Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས་ནས་དོལ་རྒྱལ་རྗེས་འབྲང་པའི་བསྙོན་འཛུགས་ལ་ལན་འདེབས་ཀྱི་གློག་བརྙན་དང་དཔེ་དེབ་འདོན་སྤེལ་གནང་པ།

Tibetan News Headlines

  • His Holiness the Dalai Lama confers Mahakala Blessing (Gonpo Jenang)
  • In depth: Taiwan’s new government policy on Tibet and China

རེས་གཟའ་སྤེན་པ། ༢༠༢༤།༠༥།༡༨

  • ༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།
  • ཐེ་ཝན་གཞུང་འཛིན་གསར་པས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་སྐོར།

བོད་མིའི་སྒྲིག་འཛུགས་ཀྱིས་དོལ་རྒྱལ་རྗེས་འབྲང་པའི་བསྙོན་འཛུགས་ལ་ལན་འདེབས་ཞེས་པའི་གློག་བརྙན་དང་། དོལ་རྒྱལ་སྐོར་སྤང་བླང་བྱེད་སྒོའི་ཡིག་ཆ་ཕྱོགས་སྒྲིག་གི་དཔེ་དེབ་གཅིག་འདོན་སྤེལ་གནང་པ་དང་འབྲེལ། སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་ནས་མ་བདེན་པ་དེ་བདེན་པ་བཟོ་ཐུབ་རྒྱུ1་མེད་པ་མ་ཟད། ལྷག་དོན་རྒྱ་གཞུང་གི་ལས་དོན་དེ་ལམ་ལྷོང་ཡོང་གི་མ་རེད་ཅེས་གསུངས་སོང།
དེ་རིང་ཟླ་ ༡༡ ཚེས་ ༡༤ ཉིན་སྔ་དྲོ་ཚོུད་ ༡༡།༣༠ སྟེང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ངོས་ནས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་བློ་བཟང་སེང་གེ་མཆོག་མཆོག་གདན་ཞུས་གནང་སྟེ། Shugden Protestors: Allegations Vs Fact ཞེས་དོལ་རྒྱལ་རྗེས་འབྲང་པའི་བསྙོན་འཛུགས་ལ་ལན་འདེབས་ཀྱི་སྐར་ ༡༢ ལྷག་ཡོད་པའི་དབྱིན་སྐད་གློག་བརྙན་དང། དེ་བཞིན་ བདེན་དོན་གསལ་བའི་ཉི་ཟེར་ཞེས་པའི་དོལ་རྒྱལ་སྐོར་སྤང་བླང་བྱེད་སྒོའི་ཡིག་ཆ་ཕྱོགས་སྒྲིག་གི་དཔེ་དེབ་གཅིག་བཅས་དབུ་འབྱེད་ཀྱིས་འདོན་སྤེལ་གནང་སོང་།

གཞི་རྩའི་བོད་མིའི་སྒྲིག་འཛུགས་ནས་དོལ་རྗེས་འབྲང་པའི་བསྙོན་འཛུགས་ལ་དངོས་ཐོག་བདེན་འཚོལ་གྱི་ལན་འདེབས་ཀྱི་གློག་བརྙན་དང་དོལ་རྒྱལ་སྐོར་སྤང་བླང་བྱེད་སྒོའི་ཡིག་ཆ་ཕྱོགས་སྒྲིག་གི་དཔེ་དེབ་བཅས་གཉིས་པོའི་ནང་།  ༸གོང་ས་མཆོག་གིས་དོལ་རྒྱལ་གྱི་གནད་དོན་ཐོག་སྔ་རྗེས་སུ་བསྩལ་བའི་བཀའ་སློབ་ཁག་ཟུར་བཏོན་ཞུས་པ་དང། དེ་བཞིན་བོ3ད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གནད་ཡོད་མི་སྣ་སོགས་ནས་དོལ་རྒྱལ་རྗེས་འབྲང་པའི་བྱ་སྤྱོད་ཐེར་བཏོན་གནང་པ།  བོད་མིའི་སྒྲིག་འཛུགས་ནས་དོལ་རྗེས་འབྲང་པར་འཛིན་པའི་དངོས་ཡོད་ཀྱི་སྲིད་བྱུས། གཞན་ཡང་དེ་སྔ་དོལ་རྗེས་འབྲང་པའི་ཚོགས་མི་བྱེད་མྱོང་ཡོད་པའི་བོད་མི་དང་ཕྱི་རྒྱལ་མི་སྣ་ཁག་གི་དངོས་ཡོད་མྱོང་ཚོར། ལྷག་དོན་རྒྱལ་སྤྱིའི་ནང་གི་Reuters གསར་ཁང་གིས་དོལ་རྒྱལ་ཐོག་སྤེལ་བའི་དཔྱད་རྩོམ་དང། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཚོགས་ཆེན་ཐོག་དོལ་རྒྱལ་གྱི་གནད་དོན་ཐོག་འཇོག་གནང་པའི་གྲོས་ཆོད་ཁག་གསལ་བཏོན་གནང་པ་ཞིག་ཆགས་ཀྱི་འདུག

