Tibetan Royal Year of 2151 | Year of the Wood Dragon

གདན་ས་ཆེན་པོ་བཀྲིས་ལྷུན་པོ་དང་རྣམ་གྲོལ་གླིང་གཉིས་ཀྱིས་ལོ་ ༡༨ ནས་ ༤༥ བར་སྔོན་ཁབ་མཐུན་རྐྱེན་གནང་བ།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་དང་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གཉིས་ཀྱི་མཐུན་འགྱུར་འོག་སྦེལ་ཀོབ་ལུགས་བསམ་དང་བདེ་སྐྱིད་སླར་གསོའི་གཞི་མི་ལོ་ན་ ༡༨ ནས་ ༤༥ སོན་པ་རྣམས་ལ་སྔོན་ཁབ་གྱི་མཐུན་རྐྱེན་ཆེས་ཐོག་མར་གནང་སོང་།དེ་རིང་ནས་འགོ་འཛུགས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་སྐྱབས་རྗེ་གཟིགས་རྒྱབ་རིན་པོ་ཆེ་དང་དགོན་པའི་འཛིན་སྐྱོང་གི་མཐུན་འགྱུར་གནང་བའི་འོག་ཁྱོན་མི་གྲངས་ ༣༤༦ ལ་ཏོག་དབྱིབས་སྔོན་ཁབ་ Covid Shield རིན་མེད་ཐོག་བརྒྱབས་གནང་ཡོད་པ་རེད།གསར་འགོད་པས་བཀྲ་ཤིས་ལྷུན་པོའི་ཕྱག་འཛོད་བསྟན་འཛིན་ཀུན་དཀའ་ལགས་སུ་སྔོན་ཁབ་བཞེས་མཁན་ཕལ་ཆེ་བ་སུ་ཡིན་པ་དང་སྔོན་ཁབ་སྐྱོན་མཁན་གྱི་སྨན་པ་སུ་ཡིན་པ་བཅས་ཀྱི་སྐོར་ལ་ཞལ་པར་བརྒྱུད་ནས་བཀའ་འདྲི་ཞུས་པར་དགེ་བཤེས་ལགས་ཀྱིས་དགོན་པའི་དགེ་འདུན་པ་ཁྱོན་ ༡༧༨ བཀའ་བརྒྱུད་དགོན་པའི་གྲྭ་པ་ ༨༢ དང་བཀྲ་ཤིས་ལྷུན་པོའི་ཉེ་འགྲམ་དུ་ཆགས་པའི་གྲོང་སྡེ་ཁག་གི་གྲོང་མི་རྣམས་ལ་སྔོན་ཁབ་མཐུན་རྐྱེན་གནང་སྐོར་གསུངས་སོང་།དེ་དང་མཚུངས་ཁ་སང་རྣམ་གྲོལ་གླིང་གི་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གི་མཐུན་འགྱུར་བླ་ན་མེད་པའི་འོག་སྦེལ་ཀོབ་ལུགས་བསམ་དང་བདེ་སྐྱིད་སླར་གསོའི་ནང་གི་གཞིས་མི་ལོ་ ༡༨ ནས་ ༤༥ བར་གྱི་གྲོང་མི་ཁྱོན་ ༡༦༠༠ ལྷག་ཙམ་ལ་སྔོན་ཁབ་ Covid Shield རིམ་པ་དང་པོ་དེ་བརྒྱབ་ཡོད་པ་རེད།གསར་འགོད་པས་རྣམ་གྲོལ་གླིང་གི་དྲུང་ཆེ་སློབ་དཔོན་འགྱུར་མེད་ལགས་སུ་སྔོན་ཁབ་རྒྱག་རྒྱུའི་བཀའ་འཁྲོལ་ཇི་ལྟར་ཐོབ་པ་སོགས་དང་འབྲེལ་བའི་བཀའ་འདྲི་ཞུས་ཡོད།གཞི་རྩའི་རྒྱ་གར་དབུས་འཕྲོད་བསྟེན་ལྷན་ཁང་ནས་ལོ་ན་ ༡༨ ཡན་ལ་སྔོན་ཁབ་རྒྱག་ཆོག་པའི་བཀའ་རྒྱ་བཏང་ཟིན་པ་དེ་ལྟར་ཡང་། སྔོན་ཁབ་དེ་རྒྱག་རྒྱུ་རག་པར་ངལ་བ་ཆེས་ཆེར་འཕྲད་པའི་གནས་སྟངས་ཆགས་ཡོད་པ་རེད། དེ་ཡང་རྒྱ་གར་སྒེར་པའི་སྨན་ཁང་དུ་སྔོན་ཁབ་བརྒྱབ་ཚེ་རིན་པར་ཧིན་སྒོར་ ༨༠༠ སྤྲོད་དགོས་པ་གསལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།