Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བོད་མིའི་སྒྲིག་འཛུགས་ནས་ ༢༠༡༦ ལོའི་དུས་འཁོར་དབང་ཆེན་ལོ་གཅིག་ཕར་འགྱངས།

བོད་མིའི་སྒྲིག་འཛུགས་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།

བོད་རྒྱལ་ལོ་ ༢༡༥༠ བོད་ཟླ་ ༡ ཚེས་ ༢༠ རྗེས་ཀྱི་གཟའ་ཚེས་དགེ་བའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་གཞིས་བྱེས་ལྷ་མི་ཡོངས་ཀྱི་ཚབ་ཞུས་ཏེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་འདུགཁ་ཉིན་ཕྱི་ཚེས་ ༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རིང་མིན་བོད་ཟླ་ ༡ ཚེས་ ༢༠ འམ་ཕྱི་ཟླ་ ༣ པའི་ཚེས་ ༡༢ རྗེས་ཀྱི་གཟའ་ཚེས་དགེ་བའི་ཉིན་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་གཞིས་བྱེས་ལྷ་མི་ཡོངས་ཀྱི་ཚབ་ཞུས་ཏེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པས། བླ་སློབ་དད་དམ་དང་སྤྱི་མཐུན་དགེ་ཚོགས་རྟེན་འབྲེལ་མཚོན་ཕྱིར་བློས་བཅད་ཞལ་འདེབས་འབུལ་བློ་ཡོད་མཁན་རྣམས་ནས་རང་རང་སོ་སོའི་གནས་ཡུལ་ས་གནས་འགོ་འཛིན་ལས་ཁུངས་དང་། བོད་རིགས་ཚོགས་འམ་བོད་རིགས་སྤྱི་མཐུན་ཚོགས་པ་སོ་སོས་སྐུ་ཚབ་དོན་གཅོད་ལས་ཁུངས་བརྒྱུད་ཆོས་རིགས་ལས་ཁུངས་སུ་འབུལ་གཏོང་དགོས་པ་གསུངས་འདུག འདི་གའི་གསར་འགོད་པའི་དེ་རིང་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་སུ་དེ་འབྲེལ་བཀའ་འདྲི་ཞུ་སྐབས་ཁོང་གིས། བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་དུ་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ལ་སྐྱབས་འཇུག་ཞུས་ཡོད་སྐོར་སོགས་གསུངས་སོང་། བོད་མིའི་སྒྲིག་འཛུགས་ཀྱི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ནང་དུ། ཚོགས་གཙོ་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་གཙོས་པའི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་བཅས་ཚོགས་མི་ ༨ ཡོད་པ་དང་།...

༸རྒྱལ་བ་རྫོགས་ཆེན་ཡིད་བཞིན་ནོར་བུ་འཇིགས་མེད་བློ་གསལ་དབང་པོ་མཆོག་གིས་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བརྒྱད་པར་ཞལ་བཞེས་གནང་མི་འདུག