སྐབས་དེར་སྲིད་སྐྱོང་མཆོག་གིས་ཉེ་བའི་ཆར་དོལ་རྒྱལ་རྗེས་འབྲང་པའི་ལས་འགུལ་སྤེལ་མཁན་ཉུང་ཤས་ལས་མེད་པ་ཆགས་ཡོད་པ་ལྟར། ད་རེས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འདོན་སྤེལ་ཞུས་པའི་གློག་བརྙན་དང་དཔེ་དེབ་འདི་གཉིས་གཙོ་བོ་སྤྱིར་ཕྱི་རྒྱལ་མི་རིགས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས། ལྷག་པར་དུ་བོད་ནང་ཡོད་པའི་བོད་མི་ཚོར་དོལ་རྒྱལ་རྗེས་འབྲང་པའི་བྱ་སྤྱོད་ངོ་མ་གང་ཡིན་གྱི་གོ་རྟོགས་གསལ་པོ་ཡོང་སླད་སོགས་ལ་ཆེད་དམིགས་ཀྱིས་འདོན་སྤེལ་གནང་པ་ཞིག་ཡིན་པ་གསུངས་སོང་།

དེ་བཞིན་སྲིད་སྐྱོང་མཆོག་གིས་རྒྱ་གཞུང་གི་ངོས་ནས་བོད་ནང་གི་བོད་མིར་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དེ་ཤེས་པའི་ཐོག གུ་ཡངས་ཀྱི་སྲིད་བྱུས་འཛིན་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་རེད་ཅེས་གསུངས་པ་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་ནས་དོལ་རྒྱལ་རྗེས་འབྲང་པ་སྦར་མོ་གང་ལས་མེད་2པ་དེ་དག་བེད་སྤྱོད་བྱས་ནས་གནས་ཚུལ་ལོག་པ་རྐྱང་རྐྱང་སྤྱོད་ནས་བསྡད་པ་ཡིན་ན། མ་བདེན་པ་དེ་བདེན་པ་བཟོ་ཐུབ་རྒྱུ་མེད་པ་མ་ཟད། ལྷག་དོན་རྒྱ་གཞུང་གི་ལས་དོན་དེ་ལམ་ལྷོང་ཡོང་གི་མ་རེད་ཅེས་གསུངས་སོང།

རྩ་བའི་སྔ་ལོའི་ཟླ་ ༡༢ ནང་དུ་རྒྱལ་སྤྱིའི་ཐོག་དར་སྤེལ་ཆེ་བའི་ Reuters གསར་ཁང་གིས་རྒྱ་ནག་གཞུང་གིས་དོལ་རྒྱལ་རྗེས་འབྲང་པ་རྣམས་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་སྤྱོད་ནས་བོད་ཀྱི་ཆབ་སྲིད་དང་རིག་གཞུང་གཙོ་བོར་གྱུར་པའི་བོད་བརྒྱུད་ནང་བསྟན་གི་ཆོས་བརྒྱུད་ཁག་གི་དབར་ལ་ནང་འཁྲུག་བཟོས་པ་མ་ཟད། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྱི་༸སྐུའི་གསང་བ་གསུམ་གྱི་མཛད་འཕྲིན་དང་མཚན་སྙན་ལ་མཚན་སྨད་ཞུ་བཞིན་ཡོད་པ་མངོན་གསལ་གྱི་དཔྱད་རྩོམ་ཞིག་སྤེལ་ཡོད་པ་རེད། ལྷག་པར་དུ་ཨ་རི་དང་རྒྱ་གར་དེ་བཞིན་རྒྱལ་སྤྱའི་གསང་བའི་ལས་ཁུངས་ཁག་ཅིག་གིས་ཀྱང་དོལ་རྒྱལ་གྱི་གནད་དོན་དེ་ནི་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་བདེ་འཇགས་སྲུང་སྐྱོབ་ཐོག་ལ་འགོག་རྐྱེན་ཆེ་ཤོས་ཤིག་ཆགས་ཡོད་པར་ནན་བརྗོད་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།