རྒྱལ་སྤྱིའི་ཐོག་དར་སྲོལ་ཆེ་བའི་ཨ་རིའི་ Apple འམ་ཀུ་ཤུ་རྟགས་ཅན་གྱི་བཟོ་ལས་ཁང་གིས་རྒྱ་ནག་སྤྱི་དང་ཧོང་ཀོང་། དེ་བཞིན་ཐེ་ཝན་བཅས་ཀྱི་ནང་ལ་བཟོ་ལས་ཁང་དེས་བཟོས་པའི་ལག་ཐོགས་ཁ་པར་གཙོ་གྱུར་འཕྲུལ་རིགས་ཀྱི་ཡོ་བྱད་ཁག་གི་སྟེང་དུ་རྒྱ་ནག་དང་འབྲེལ་བའི་ཚོར་བ་རྣོ་བའི་མིང་ཚིག་རིགས་བརྐོ་བར་དམ་དྲག་བྱེད་བཞིན་འདུག
གཞི་རྩའི་ད་ལྟའི་ཆར་ཀུ་ཤུ་རྟགས་ཅན་བཟོ་ལས་ཁང་གིས་བཟོ་ཁང་གི་དེས་བཟོས་པའི་ལག་ཐོགས་ཁ་པར་གཙོས་འཕྲུལ་ཆས་ཁག་གི་སྟེང་དུ་དོ་བདག་གི་འདོད་མོས་ལྟར་རང་ཉིད་ཀྱི་མིང་དང་སོ་སོའི་དགའ་མོས་བྱེད་ཡུལ་གང་ཟག་གི་མིང་། དེ་བཞིན་འདོད་མོས་ཡོད་པའི་ཐ་སྙད་ཅི་རིགས་རྐོ་སྲོལ་ཡོད་ཀྱང་། ཁ་སང་ New York Post གསར་ཁང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་ཨ་རིའི་འཕྲུལ་རིགས་དང་འབྲེལ་བའི་བཟོ་ལས་ཁང་ཆེ་གྲས་ཀུ་ཤུ་རྟགས་ཅན་གྱི་བཟོ་ལས་ཁང་ནས་རྒྱ་ནག་དང་ཧོང་ཀོང་། དེ་བཞིན་ཐེ་ཝན་བཅས་ཀྱི་ནང་ལ་ཀུ་ཤུ་རྟགས་ཅན་གྱི་ལག་ཐོགས་ཁ་པར་དང་། iPads Air Pods Air tags བཅས་བེད་སྤྱོད་བྱེད་མཁན་གྱི་གང་ཟག་རྣམས་ནས་སོ་སོའི་འཕྲུལ་ཆས་དེ་དག་སྟེང་དུ་༸གོང་ས་མཆོག་དང་། Ai Weiwei དེ་བཞིན་ Liu Xiaobo བཅས་རྒྱ་ནག་དང་འབྲེལ་བའི་ཚོར་བ་རྣོ་བའི་གནད་ཡོད་མི་སྣའི་མཚན་དང་འོས་བསྡུ་དང་ཆབ་སྲིད་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་། མང་གཙོ་དང་འབྲེལ་བའི་མིང་ཚིག་རྣམས་བཀོལ་སྤྱོད་གནང་རྒྱུར་བཀག་སྡོམ་བྱས་ཡོད་པ་གསལ་འདུག
ས་གནས་དེ་དག་ནང་ལ་ཀུ་ཤུ་རྟགས་ཅན་གྱི་འཕྲུལ་ཆས་བེད་སྤྱོད་བྱེད་མཁན་རྣམས་ནས་རྒྱ་ནག་གི་ཆབ་སྲིད་དང་འབྲེལ་བའི་གནད་དོན་ཙམ་མ་ཟད་གནད་དོན་དེ་དག་མཚོན་པའི་ཨང་གྲངས་ཀྱི་རིགས་ཀྱང་བརྐོ་འབྲི་བྱེད་དུ་འཇུག་གི་མེད་པ་དང་། གཙོ་བོ་ཐེ་ཝན་དང་ཧོང་ཀོང་ནང་ལ་ ༨༩༦༤ ཞེས་ཕྱི་ལོ་ ༡༩༨༩ ལོར་བྱུང་བའི་དྲུག་བཞིའི་དོན་རྐྱེན་གྱི་གནད་དོན་མཚོན་པའི་ཨང་གྲངས་བཞི་པོ་དེ་དག་ཀུ་ཤུ་རྟགས་ཅན་གྱི་འཕྲུལ་ཆས་ཁག་གི་སྟེང་དུ་བརྐོ་འབྲི་གནང་རྒྱུར་བཀག་སྡོམ་ཤུགས་བྱེད་བཞིན་ཡོད་པ་རེད།
