Tibetan Royal Year of 2151 | Year of the Wood Dragon

བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༥ ལེགས་གྲུབ་བྱུང་འདུག

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༥ མཇུག་སྒྲིལ་དང་འབྲེལ། རིང་མིན་ཕྱི་ལོ་ ༢༠༡༧ ལོར་བྱང་ཨ་རིའི་ཁུལ་དུ་མི་མང་འདུ་འཛོམས་དང་ཞུ་གཏུག་གི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་རྒྱུ་ཐག་གཅོད་བྱུང་འདུག
དེའང་བྱ་ཨ་རི་བོད་ཀྱི་སྐུ་ཚབ་dcདོན་གཅོད་ཁང་གིས་གཙོ་འགན་བཞེས་ཐོག་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༥ འདི་བཞིན་ཀོ་ལོ་ར་དྲོ་མངའ་ཁུལ་གྱི་ Boulder ས་གནས་སུ་ཟླ་ ༡༡ ཚེས་ ༡༡ ནས་དབུ་འཛུགས་ཀྱིས་ཚེས་ ༡༣ བར་ཉིན་གསུམ་རིང་ཚོགས་ཡོད་པ་རེད།

ཁ་སང་ཚེས་ ༡༣ ཉིན་ཚོགས་ཆེན་མཇུག་སྒྲིལ་དང་འབྲེལ་བྱང་ཨ་རིའི་ཁུལ་དུ་བོད་མི་རིགས་ཀྱི་ཆོས་རིག་སྲུང་སྐྱོབ་གནང་ཕྱིར་གཟའ་འཇུག་སློབ་གྲྭའི་དགེ་རྒན་ཁག་ཅིག་ལ་སློབ་ཁྲིད་ཀྱི་ནུས་པ་གོང་འཕེལ་གཏོང་ཐབས་ཀྱི་ཟབ་སྦྱོང་ཕུལ་རྒྱུ། དཔལ་འབྱོར་འདུ་འགོད། དེ་བཞིན་ཆབ་སྲིད་ཀྱི་ལས་དོན་སྤེལ་ཕྱོགས་སོགས་ཀྱི་གྲོས་གཞི་དོན་ཚན་ལྔ་ཅན་ཞིག་གཏན་འབེབས་གནང་འདུག

ལྷག་དོན་ཆབ་སྲིད་ཀྱི་ལས་དོན་སྤེལ་ཕྱོགས་དང་འབྲེལ་རིང་མིན་ཕྱི་ལོ་ ༢༠༡༧ ལོར་coloཨ་རིའི་ནིའུ་གྲོང་ཁྱེར་ནང་དུ་མི་མང་འདུ་འཛོམས་ཀྱི་ལས་འགུལ་སྤེལ་རྒྱུ། ཨ་རིའི་གྲོང་ཁྱེར་ཝ་ཤིང་ཊོན་ཌི་སི་དང་ཁེ་ན་ཌའི་གྲོང་ཁྱེར་ཨོ་ཊ་ཝ་གཉིས་ཀྱི་ནང་དུ་ཞུ་གཏུག་གི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་རྒྱུ་ཐག་གཅོད་བྱུང་འདུག

དེ་བཞིན་ད་ལན་གྱི་ཚོགས་ཆེན་དེའི་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་ས་གནས་སུ་ཡོད་པའི་རྒྱ་རིགས་རྣམས་དང་འབྲེལ་མཐུད་ཀྱི་ནུས་པ་གོང་འཕེལ་གཏོང་རྒྱུ། ལྷག་དོན་ཨ་རིའི་སྲིད་འཛིན་གསར་པར་ཨ་རིའི་གཞུང་ནས་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བ་དང་སྲིད་འཛིན་ཁོང་གིས་ཀྱང་༸གོང་ས་མཆོག་དང་ལྷན་མཇལ་གང་མགྱོགས་ཞུ་དགོས་པའི་འབོད་སྐུལ་ཞུས་འདུག

རྩ་བའི་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༦ དེ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཚོགས་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།