དེའང་འདི་ལོ་མགོ་སྟོད་ཟླ་ ༡ ཚེས་ ༡༥ ཉིན་གནས་མཆོག་རྡོ་རྗེ་གདན་བྱང་ཆུབ་མཆོད་རྟེན་ཆེན་མོ་ནང་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོར་བཅར་བའི་རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་ཁག་ནས་ཕེབས་པའི་དགེ་འདུན་འདུས་མང་སྟོང་ཕྲག་བརྒལ་བ་ལྷན་འཛོམས་ཐོག་དཔལ་སྔ་འགྱུར་རྙིང་མའི་མཁན་བླ་སྤྲུལ་ཁག་དང་རྙིང་མའི་སྤྱི་འཐུས་རྣམ་པ། སྨོན་ལམ་ཆེན་མོའི་ཚོགས་གཙོ་དང་རྒྱུན་ལས་རྣམ་པས་དབུས་པའི་དགོན་སྡེ་ཁག་གི་སྐུ་ཚབ་དགེ་བསྐོས་རྣམ་པ་བཅས་ཀྱིས་སྔོན་གྱི་འགྲོ་ལུགས་གྲོས་ཆོད་གཏན་འབེབས་ལྟར་བཀའ་བསྡུར་གནང་འབྲས་སུ་སྨོན་ལམ་ཆེན་མོ་ཐེངས་ ༣༠ པ་དང་བསྟུན་རྙིང་མའི་དབུ་འཛིན་ཁྲི་རབས་བརྒྱད་པར་༸རྒྱལ་བ་རྫོགས་ཆེན་ཡིད་བཞིན་ནོར་བུ་འཇིགས་མེད་བློ་གསལ་དབང་པོ་མཆོག་བསྐོ་གཞག་གནང་ཡོད་ཀྱང་། ༸རྒྱལ་བ་རྫོགས་ཆེན་རིན་པོ་ཆེ་མཆོག་སྨོན་ལམ་ཆེན་མོར་ཚོགས་བཅར་གནང་མེད་སྟབས་རིམ་པས་རིན་པོ་ཆེ་མཆོག་གི་སྐུ་མདུན་དུ་ཆེད་བཅར་གྱིས་ཁྲི་འཛིན་གྱི་ཐུགས་འགན་བཞེས་རྒྱུར་གསོལ་འདེབས་སྙན་གསེང་ཞུ་རྒྱུར་ཐུགས་ཐག་བཅད་དོན་ལྟར། ཁ་སང་ཕྱི་ཟླ་ ༥ ཚེས་ ༢༩ ཉིན་རྙིང་མའི་ཆོས་བརྒྱུད་འཛིན་པ་ཡོངས་ཀྱི་སྐུ་ཚབ་གཙོས་པའི་ཚོགས་ཆུང་ཞིག་ཆེད་བཅར་གྱིས་རིན་པོ་ཆེ་མཆོག་ལ་དབུ་འཛིན་ཁྲི་རབས་བརྒྱད་པའི་ཐུགས་འགན་བཞེས་གནང་ཡོང་བའི་གསོལ་འདེབས་ཞུས་ཡོད་ཀྱང་བཀའ་བཞེས་སྨིན་བསྩལ་ཐོབ་མི་འདུགརིན་པོ་ཆེ་མཆོག་གིས་ Dzogchen Buddhism ཞེས་པའི་ངོ་དེབ་ཐོག་ཏུ་སྔ་འགྱུར་རྙིང་མའི་སྐུ་ཚབ་ཚོགས་ཆུང་ནས་ཁྲི་རབས་བརྒྱད་པའི་ཐུགས་འགན་བཞེས་རྒྱུར་གསོལ་འདེབས་ཞུས་ཡོད་ནའང་། རིན་པོ་ཆེ་མཆོག་གི་སློབ་སྟོན་པའི་ལམ་སྟོན་ཕུལ་ཁག་དང་ཕྱག་མོ། དེ་བཞིན་༸སྐུའི་འཕྲོད་བཞེས་བཅས་ལ་གཞིགས་ནས་དབུ་འཛིན་གྱི་ཐུགས་འགན་བཞེས་རྒྱུ་མིན་པར་ཐུགས་ཐག་བཅད་ཡོད་ཅེས་བཀའ་བསྩལ་བ་དང་ཆབས་ཅིག སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པ་ཡོངས་ཀྱི་སྐུ་ཚབ་རྣམས་ཀྱིས་གཙོས་པའི་འབྲེལ་ཡོད་ཀུན་ནས་རིན་པོ་ཆེ་མཆོག་ལ་དེ་ལྟར་ཡིད་ཆེས་གནང་བར་ཐུགས་རྗེ་ཆེ་ཞེས་གསུང་འཕྲིན་བསྩལ་འདུག་པ་མ་ཟད། ལྷག་དོན་རིན་པོ་ཆེ་མཆོག་གིས་སྔ་འགྱུར་རྙིང་མའི་༸རྒྱལ་བ་རྫོགས་ཆེན་པའི་ཆོས་བརྒྱུད་ཀྱི་བསྟན་པ་འདི་འཛིན་སྐྱོང་སྤེལ་གསུམ་གྱི་ཐོག་ལ་ཐུགས་འགན་རྒྱ་གང་ཆེ་བཞེས་ཐུབ་པར་ཐུགས་རེ་ཆེན་པོ་ཡོད་ཅེས་བཀའ་ནན་བསྩལ་འདུགའདི་ག་རླུང་འཕྲིན་ཁང་གིས་སྔ་འགྱུར་རྙིང་མའི་བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་སུ་བཅར་འདྲི་ཁག་གཅིག་ཞུས་པར་ཁོང་གིས་རིན་པོ་ཆེ་མཆོག་ནས་བསྟན་པ་སྤྱི་དང་བྱེ་བྲག་བཅས་ལ་ཐུགས་བསྐྱེད་མཛད་འཕྲིན་རྒྱ་ཆེར་བསྐྱངས་དང་སྐྱོང་བཞིན་ཡང་དབུ་འཛིན་གྱི་མཚན་གནས་བཞེས་རྒྱུར་༸སྐུ་སྒེར་གྱི་དགོངས་བཞེས་དང་དེ་བཞིན་འཕྲོད་བསྟེན་གྱི་ལམ་སྟོན་གནས་བབས་བཅས་ཀྱི་ཐོག་ནས་ཞལ་བཞེས་གནང་མེད་སྐོར་གསུངས་སོང་།ད་དུང་ཁོང་གིས་སླད་མར་སྔ་འགྱུར་རྙིང་མའི་དབུ་འཛིན་ཕེབས་ཕྱོགས་སྐོར་སྔོན་ནས་ཐག་གཅོད་གནང་བ་བཞིན་འདི་ལོའི་རྡོ་གདན་རྙིང་མའི་སྨོན་ལམ་ཆེན་མོའི་སྐབས་རྙིང་མའི་བླ་ཆེན་ཁག་དང་སྐུ་ཚབ་བཅས་གོ་བསྡུར་གྱིས་གནང་ཕྱོགས་ཡོང་རྒྱུ་ཡིན་པར་ངོ་སྤྲོད་གནང་ཡོད། ཐེངས་འདིའི་གསོལ་འདེབས་ཞུ་མཁན་ཁོངས་སུ་སྔ་འགྱུར་རྙིང་མའི་མ་དགོན་ཁག་གི་སྐུ་ཚབ་དང་། རྡོ་གདན་རྙིང་མའི་སྨོན་ལམ་གྱི་རྒྱུན་ལས། བལ་ཡུལ། འབྲས་ལྗོངས།...

བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་ནང་གི་བོད་མི་ཚོར་ GST ཁྲལ་སྐོར་རམ་འདེགས་གནང་རྒྱུ་རེད་འདུག

འདས་པའི་ཟླ་ཤས་ནས་རྒྱ་གར་གཞུང་གི་དངོས་ཟོག་དང་ཞབས་ཞུའི་ཁྲལ་ GST དེ་གཏན་འབེབས་བྱུང་རྗེས་རྒྱ་གར་བ་ཙམ་དུ་མ་ཟད་རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་བ་མང་པོ་ཞིག་ལ་ GST སྐོར་གོ་རྟོགས་མེད་རྐྱེན་དཀའ ་ངལ་ཇེ་སྙེད་ཅིག་འཕྲད་མུས་ཡིན་སྟབས། དེ་རིང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་ཡར་རྒྱས་ཚོང་ལས་རམ་འདེགས་ལས་གཞི་ཚན་པའི་གོ་སྒྲིག་འོག་བཞུགས་སྒར་ཉེ་འཁྲིས་དབུས་སྣེ་ལེན་ཁང་དུ་བོད་ཕྲུག་ཁག་ཅིག་ལ་ GST ཁྲལ་སྐོར་ཟླ་བ་གཅིག་གི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་སོང་། ཟབ་སྦྱོང་འདིའི་ཐོག་མོན་གྷོ་དང་སྦེལ་ཀོབ། ལ་དྭགས། ལྡི་ལི་སོགས་བོད་མིའི་གཞིས་སྒར་ཁག་ཅིག་ནས་ཚོང་རིག་ཐོག་ལ་མཐོ་རིམ་དང་གཙུག་ལག་རབ་འབྱམས་པ་ཐོན་མཁན་སློབ་མ་ ༡༢ ནས་མཉམ་ཞུགས་གནང་འདུག་པ་དང་། ཁོང་རྣམས་ལ་ ICA འམ་རྒྱ་གར་རྒྱལ་ཡོངས་རྩིས་རིག་ཁྱད་མཁས་ལྷན་ཚོགས་ཀྱི་ཚོགས་མི་རྒྱ་གར་བ་ཆེད་ལས་མི་སྣ་ཁག་ཅིག་གིས་ཟབ་འཁྲིད་གནང་གི་འདུག དེ་རིང་སྔ་དྲོ་ཚོུད་༩༣༠སྟེང་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྒྲིག་འཛུགས་ཀྱི་ལས་གཞི་འདིའི་གལ་གནད་སྐོར་གསུང་བཤད་གནང་བའི་ཁྲོད། བཀའ་བློན་མཆོག་གིས་ཕྱི་རྒྱལ་གཙོས་པའི་རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་བ་ཚང་མས་རང་གི་གནས་ཚུལ་རྒྱལ་ཁབ་ཀྱི་ཁྲིམས་ལ་བརྩི་བཀུར་ཞུ་རྒྱུ་ནི་བཅའ་ཁྲིམས་ནས་བཀུར་བའི་ལས་འགན་ཞིག་ཡིན་པར་དྲན་སྐུལ་གནང་བ་དང་སྦྲགས། རྒྱ་གར་ནང་ལ་ཉེ་ལམ་ GST ཁྲལ་དང་འབྲེལ་བའི་ཁྲིམས་གསར་པ་གཏན་འབེབས་བྱུང་ཡོད་སྟབས། ང་ཚོ་བོད་མི་ཚོའི་ངོས་ནས་ GST དེ་གལ་ཆེར་ངོས་འཛིན་གྱིས་ཁྲིམས་མཐུན་གནང་གལ་ཡིན་པ་ལམ་སྟོན་གནང་སོང་། ལྷག་པར་དུ་དཔལ་འབྱོར་བཀའ་བློན་མཆོག་གིས་ཐེངས་འདིའི་ཟླ་བ་གཅིག་གི་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་གཅིག་ནི་ཚོགས་བཅར་བ་རྣམས་ལ་GST...

བོད་མིའི་སྒྲིག་འཛུགས་ནས་བདག་ཉིད་ཆེན་པོ་གྷན་དྷིའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

བོད་མིའི་སྒྲིག་འཛུགས་ནས་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གིས་འཁྲུངས་སྐར་སྲུང་བརྩི་དང་འབྲེལ། སྲིད་སྐྱོང་མཆོག་གིས་རྒྱ་གར་ལྟར་ནམ་ཞིག་བོད་མིའི་འཚེ་མེད་ཞི་བའི་ཐབས་རྩོད་ལ་རྒྱལ་ཁ་ཐོབ་རྒྱུའི་སྨོན་འདུན་ཞུས་སོང་། དེ་རིང་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་འཁྲུངས་སྐར་ཉིན་མོ་དང་བསྟུན་རྒྱ་གར་རྒྱལ་ཡོངས་ལས་ཁུངས་ཁག་གུང་སེང་བཞག་ནས་ཉིན་མོ་འདི་གཞུང་འབྲེལ་ཐོག་སྲུང་བརྩི་ཞུས་བ་མ་ཟད། རྒྱལ་སྤྱིའི་ནང་དུ་ཉིན་འདི་འཚེ་མེད་ཞི་བའི་ཉིན་མོ་ཞེས་སྲུང་བརྩི་ཞུ་གྱི་ཡོད་པ་རེད། དེ་རིང་ཕྱི་ཟླ་ ༡༠ ཕྱི་ཚེས་ ༢ ཉིན་སྔ་དྲོ་ཚོུད་ ༨།༣༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་བཅས་བཀའ་ཤག་ཏུ་ལྷན་འཛོམས་ཐོག་ཆེས་ཐོག་མར་རྒྱ་གར་གྱི་རྒྱལ་གླུ་དབྱངས་སུ་གྱེར་པ་དང་དུས་མཚུངས་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་ཀྱིས་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་སོང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མེས་པོ་དམ་པ་གྷན་དྷི་མཆོ་གིས་འཚེ་མེད་ཞི་བའི་ཐབས་ལམ་དང་གཙང་སྦྲ་འཕྲོད་བསྟེན། དེ་བཞིན་ཤེས་ཡོན་བཅས་ཀྱི་ཐོག་ལམ་སྟོན་གནང་ཁག་ཡིད་ལ་བཅང་ཐོག་ལག་བསྟར་གནང་པ་ཡིན་ན། རྒྱ་གར་གྱི་རྩ་དོན་བསྒྲུབས་པ་ལྟར་བོད་མི་ཚོ་ཡིན་ནའང་རྩ་དོན་དེ་མཚུངས་བསྒྲུབ་ཀྱི་རེད་ཅེས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ནས་གསར་འབྱོར་ཚོར་མཐུན་འགྱུར་གང་ཐུབ་སྦྱོར་བཞིན་ཡོད་ཅེས་གསུངས་སོང་།

