Tibetan Royal Year of 2151 | Year of the Wood Dragon

༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་བོད་ཡིག་དྲྭ་རྒྱར་ལེགས་བཅོས་ཀྱིས་༸གང་ཉིད་མཆོག་གི་གསུང་རྩོམ་ཡོངས་རྫོགས་གཟིགས་རྒྱུ་ཡོད་པ་བཟོས་འདུག

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དབང་དང་བཀའ་ཆོས། འཕྲིན་གསར། གསུང་འཕྲིན། བརྙན་པར་ལ་སོགས་པའི་མཛད་འཆར་ཇི་བསྐྱངས་གསལ་བའི་བོད་ཨིན་རྒྱ་གསུམ་གྱིས་གཙོས་པའི་སྐུ་སྒེར་གྱི་དྲྭ་རྒྱ་བཅུ་གཅིག་ཡོད་པ་ལས་བོད་མི་གཙོས་པའི་བོད་ཡིག་ཐོག་གསན་གཟིགས་གནང་མཁན་རྣམ་པར་དེ་ལྟར་གཟིགས་བདེ་ཡོང་བ་དང་དྲྭ་རྒྱའི་བདེ་འཇགས་བཅས་ལ་ཆེད་དམིགས་ཀྱིས་སྔར་ཡོད་བོད་ཡིག་གི་དྲྭ་རྒྱ་ལ་ལེགས་བཅོས་སམ་གསར་བསྒྱུར་གནང་འདུག ད་ལན་ལེགས་བཅོས་གནང་བའི་དྲྭ་རྒྱའི་ཐོག་མཛད་འཆར་དང་འཕྲིན་གསར། དགོངས་གཞི། སྐུ་པར། བརྙན་འཕྲིན། དེ་ལས་མང་བ་བཅས་ཀྱི་སྡེ་ཚན་དྲུག་ཡོད་པ་དང་དེ་བཞིན་སྡེ་ཚན་དེ་དག་རེ་རེར་ནང་གསེས་མི་འདྲ་བ་མང་དག་ཅིག་མཇལ་རྒྱུ་འདུག༸སྐུ་སྒེར་བོད་ཡིག་དྲྭ་རྒྱའི་རྩོམ་སྒྲིག་པ་འཇིགས་མེད་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་༸རྒྱལ་བ་རིན་པོ་ཆེའི་༸སྐུ་སྒེར་གྱི་བོད་ཡིག་དྲྭ་རྒྱར་བདེ་འཇགས་དང་དུས་ཀྱི་འགྱུར་འགྲོས་ལ་གཞིགས་ནས་ད་ལན་ལེགས་བཅོས་དེ་ལྟར་གནང་བ་དང་། དྲྭ་རྒྱ་དེར་སྔར་མེད་བོད་ཡིག་ཐོག་གི་གསུང་རྩོམ་ཡོངས་རྫོགས་གཟིགས་རྒྱུ་དང་ཕབ་ལེན་གནང་རྒྱུ་ཡོད་པ་བཟོས་ཡོད་སྐོར་སོགས་ངོ་སྤྲོད་ཞིབ་རྒྱས་གནང་སོང་།རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ནང་གི་དད་ལྡན་དང་གུས་བརྩི་ཡོད་མཁན་ཚོས་མགོན་པོ་༸གང་ཉིད་མཆོག་གི་གོ་ལའི་སྐྱེ་འགྲོ་སྤྱི་དང་སྒོས་བོད་གངས་ཅན་པ་རྣམས་ཀྱི་བདེ་ཐབས་སླད་དུ་བཀའ་དབང་དང་བཀའ་ཆོས། བཀའ་སློབ། དགོངས་གཞི། ལམ་སྟོན་སོགས་ཀྱི་མཛད་འཕྲིན་ཇི་སྙེད་ཅིག་བསྐྱངས་དང་སྐྱོང་བཞིན་པ། དེ་བཞིན་བསྐྱང་འཆར་བཅས་ཀྱི་མཛད་འཕྲིན་ཤེས་རྟོགས་ཐུབ་ཆེད་བོད་ཨིན་རྒྱ་གསུམ་གྱིས་གཙོས་པའི་སྐུ་སྒེར་གྱི་དྲྭ་རྒྱ་དང་འཕྲུལ་སྒྲ། ( twitter ) ཨིནྶ་ཊ་གྷརྨ། (Instagram) ཡུ་ཊུབ། (YouTube) ངོ་དེབ་ (Face Book )སོགས་སྤྱི་ཚོགས་བརྒྱུད་ལམ་མང་དག་ཅིག་ཡོད་པ་རེད།

༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་བོད་ཡིག་དྲྭ་རྒྱའི་དྲྭ་སྣེ། https://gyalwarinpoche.com/

འབྲེལ་ཡོད་གསར་གནས།

གསར་གནས།