Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་ལ་ཨི་ཊ་ལིའི་མེ་སི་ན་གྲོང་སྡེའི་ཆེ་བསྟོད་མི་སེར་གྱི་མཚན་གནས་འབུལ་རྒྱུ་རེད་འདུག

Tibetan News Headlines

  • His Holiness the Dalai Lama confers Mahakala Blessing (Gonpo Jenang)
  • In depth: Taiwan’s new government policy on Tibet and China

རེས་གཟའ་སྤེན་པ། ༢༠༢༤།༠༥།༡༨

  • ༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།
  • ཐེ་ཝན་གཞུང་འཛིན་གསར་པས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་སྐོར།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་འཇར་མ་ནི་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། ཨི་ཊ་ལིའི་ལྷོ་ཕྱོགས་མངའ་ཁུལ༸གོང་ས་མཆོག་ལ་ཨི་ཊ་ལིའི་མེ་སི་ན་གྲོང་སྡེའི་ཆེས་མཐོའི་མི་སེར་གྱི་མཚན་གནས་འབུལ་རྒྱུ་རེད་འདུག་གྱི་གྲོང་ཁྱེར་ Taormina ནང་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་ནས་ཐེངས་འདིའི་ཨི་ཊ་ལི་ནང་གི་མཛད་འཆར་ཁྲོད་གྲོང་ཁྱེར་ Taormina དང་། དེའི་རྗེས་ Messina དང་ Palermo དེ་བཞིན་ Tuscany མངའ་སྡེའི་ Florence གྲོང་ཁྱེར་བཅས་ཀྱི་ནང་ལ་མང་ཚོགས་ལ་བཀའ་སློབ་སོགས་ཀྱི་མཛད་འཕྲིན་ཁག་ཅིག་བསྐྱང་གི་ཡོད་པ་དང་བསྟུན། ཁུལ་དེའི་ Messina གྲོང་སྡེའི་སྤྱི་ཁྱབ་མཆོག་ནས་མགོན་པོ་མཆོག་ལ་གྲོང་ཁྱེར་དེའི་ཆེ་བསྟོད་མི་སེར་གྱི་མཚན་གནས་དང་། དེ་བཞིན་ Florence གྲོང་སྡེའི་ངོས་ནས་ Seal of Peace ཞེས་པའི་གསེར་གྱི་གཟེངས་རྟགས་ཤིག་ཀྱང་འབུལ་ལམ་ཞུ་གཏན་འཁེལ་འདུག
གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་ཉིན་དགུང་ Italy འི་ལྷོ་ཕྱོགས་ཀྱི་ Catania འི་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་ Cata༸གོང་ས་མཆོག་ལ་ཨི་ཊ་ལིའི་མེ་སི་ན་གྲོང་སྡེའི་ཆེས་མཐོའི་མི་སེར་གྱི་མཚན་གནས་འབུལ་རྒྱུ་རེད་འདུགnia དང་ Messina གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ Enzo Bianco ལགས་དང་། སྐུ་ཞབས་ Renato Accorinti ལགས་རྣམ་གཉིས་ནས་མགོན་པོ་མཆོག་ལ་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་མ་ཟད། དེ་རིང་མགོན་པོ་༸གང་ཉིད་མཆོག་ནས་ཐེངས་འདིའི་ཨི་ཊ་ལི་ནང་གི་མཛད་འཆར་དབུ་འཛུགས་གནང་པ་དང་འབྲེལ། ཁུལ་དེའི་ Taormina གྲོང་ཁྱེར་དེར་རྟེན་གཞི་བྱས་པའི་ Greek Theater ཞེས་པའི་ཚོགས་ཁང་དུ་ཞི་བདེ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་དང་། སྐབས་དེར་ Taormina དང་ Messina གྲོང་སྡེའི་སྤྱི་ཁྱབ་རྣམ་གཉིས་གཙོས་པའི་གནད་ཡོད་ལས་བྱེད་དང་ས་གནས་མང་ཚོགས་བཅས་ནས་མཉམ་ཞུགས་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།