གྲོས་ཚོགས་སུ་ཁ་སང་དང་དེ་རིང་ཉིན་རྒྱབ་མུ་མཐུད་བོད་མི་སྒྲིག་འཛིགས་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་བཅས་གནང་སྐབས། བོད་ནས་གསར་དུ་འབྱོར་བའི་བོད་མི་རྣམས་ཀྱི་འཚོ་རྟེན་དང་རྒན་གཅོང་ཉམ་ཐག་ཚོར་མཐུན་རྐྱེནན་སྦྱོར་སྤྲོད་སྐོར་དང་། བོད་མི་ཚོགས་ཁག་གཅིག་ལ་བཞུགས་སའི་དཀའ་ངལ་ཆེན་པོ་འཕྲད་མུས་ཀྱི་སྐོར་ལ་བཀའ་བསྡུར་ལྷུག་པོ་གནང་སོང་། དེ་ཡང་བགྲོ་གླེང་སྐབས་སྤྱི་འཐུས་གཅིག་གིས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ལ་ད་བར་བོད་ནས་གསར་དུ་འབྱོར་བའི་བོད་མིའི་སྡོད་ཁང་གསར་རྒྱག་དང་འབྲེལ་བའི་སྙན་ཞུ་འབུལ་མཁན་ཚོགས་ཁག་ག་ཚོད་བྱུང་མིན་དང་དེ་དག་ལ་བཀའ་ཤག་གི་ངོས་ནས་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་བཙུགས་ཐོག་གསར་འབྱོར་གྱི་འཚོ་རྟེན་དང་འབྲེལ་བའི་དམིགས་བསལ་སྲིད་བྱུས་ཤིག་གཏན་འབེབས་གནང་དགོས་ཀྱི་འདུག་ཅེས་གསུངས་སོང་བ་ལྟར། དེར་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་གིས་ད་བར་བོད་མི་གསར་འབྱོར་ཚོར་མཐུན་འགྱུར་གང་ཐུབ་སྦྱོར་བཞིན་ཡོད་ཅེས་གསུངས་སོང་། སྤྱི་འཐུས་གཞན་ཞིག་ནས་འདི་ལོ་ནང་སྲིད་ལས་ཁུངས་ཀྱི་རྩིས་ལོའི་ནང་ཉམ་ཐག་ཁོངས་ནས་རང་མོས་ཕྱིར་འཐེན་ཞུས་པ་ཕོ་མོ་གྲངས་ ༡༠ བྱུང་ཡོད་པར་བསྔགས་བརྗོད་ཞུས་ནའང་། ང་ཚོའི་སྤྱི་ཚོགས་ནང་ཉག་ཐག་རོགས་སྐྱོར་ཞུ་མཁན་གྱི་གྲངས་འབོར་དེ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པ་དེ་ལམ་སྲོལ་ངན་པ་ཞིག་ཆགས་རྒྱུའི་ཉེན་ཁ་ལས་ལྡོག་ཐབས་སུ་སྒྲིག་འཛུགས་ནས་དེའི་ཐོག་དམིགས་བསལ་རྟོག་ཞིབ་གནང་གལ་ཡིན་པ་གསུངས་ཡོད། སྐབས་དེར་ནང་སྲིད་བཀའ་བློན་མཆོག་ནས་དེ་སྔ་བཀའ་ཤག་གིས་ཆེད་བཙུགས་གནང་པའི་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་གིས་ཉམ་ཐག་ལྟ་སྐྱོང་ཞུ་ཕྱོགས་ཐད་འདོན་སྤེལ་གནང་པའི་སྙན་ཐོ་ལུ ང་འདྲེན་གྱིས་བོད་མིའི་སྒྲིག་འཛུགས་ནས་ད་བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་དབུལ་ཕོངས་དང་ཉམ་ཐག་ལྟ་སྐྱོང་ཞུ་ཕྱོགས་ཀྱི་སྲིད་བྱུས་དེ་ཚད་དང་ལྡན་པ་ཞིག་ཡོད་པ་དང་ཁོང་རྣམས་ལ་གནང་བཞིན་པའི་འཚོ་སྣོན་ཁག་གདང་ངེས་ཤིག་ཡོད་པར་ངོས་འཛིན་གནང་གི་ཡོད་སྐོར་གསུངས་སོང་། གཞན་ཡང་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་དེ་ས་གནས་ག་ཚོད་ནང་དུ་ལག་བསྟར་གནང་མུས་ཡིན་པ་དང་བདེ་སྐྱིད་གླིང་དུ་ཁྱིམ་ཚང་གྲངས་ ༡༡༦ ཙམ་ལ་གཞིས་ཁང་གསར་རྒྱག་ཞུ་རྒྱུའི་ལས་འཆར་ཁོངས་བོད་ནས་གསར་དུ་འབྱོར་བ་རྣམས་ཚུད་ཀྱི་ཡོད་མེད་བཅས་ཀྱི་དྲི་བ་ཞུས་པར་བཀའ་བློན་མཆོག་ནས་ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་དབུས་གཞུང་གིས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་དེ་ད་བར་རྒྱ་གར་མངའ་སྡེ་ཧི་མཱ་ཅལ་པར་དེ་ཤི་དང་། ཨུཏྟར་ཁནྜ། ཀ་ན་ཊ་ཀ་བཅས་ཀྱི་ནང་གཏན་འབེབས་གནང་ཡོད་པ་ལྟར། ཉེ་ཆར་སྲིད་བྱུས་དེ་ཨ་རུ་ནཱ་ཅལ་མངའ་སྡེ་ནང་དུ་དེ་མཚུངས་ལག་བསྟར་གནང་གཏན་འཁེལ་ཡོད་པ་གསུངས་སོང་བ་མ་ཟད། བདེ་གླིང་གླིང་དུ་གཞིས་ཁང་གསར་རྒྱག་ཞུ་རྒྱུའི་ཁྱིམ་ཚང་ ༡༡༦ དེ་དག་བཙན་བྱོལ་དུ་ཐོག་མ་འབྱོར་བ་ནས་བཟུང་སྟེ་ད་བར་གཞིས་ཁང་རྩ་བ་ནས་ཐོབ་མེད་པའི་བོད་རིགས་ཤ་སྟག་ཞིག་ཆགས་ཀྱི་ཡོད་སྐོར་ལན་འདེབས་གསལ་བཤད་གནང་སོང་། རྩ་བའི་དེ་རིང་གི་གྲོས་ཚོགས་ལས་རིམ་ཐོག་གཞིས་ཆགས་སྲ་བརྟན་དང་སོ་ནམ་ཞིང་ལས་ཀྱི་གནས་བབ་སྐོར། དེ་བཞིན་ཁེ་ན་ཊ་གཞིས་སྤོས་ཀྱི་ལས་གཞི་དང་ལས་བྱེད་བགྲེས་ཤག་དང་སྡོད་ཁང་གི་གནས་སྟངས་སྐོར། གཞན་ཡང་ས་གནས་ཁག་གི་མཉམ་འབྲེལ་ལས་དོན་སོགས་ཀྱི་སྐོར་ལ་བགྲོ་གླེང་རིམ་པ་གནང་སོང་། སང་ཉིན་གྲོས་ཚོགས་ཀྱི་ལས་རིམ་ནང་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་བའི་ལས་རིམ་མུ་མཐུད་གནང་རྒྱུ་རེད།