དེ་བཞིན་གསར་འགོད་ཀྱི་རང་དབང་དང་འོས་སྡུའི་ཐོབ་ཐང་སོགས་རང་དབང་དང་འབྲེལ་བའི་ཐ་སྙད། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་མའོ་ཙེ་ཏུང་སོགས་འགོ་ཁྲིད་ལ་ཟུར་ཟ་གནང་བའི་ཐ་སྙད། གཞན་ཡང་རྩ་རླུང་ཆོས་འཁོར་སོགས་ཆོས་ལུགས་དང་འབྲེལ་བའི་མིང་ཚིག་ཁག་བཀོལ་སྤྱོད་ལ་བཀག་སྡོམ་ཆེས་བྱེད་བཞིན་ཡོད་པ་གསལ་འདུག ཁེ་ན་ཌའི་ཊོ་རོན་ཊོ་གཙུག་ལག་སློབ་གཉེར་ཁང་གིས་ཉམས་ཞིབ་གནང་འབྲས་སུ་ཀུ་ཤུ་རྟགས་ཅན་གྱི་བཟོ་ལས་ཁང་ནས་ཐེ་ཝན་དང་ཧོང་ནང་དུ་ཆབ་སྲིད་དང་འབྲེལ་བའི་གནད་དོན་ཐོག་དམ་དྲག་རིགས་བྱེད་བཞིན་པ་དེ་ནི་བཟོ་ལས་ཁང་རང་ཉིད་ཀྱི་རྩ་བའི་དམ་བཅའ་དང་འགལ་བ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། བཟོ་ལས་ཁང་གིས་ད་བར་དམ་དྲག་དང་འབྲེལ་གནད་དོན་ཐད་ལ་ཁྲིམས་མཐུན་གྱི་གསལ་བཤད་གནང་ཐུབ་མེད་ཅེས་གསུངས་འདུག
གཞི་རྩའི་ཀུ་ཤུ་རྟགས་ཅན་གྱི་བཟོ་ལས་ཁང་ནས་འདས་པའི་ལོ་དུས་ནང་ལ་དཔལ་འབྱོར་གྱི་ཁེ་ཕན་ལ་དམིགས་ཏེ་རྒྱ་ནག་གི་འདོད་མོས་ལྟར་བོད་དང་ཤིན་ཅང་། ཧོང་ཀོང་དང་ཐེ་ཝན་སོགས་ཀྱི་ནང་ལ་བཟོ་ལས་ཁང་དེས་བཟོས་པའི་ལག་ཐོགས་ཁ་པར་བེད་སྤྱོད་བྱེད་མཁན་ཚོ་ལ་གསང་བའི་རྟོག་ཞིབ་བྱས་པ་དང་། འཕྲུལ་ཆས་ནང་ལ་རྒྱ་ནག་དང་འབྲེལ་བའི་ཚོར་བ་རྣོ་བའི་ཐ་སྙད་སྤྱོད་ཡོད་མེད་ལ་སོགས་པའི་གནས་ཚུལ་རིམ་པས་ཐོན་ཡོད་པ་ལྟར། བོད་མིའི་ལས་འགུལ་བ་རྣམས་ཀྱིས་ཀྱང་ཀུ་ཤུ་རྟགས་ཅན་གྱི་ཚོང་ལས་ཁང་ནས་རྒྱ་ནག་དང་མཉམ་དུ་ངན་པ་ལག་སྦྲེལ་གྱི་བྱ་སྤྱོད་མཚམས་འཇོག་དགོས་པའི་ལས་འགུལ་མང་དག་ཅིག་སྤེལ་ཡོད།
རྒྱ་ནག་དང་འབྲེལ་བའི་ཚོར་བ་རྣོ་བའི་མིང་ཚིག་བཀོལ་སྤྱོད་ལ་བཀག་སྡོམ།
Tibetan News Headlines
- Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
- Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
- China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
- Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
- Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
- China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
- History Feature: Tsarong Dasang Damdul
ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩
- ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
- རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
- དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
- Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
- ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
- རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
- བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།




