Tibetan Royal Year of 2151 | Year of the Wood Dragon

བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པས་ཨ་རིའི་གཞུང་དང་ཚོགས་དྲུང་ལས་ཁུངས་གཉིས་སུ་ཞུ་སྐུལ་དང་འབྲེལ་ཚོགས་ཆེན་མཇུག་སྒྲིལ།

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

ཨ་རིའི་གཞུང་ལ་༸གོང་ས་མཆོག་རྒྱ་ནག་གི་རི་བོ་རྩེ་ལྔར་ཆིབས་བསྒྱུར་སླད་ཕྱག་རོགས་གནང་དགོས་པའི་ཞུ་སྐུལ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་ལ་གྲོས་ཚོགས་འཚོགས་མ་ཐུབ་པའི་ད་ལྟའི་དཀའ་ངལ་འཕྲལ་མར་སེལ་དགོས་པ་བཅས་སྤྱི་མོས་ཀྱི་ཞུ་སྐུལ་དོན་ཚན་གཉིས་གཏན་འབེབས་གནང་བའི་ཐོག་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ པ་མཇུག་སྒྲིལ་གནང་འདུགཕྱི་ཟླ་ ༩ ཚེས་ ༤ ནས་ཉིན་གྲངས་གཉིས་དང་ཕྱེད་ཀའི་རིང་ཨ་རིའི་ནུབ་ཕྱོགས་ཡུ་ཌ་མངའ་སྡེའི་གྲོང་ཁྱེར་ Salt Lake City ས་གནས་སུ་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ པ་དེ་ཚོགས་ཡོད་པ་དང་། ཚོགས་ཆེན་དེ་ནི་རྐང་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་ཁང་དང་ཡུ་ཌ་བོད་རིགས་སྤྱི་ཚོགས་པ་གཉིས་ཟུང་འབྲེལ་གྱི་ཐོག་ནས་གོ་སྒྲིག་གནང་བ་ཞིག་ཡིན་ཅིང་། ཏོག་དབྱིབས་གཉན་རིམས་ཁྱབ་གདལ་རྐྱེན་པས་འགྲོ་འོང་སོགས་ལ་བཀག་སྡོམ་གནང་བར་བརྟེན་ཁེ་ན་ཌའི་བོད་རིགས་སྤྱི་མཐུན་ཚོགས་པའི་སྐུ་ཚབ་ཚོགས་ཞུགས་གནང་ཐུབ་མེད་པ་ལས་དེ་མིན་བྱང་ཨ་རིའི་ནང་ཡོད་པའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ ༡༦ ཙམ་གྱི་ཚོགས་བཅར་བ་ ༣༠ ལྷག་མཉམ་ཞུགས་གནང་འདུགཚོགས་ཆེན་ཐོག་ཚོགས་ཞུགས་སྐུ་ཚབ་རྣམས་ནས་བྱང་ཨ་རིའི་ས་གནས་ཁག་ཏུ་ཆབ་སྲིད་ཀྱི་ལས་དོན་སྤེལ་ཕྱོགས་དང་འབྲེལ་དབུས་དང་ས་གནས་མངའ་སྡེ་སོ་སོའི་ནང་གྲོས་ཚོགས་འཐུས་མིའི་འོས་བསྡུ་སྐབས་སུ་འོས་བསྡུར་བཞེངས་མཁན་འོས་མི་ཚོར་འབྲེལ་བ་ཞུ་ཕྱོགས་དང་བོད་དོན་ཞུ་གཏུག་གི་ལས་འགུལ་ནུས་ཤུགས་ལྡན་པའི་སྒོ་ནས་སྤེལ་ཐབས། དེ་བཞིན་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་དབར་ཕན་ཚུན་དགོངས་ཚུལ་དང་རིག་གཞུང་སྤེལ་རེས་སོགས་ཀྱི་གནད་དོན་མང་དག་ཅིག་གི་ཐོག་གྲོས་བསྡུར་ལྷུག་པོ་གནང་བ་མ་ཟད། ཚོགས་ཆེན་མཇུག་སྒྲིལ་སྐབས་ཨ་རིའི་གཞུང་ལ་༸གོང་ས་མཆོག་རྒྱ་ནག་གི་རི་བོ་རྩེ་ལྔར་ཆིབས་བསྒྱུར་སླད་ཕྱག་རོགས་གནང་དགོས་པའི་ཞུ་སྐུལ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་ལ་གྲོས་ཚོགས་འཚོགས་མ་ཐུབ་པའི་ད་ལྟའི་དཀའ་ངལ་འཕྲལ་མར་སེལ་དགོས་པ་བཅས་སྤྱི་མོས་ཀྱི་ཞུ་སྐུལ་དོན་ཚན་གཉིས་ལ་ཚང་མས་མོས་མཐུན་གྱིས་མཚན་རྟགས་བཀོད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།