བོད་མིའི་སྒྲིག་འཛུགས་ནས་བོད་མི་ཡར་ཐོན་ཚོང་པ་གསུམ་ལ་འབུམ་ ༡༥ འི་མ་དངུལ་རོགས་སྐྱོར་གནང་གཏན་འཁེལ་སོང་།

འདི་ལོ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་ TED ཞེས་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ལས་གཞི་ཚན་པའི་གོ་སྒྲིག་ཞུས་པའི་བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་ཐོབ་མཁན་བོད་རིགས་ཡར་ཐོན་ཚོང་ལས་པ་གསུམ་བྱུང་ཡོད་པ་ལྟར།  ཁོང་རྣམས་ལ་མ་དངུལ་འཆར་འགོད་ཐོག་ཁྱོན་ཧིན་སྒོར་འབུམ་ ༡༥ འི་རོགས་སྐྱོར་གནང་གཏན་འཁེལ་སོང་། དེ་ཡང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནས་ཡིན་པའི་ཉི་མ་རྒྱལ་མཚན་ལགས་ཀྱི་Dairy Farm ཞེས་ཕྱུགས་གསོ་ཁང་གི་ཚོང་ལས་ལ་ཧིན་སྒོར་འབུམ་ ༦༧༠༠༠༠  དང་རྟ་མགྲིན་སྐྱབས་ལགས་ཀྱི་སྒྲ་བཅོམ་པ་ Tech LLP ཞེས་དེང་དུས་ཀྱི་འཕྲུལ་ཆས་དང་མཉན་ཆས་རིགས་བཟོ་བསྐྲུལ་ཁང་ལ་ཧིན་སྒོར་འབུམ་ ༤༣༠༠༠༠  དེ་བཞིན་ཐེངས་འདིའི་འགྲན་བསྡུར་ནང་མཉམ་ཞུགས་གནང་པའི་བེུད་གཅིག་ཡོད་པ་ཚེ་རིང་སྒྲོལ་མ་ལགས་ཀྱི་འཇའ་རིས་བཟོ་ཚོང་ཁང་ལ་ཧིན་སྒོར་འབུམ་ ༤༠༠༠༠༠ བཅས་གནང་སོང་། གཞི་རྩའི་འདི་ལོའི་བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་འགྲན་བསྡུར་གྱི་ཐོག་མའི་ཆ་ལ་བོད་རིགས་ཚོང་ལས་པ་ ༢༤ ནས་མཉམ་ཞུགས་གནང་ཡོད་པ་དང་། ཁ་སང་ཉིན་དང་པོའི་འགྲན་བསྡུར་རྗེས་བོད་རིགས་ཚོང་ལས་པ་དྲུག་དེ་རིང་གི་མཐའ་མའི་འགྲན་བསྡུར་ནང་འདེམས་ཐོན་བྱུང་ཡོད་པ་དེ་ལྟར་ཡང་། ཁོང་རྣམས་ནས་དེ་རིང་སྔ་ཐོག་ཚོགས་བཅར་བ་ཀུན་ལ་རང་ཉིད་ཀྱི་ཚོང་ལས་དང་དཔལ་འབྱོར་དགོས་ངེས་སོགས་འགྲེལ་བརྗོད་གནང་པ་མ་ཟད། ཟུར་དཔང་རྣམས་པའི་དྲི་བར་ལན་འདེབས་གནང་སྟེ་མཐའ་མའི་འགྲན་བསྡུར་གནང་རྗེས་ཚོང་ལས་པ་གསུམ་མ་གཏོགས་བྱ་དགའ་ཐོབ་མེད་པ་རེད། རྩ་བའི་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནས་བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་དེ་ཐོག་མར་ཕྱི་ལོ་ ༢༠༡༥ ལོར་འགོ་འཛུགས་གནང་པ་དང་།...

