Tibetan Royal Year of 2151 | Year of the Wood Dragon

བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ལ་ངོས་འཛིན་གནང་དགོས་པའི་སྙན་ཞུ།

Tibetan News Headlines

  • HHDL gives audience to devotees of Dipankara Buddhist Centre
  • Taiwan’s new president takes office, calls on China to cease hostile actions
  • Tibetan delegation attends Lai Ching-te’s swearing-in ceremony, meets newly re-established parliamentary group for Tibet
  • US urges China to immediately account for Panchen Rinpoche’s whereabouts and well-being
  • Is the Panchen Lama alive or dead? Tashi Lhunpo’s Deputy Abbot speaks at FCCC

རེས་གཟའ་ཟླ་བ། ༢༠༢༤།༠༥།༢༠

  • སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ནི་སྟོན་པའི་བསླབ་བྱ་གཙོ་བོ་དེ་ཡིན་པ་བཀའ་བསྩལ་འདུག
  • ཐེ་ཝན་མི་མང་གི་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་རྒྱ་གཞུང་ལ་དྲག་པོའི་འཇིགས་སྐུལ་མཚམས་འཇོག་དགོས་པའི་སྐུལ་འདེབས།
  • ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ལྷན་ཞུགས།
  • ཨ་རི་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་སྐུ་ཁམས་བདེ་ཐང་ཡིན་མིན་གསལ་བཏོན་དགོས་པའི་ཞུ་སྐུལ།
  • ༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་རེ་འབོད།

ཁ་སང་ཕྱི་ཚེས་ ༡༦ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Scott Perry ལགས་ཀྱིས་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་ལ་ཨ་རིའི་གཞུང་ནས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ལ་ངོས་འཛིན་གནང་དགོས་པའི་སྙན་ཞུ་ཞིག་ཕུལ་འདུགཞུ་སྙན་དེའི་ནང་སྐུ་ཞབས་ Scott Perry ལགས་ཀྱིས་སྲིད་འཛིན་ Donald Trump མཆོག་གི་ལས་ཡུན་ནང་རྒྱ་ནག་དམར་ཤོག་ཚོགས་པའི་བྱ་ངན་རྣམས་ཐེར་འདོན་གནང་སྟེ་དེར་གདོང་ལེན་གནང་བ་གཙོས་ཨ་རི་ངོས་ནས་དུས་ནམ་ཡང་རྒྱ་ནག་གཞུང་གིས་བྱ་ངན་དག་ལ་ཁ་ཁུ་སིམ་མེར་སྡོད་རྒྱུ་མེད་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་པར་བསྔགས་བརྗོད་གནང་བ་དང་། བོད་ཆོལ་ཁ་གསུམ་པོའི་ས་ཚིགས་ཁག་ཏུ་གནས་སྡོད་བོད་མི་རྣམས་ལོ་ངོ་བརྒྱ་མང་པོའི་སྔོན་ནས་རང་དབང་ངང་གནས་སྡོད་གནང་བའི་རྒྱལ་ཁབ་ཅིག་ཡིན་ཀྱང་། ཕྱི་ལོ་ ༡༩༥༡ ལོ་ནས་བཟུང་རྒྱ་ནག་དམར་པོས་བོད་ས་བཙན་བཟུང་བྱས་ཡོད་སྟབས། བོད་དེ་རང་དབང་ཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ཨ་རི་གཞུང་ནས་ངོས་འཛིན་གནང་རྒྱུ་ནི་འོས་པ་ཞིག་ཡིན་པ་འཁོད་འདུག

གཞི་རྩའི་འདི་ལོའི་ཟླ་ ༥ ཚེས་ ༡༩ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་སྐུ་ཞབས་ Scott Perry ལགས་ཀྱིས་བོད་རང་སྐྱོང་ལྗོངས་ཞེས་པ་དེ་ཐ་དད་དུ་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་དགོས་པའི་ཁྲིམས་འཆར་གསར་པ་ཞིག་ཆེད་འདོན་གནང་ཡོད་པ་མ་ཟད། དེ་སྔ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༠༢ གཙོས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་གཏན་འབེབས་གནང་བ་རྣམས་ངེས་པར་དུ་ལག་བསྟར་གནང་དགོས་པའི་ཞུ་སྐུལ་གནང་མཁན་གྱི་གྲོས་ཚོགས་འཐུས་མི་ཞིག་ཆགས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།