cyberattack demand sanctions, amid Xi visit
  • Bharat Tibbat Sahyog Manch celebrates concluding ceremony of its 25th anniversary
  • Tibet house Japan organizes Tibet festival at Tsukiji Hongwanji temple
  • Rights group protests world’s leading press freedom predators visit to France
  • Alalamo: ‘Gyaling Sey’, by Acho Namgyal

རེས་གཟའ་མིག་དམར། ༢༠༢༤།༠༥།༠༧

  • རྒྱ་གཞུང་གིས་ཨིན་ཡུལ་རྒྱལ་སྲུང་ལྷན་ཁང་ལ་སོ་ཉུལ་བྱས་པ་མངོན་གསལ།
  • ཕྷ་རན་སིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་རྒྱ་ནག་གི་དྲ་ལམ་གཏོར་རྒོལ་བ་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ།
  • རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ནས་ལོ་ ༢༥ འཁོར་བའི་དུས་དྲན་མཇུག་སྒྲིལ་གྱི་མཛད་སྒོ་འཚོགས་པ།
  • ཉི་འོང་ནང་བོད་ཀྱི་དུས་སྟོན་སྲུང་བརྩི།
  • གསར་འགོད་རང་དབང་ལ་དྲག་གནོན་བྱེད་མཁན་ཆེས་སྡུག་ཤོས་རྒྱལ་ཁབ་ཀྱི་འགོ་ཁྲིད་ France ནང་བསླེབས་པར་ངོ་རྒོལ་བྱས་འདུག
  • ཨ་ལ་ལ་མོ་དམིགས་བསལ་ལས་རིམ། སྟོད་གཞས་རྒྱ་གླིང་སྲས།

བོད་གངས་ཅན་ལྗོངས་ལ་ཡོངས་སུ་གྲགས་པའི་སྔར་སྲོལ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཞེས་པ་དེ་ཉིད་འདི་ལོ་ཡང་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་གསུམ་ནང་ཟླ་ ༣ ཚེས་ ༦ ཉིན་དངོས་སུ་དབུས་འཛུགས་ཀྱིས་གཟབ་རྒྱས་ངང་འཚོགས་བཞིན་ཡོད་པ་རེད།

དེ་ཡང་བོད་མིའི་གཞིས་སྒར་མོན་གྷོ་གདོད་རྒུ་གླིང་དུ་ཆགས་པའི་གདན་ས་དགའ་ལྡན་དང་འབྲས་སྤུངས་གཉིས་ཟུང་སྦྲེལ་གྱིས་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་འབྲས་སྤུངས་ཚོགས་ཆེན་དུ་ཚོགས་གནང་བཞིན་ཡོད་པ་དང་། དེ་བཞིན་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སེ་ར་ཐེག་ཆེན་གླིང་གི་དགེ་འདུན་པ་རྣམས་ཀྱིས་སེ་ར་ཚོགས་ཆེན་དུ་ཚོགས་གནང་བཞིན་ཡོད་པ་རེད།

རྩ་བའི་འདི་ལོའི་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དེ་ཟླ་བ་འདིའི་ཚེས་ ༦ ཉིན་དབུ་འཛུགས་ཀྱིས་ཚེས་  ༡༦ བར་ཁྱོན་ཉིན་གྲངས་ ༡༠ ཙམ་རིང་ཚོགས་གནང་རྒྱུ་ཡིན་པ་རེད།

གཞི་རྩའི་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དེ་ནི་བོད་ནང་ཐོག་མར་༸རྗེ་ཙོང་ཁ་པ་ཆེན་པོས་ཕྱི་ལོ་ ༡༤༠༩ ལོར་ལྷ་སའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་གསར་འཛུགས་གནང་པ་ནས་བཟུང་ལོ་ལྟར་གདན་ས་སེ་འབྲས་དགའ་གསུམ་གྱི་དགེ་འདུན་པ་རྣམས་མཉམ་དུ་ཚོགས་སྲོལ་བྱུང་བ་དང་། ཐོག་མའི་དུས་ཡུན་ནི་བོད་ཟླ་ ༡ ཚེས་ ༡ ནས་ ༡༦ བར་ཚོགས་སྲོལ་ཡོད་པ་རེད།  ཕྱི་ལོ་ ༡༦༡༤ ལོ་ནས་བཟུང་པཎ་ཆེན་སྐུ་ཕྲེང་བཞི་པ་པཎ་ཆེན་བློ་བཟང་ཆོས་རྒྱན་མཆོག་གིས་གདན་ས་སེ་འབྲས་དགའ་གསུམ་ནས་གཞུང་ཆེན་ཀ་པོད་ལྔའི་ཐོག་སྦྱངས་པ་མཐར་ཕྱིན་པའི་མཁས་པ་རྣམས་དགེ་བཤེས་ལྷ་རམས་པའི་རྒྱུགས་སྤྲོད་ཀྱི་དམ་བཅའ་འཇོག་པའི་ལམ་སྲོལ་གཏོད་གནང་ཞིང་། དེ་རྗེས་རྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོ་དགོངས་རྫོགས་ཀྱི་དུས་མཆོད་དང་རིམ་པས་རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་དགོངས་རྫོགས་དུས་མཆོད་ཀྱང་སྨོན་ལམ་ཆེན་མོའི་ཉིན་གྲངས་ཐོག་བསྣན་ཏེ་ཁྱོན་ཉིན་གྲངས་ ༢༡ རིང་ཚོགས་སྲོལ་ཡོད་པ་མ་ཟད། སྨོན་ལམ་ཆེན་མོའི་རིང་ལྷ་ས་གྲོང་ཁྱེར་གྱི་ཁྲིམས་བདག་དབང་ཆ་ཚང་འབྲས་སྤུངས་དགོན་པའི་ཞལ་ངོ་གཉིས་ལ་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།