བོད་མིའི་སྒྲིག་འཛུགས་ནས་བོད་མི་གློག་བརྙན་བཟོ་སྐྲུན་པ་ཚོར་མ་དངུལ་ཧིན་སྒོར་འབུམ་གསུམ་རེ་གནང་རྒྱུ།

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཀྱི་བརྙན་འཕྲིན་ཚན་པས་བཙན་བྱོལ་ནང་གི་བོད་མི་གློག་བརྙན་བཟོ་ལས་པ་ཚོའི་སྒྱུ་རྩལ་གོང་འཕེལ་ཆེད་དུ་ཧིན་སྒོར་འབུམ་གསུམ་རེའི་མ་དངུལ་གནང་རྒྱུ་ཡོངས་ཁྱབ་གནང་འདུག ལས་འཆར་དེའི་དགོས་དམིགས་གཙོ་བོ་ནི་བཙན་བྱོལ་ནང་གི་བོད་མི་གློག་བརྙན་བཟོ་ལས་པ་ཚོར་ཆེ་མཐོང་དང་དཔལ་འབྱོར་རམ་འདེགས་ཞུ་རྒྱུ་དང།  གློག་བརྙན་བཟོ་སྐྲུན་གྱི་ཆེད་ལས་ཐོག་དོ་དབྱིངས་དང་སེམས་ཤུགས་སྤར་རྒྱུ། དེ་བཞིན་བོད་དོན་སྐོར་གྱི་གློག་བརྙན་གང་མང་ཐོན་ཐབས་བཅས་རེད་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་སྟེང་དེ་འབྲེལ་གསལ་བསྒྲགས་ཤིག་སྤེལ་བར་ཧིན་སྒོར་འབུམ་གསུམ་གྱི་མ་དངུལ་ཞུ་མཁན་ཚོའི་ངོས་ནས་བཟོ་སྐྲུན་གནང་དགོས་པའི་གློག་བརྙན་བརྗོད་གཞི་ཁག་ནི། ༡།  བཙན་བྱོལ་ནང་གི་མང་གཙོ། ༢།  བོད་གཞིས་བྱེས་གཉིས་ཀྱི་ཐུན་མོང་གི་མངོན་འདོད། ༣། ཕོ་མོ་འདྲ་མཉམ། བུད་མེད་ནུས་སྟོབས་གོང་སྤེལ་བཅས་གང་རུང་ཐོག་ལ་བཟོ་སྐྲུན་གནང་དགོས་ཀྱི་འདུག གློག་བརྙན་དེ་བོད་དབྱིན་གང་རུང་གི་སྐད་ཡིག་ཐོག་མཆན་འགོད་ཅན་ཡིན་དགོས་པ་དང་། དུས་ཡུན་སྐར་མ་བཅུ་ལས་མ་མང་བ་དགོས་པ་མ་ཟད། ལས་འཆར་དེའི་ཐོག་མཉམ་ཞུགས་གནང་མཁན་ཚོས་གོང་འཁོད་བརྗོད་གཞི་གང་རུང་ཐོག་གློག་བརྙན་བཟོ་འཆར་གྱི་གནད་དོན་སྙིང་བསྡུས་དང་བཅས་འདི་ལོའི་ཟླ་ ༦ ཚེས་ ༡༥ འགྱངས་མེད་ཕྱི་དྲིལ་ལས་ཁུངས་སུ་ཞུ་སྙན་ཕུལ་དགོས་ཀྱི་འདུག འདི་ག་རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པའི་འགན་འཛིན་རྣམ་རྒྱལ་ཚེ་དབང་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ད་རེས་ཀྱི་མ་དངུལ་ལས་འཆར་དེ་ནི་གློག་བརྙན་བཟོ་སྐྲུན་ཆེད་ལས་སློབ་གཉེར་དང་ཉམས་མྱོང་ཡོད་མཁན་ཁོ་ན་མིན་པར་བཙན་བྱོལ་ནང་གི་གློག་བརྙན་བཟོ་སྐྲུན་ལ་དོ་དབྱིངས་ཡོད་མཁན་ཚང་མར་ལས་འཆར་དེའི་ནང་མཉམ་ཞུགས་གནང་རྒྱུའི་གོ་སྐབས་གཅིག་མཚུངས་ཡོད་པ་གསུངས་སོང། རྩ་བའི་ལས་འཆར་དེའི་ནང་མཉམ་ཞུགས་གནང་མཁན་ཚོའི་མཐའ་མའི་མི་འགྲོ་འདེམས་སྒྲུག་ཀྱི་གསལ་བསྒྲགས་དེ་རིང་མིན་ཟླ་ ༩ ཚེས་ ༢ མང་གཙོ་དུས་ཆེན་ཉིན་གནང་རྒྱུ་དང། གསལ་བསྒྲགས་གནང་པའི་དུས་ཚོད་ནས་ཟླ་བ་གསུམ་ནང་ཚུད་གློག་བརྙན་ཆ་ཚང་བཟོ་སྐྲུན་གནང་ཟིན་དགོས་པ་དང་། དེ་རྗེས་ཟླ་...

བོད་མིའི་སྒྲིག་འཛུགས་ནས་བོད་མི་སུད་ཚོང་བ་ལ་འབུམ་ཆིག་སྟོང་བུན་གཡར་གཏང་རྒྱུའི་གསལ་བསྒྲགས་གནང་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་པའི་ཐོག་བོད་མི་སུད་ཚོང་བ་ཆིག་སྟོང་ལ་ཧིན་སྒོར་འབུམ་རེ་རེའི་བུན་གཡར་གནང་རྒྱུ་ཡིན་པ་གསུངས་གནང་སོང་། གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་གི་ལྷན་དུ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་བཅས་ཕེབས་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་ཐོག་མར་བུན་གཡར་མ་དངུལ་འབུམ་ཆིག་སྟོང་ཁོངས་ནས་ཨ་རིའི་ USAID ཚན་པས་འབུམ་ ༨༠༠ གནང་ཡོད་པ་དང་འབུམ་ ༢༠༠ ཐམ་པ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནས་མཁོ་སྒྲུབ་གནང་ཡོད་པ་ངོ་སྤྲོད་གནང་སོང་བ་མ་ཟད། ལྷག་པར་དུ་ལས་གཞི་དེའི་དགོས་དམིགས་སྐོར་དང་འབྲེལ་རྒྱ་གར་ནང་གི་བོད་མིའི་འཚོ་རྟེན་གཙོ་བོ་དེ་སུད་ཚོང་ཆགས་ཡོད་སྟབས། ད་རེས་སྒྲིག་འཛུགས་ཀྱི་ངོས་ནས་བོད་མི་སུད་ཚོང་བ་ལ་ཕན་པའི་ལས་གཞི་དེ་སྤེལ་ཡོད་པ་གསུངས་ཡོད། དེ་བཞིན་ཐེངས་འདིའི་བུན་གཡར་འདིའི་ལས་རིམ་དང་པོའི་སྐབས་བོད་མི་སུད་ཚོང་བ་ ༣༥༠༠ ཙམ་ཡོད་པ་ཚོད་དཔག་ཁྲོད་ཚོང་པའི་ཚོགས་པ་དང་སྐྱིད་སྡུག་ཁོངས་སུ་ཡོད་པའི་ཚོང་པ་ ༡༠༠༠ ལ་བུན་གཡར་གནང་གཏན་འཁེལ་ཡོད་པ་གསུངས་གནང་སོང་། འོན་ཀྱང་བུན་གཡར་གྱི་ལས་གཞི་འདིར་སྐྱེད་ཀ་དང་དུས་བཀག་ཏན་ནས་མེད་པ་མ་ཡིན་པར་དགུན་ཚོང་དང་དབྱར་ཚོང་བ་སོ་སོར་ཟླ་བ་དྲུག་གི་རིང་སྐྱེད་ཀ་བརྒྱ་ཆ་ ༣ མ་གཏོགས་ཕུལ་དགོས་ཀྱི་མི་འདུག ད་དུང་སྲིད་སྐྱོང་མཆོག་གིས་ད་རེས་བུན་གཡར་ལས་རིམ་དང་པོ་འདིའི་ཐོག་ནས་ཟླ་བ་དྲུག་རྗེས་ཚུར་སྒྲིག་འཛུགས་ལ་དངུལ་འབོར་ཇི་ཐོབ་ལ་གཞིགས་ནས་རིམ་པས་ཞིང་པ་དང་ཚོང་ལས་གཞན་གཉེར་མཁན་རྣམས་ལའང་བུན་གཡར་གནང་རྒྱུའི་ལས་གཞི་བང་སྒྲིག་ཡོད་པ་སོགས་གསུངས་ཡོད། གཞི་རྩའི་ཕྱི་ལོ་ ༢༠༠༨ ལོར་གསར་འཛུགས་གནང་པའི་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་འོག་ས་གནས་མི་འདྲ་བ་ ༡༡༠ ལྷག་དེབ་སྐྱེལ་ཐོག་ཚོགས་མི་ ༣༠༠༠ ཡས་མས་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ནས་ལྕམ་ནེན་སི་པི་ལོ་སི་མཆོག་སླར་མང་གཙོ་ཚོགས་པའི་འགོ་ཁྲིད་དུ་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་་བཟང་སེང་གེ་མཆོག་གིས་ཨ་རིའི་གྲོས་ཚོགས་འགོ་མའི་འཐུསམི་ལྕམ་ནེན་སི་པི་ལོ་སི་མཆོག་སླར་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པའི་འགོ་ཁྲིད་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། ཁོང་གིས་ད་བར་བོད་དོན་ཐོག་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་པར་ཐུགས་རྗེ་ཆེ་ཞེས་གསུངས་འདུག རྩ་བའི་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཧ་ཅང་གི་གུས་བརྩི་དང་བོད་དོན་ཐོག་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་རྒན་འགྲས་ཤིག་ཡིན་པ་རེད། ཁ་སང་ཟླ་ ༡༢ ཚེས་ ༡ ཉིན་ཁོང་ལ་གྲོས་ཚོགས་ནང་འོས་གྲངས་ ༡༣༤ ཐོབ་ནས་སླར་ཡང་གྲོས་འོག་མའི་འགོ་ཁྲིད་དུ་བདམས་ཐོན་བྱུང་འདུག སྲིད་སྐྱོང་མཆོག་གིས་འཚམས་འདྲི་ནང་ལྕམ་སྐུ་མཆོག་ལ་ཆེ་བསྟོད་དང་འབྲེལ་ད་རེས་ཁོང་སླར་ཡང་གནད་འགག་ཆེ་བ་མང་གཙོ་ཚོགས་པའི་འགོ་ཁྲིད་དུ་བདམས་ཐོན་བྱུང་བ་འདི་ནི་ཁོང་གི་ཕུལ་བྱུང་འགོ་ཁྲིད་ཀྱི་ཡོན་ཏན་ལ་གདེང་འཇོག་དང། དྲང་བདེན་དང་བཟང་སྤྱོད་ཀྱི་རིན་ཐང་སྲུང་སྐྱོབ་གནང་མཁན་ཁྱད་པར་བ་ཞིག་ཡིན་པའི་ངོས་འཛིན་མཚོན་ཐུབ་ཀྱི་ཡོད་སྐོར་གསུངས་པ་འདུག ཁོང་གིས་ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྣམས་ལ་དོན་དམ་གྱི་གྲོགས་པོའི་འདུ་ཤེས་བཅངས་པར་བཀྲིན་ཆེ་ཞུ་ཡང་གསུངས་འདུག  ཁྱད་པར་དུ་སྲིད་སྐྱོང་མཆོག་ནས་འཚམས་འཕྲིན་འདི་བརྒྱུད་ལྕམ་སྐུ་མཆོག་ནས་ད་བར་བོད་དོན་ཐོག་འགྱུར་བ་མེད་པའི་རྒྱབ་སྐྱོར་ཤུགས་ཆེ་གནང་སྟེ་རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་ཐོབ་ཐབས་གནང་ཡོད་པ་དེ་ང་ཚོ་བོད་མི་ཚང་མས་བཀྲིན་སྙིང་བཅངས་ཞུ་བཞིན་ཡོད་པ་མ་ཟད། ང་ཚོས་རེ་བ་ལ་ཕྱོགས་གཉིས་ཀྱི་དམ་ཚིགས་མུ་མཐུད་སྲ་བརྟན་ཡོང་བ་དང་ལྕམ་སྐུ་མཆོག་གིས་མ་འོངས་ལས་དོན་མཐའ་དག་ལམ་ལྷོང་ལྡན་པ་ཡོང་རྒྱུ་སྨོན་ལམ་ཡོད་སྐོར་གསུངས་འདུག དུས་མཚུངས་སུ་ཨ་རིའི་སྤྱི་མཐུན་ཚོགས་པ་ནས་ཡིན་པ་བདམས་ཐོན་སྲིད་འཛིན་སྐུ་ཞབས་ཌོ་ནོལ་ཊརམ་མཆོག་ནས་ཟླ་བ་རྗེས་མའི་ཚེས་༢༠ནས་སྲིད་འཛིན་ལས་འཁུར་བཞེས་ཀྱི་ཡོད་པའི་དུས་མཚམས་འདིར། ཨ་རིའི་སྲིད་འཛིན་གསར་རྙིང་དབར་འཛིན་སྐྱོང་ལས་དོན་དང་། ལས་ཁུངས་གནད་འགག་ཆེ་ཁག་གི་ལས་བྱེད་འཕོ་སྒྱུར་སོགས་གཏང་བཞིན་པའི་དུས་ཚོད་གལ་གནད་ཅིག་ཆགས་ཡོད་སྟབས། སྐུ་ཚབ་དོན་གཅོད་དང་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་ཟུང་འབྲེལ་ཐོག་ནས་ཉིན་ཤས་གོང་ཨ་རིའི་གྲོས་ཚོགས་གོང་འགོ་གཉིས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་ཞུས་ནས་སྲིད་འཛིན་གསར་པའི་དབུ་ཁྲིད་འོག་ཨ་རིའི་གཞུང་ནས་བོད་དོན་རྒྱབ་སྐྱོར་དང་བོད་ཐོག་འཛིན་པའི་སྲིད་བྱུས་མུ་མཐུད་རྒྱུན་འཁྱོངས་ཡོང་བའི་ཞུ་སྐུལ་གནང་འདུག བོད་མིའི་སྒྲིག་འཛུགས་ནས་དེ་དོན་གནས་ཚུལ་སྤེལ་བའི་ནང་ཨ་རིའི་སྐུ་ཚབ་དོན་གཅོད་ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་གོང་མའི་མང་གཙོ་ཚོགས་པའི་འཐུས་མི་ལྕམ་ Diane Feinstein མཆོག་དང་མཇལ་འཕྲད་ཞུས་གྲུབ་རྗེས་ཁོང་གིས་སྔར་བཞིན་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཁས་ལེན་གནང་འདུག གཞི་རྩའི་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཧ་ཅང་གི་གུས་བརྩི་དང་བོད་དོན་ཐོག་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་རྒན་འགྲས་ཤིག་ཡིན་པ་དང་། དེ་སྔ་བཞུགས་སྒར་དུ་མགོན་པོ་༸གང་ཉིད་མཆོག་གི་ཞལ་མཇལ་སླད་ཆེད་ཕེབས་གནང་མྱོང་ཡོད་པ་ཞིག་རེད།

Latest news

- Advertisement -spot_img