Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བོད་མིའི་སྒྲིག་འཛུགས་ནས་ ༢༠༡༦ ལོའི་དུས་འཁོར་དབང་ཆེན་ལོ་གཅིག་ཕར་འགྱངས།

བོད་མིའི་སྒྲིག་འཛུགས་ནས་དོལ་རྒྱལ་རྗེས་འབྲང་པའི་བསྙོན་འཛུགས་ལ་ལན་འདེབས་ཀྱི་གློག་བརྙན་དང་དཔེ་དེབ་འདོན་སྤེལ་གནང་པ།

བོད་མིའི་སྒྲིག་འཛུགས་ཀྱིས་དོལ་རྒྱལ་རྗེས་འབྲང་པའི་བསྙོན་འཛུགས་ལ་ལན་འདེབས་ཞེས་པའི་གློག་བརྙན་དང་། དོལ་རྒྱལ་སྐོར་སྤང་བླང་བྱེད་སྒོའི་ཡིག་ཆ་ཕྱོགས་སྒྲིག་གི་དཔེ་དེབ་གཅིག་འདོན་སྤེལ་གནང་པ་དང་འབྲེལ། སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་ནས་མ་བདེན་པ་དེ་བདེན་པ་བཟོ་ཐུབ་རྒྱུ་མེད་པ་མ་ཟད། ལྷག་དོན་རྒྱ་གཞུང་གི་ལས་དོན་དེ་ལམ་ལྷོང་ཡོང་གི་མ་རེད་ཅེས་གསུངས་སོང། དེ་རིང་ཟླ་ ༡༡ ཚེས་ ༡༤ ཉིན་སྔ་དྲོ་ཚོུད་ ༡༡།༣༠ སྟེང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ངོས་ནས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་བློ་བཟང་སེང་གེ་མཆོག་མཆོག་གདན་ཞུས་གནང་སྟེ། Shugden Protestors: Allegations Vs Fact ཞེས་དོལ་རྒྱལ་རྗེས་འབྲང་པའི་བསྙོན་འཛུགས་ལ་ལན་འདེབས་ཀྱི་སྐར་ ༡༢ ལྷག་ཡོད་པའི་དབྱིན་སྐད་གློག་བརྙན་དང། དེ་བཞིན་ བདེན་དོན་གསལ་བའི་ཉི་ཟེར་ཞེས་པའི་དོལ་རྒྱལ་སྐོར་སྤང་བླང་བྱེད་སྒོའི་ཡིག་ཆ་ཕྱོགས་སྒྲིག་གི་དཔེ་དེབ་གཅིག་བཅས་དབུ་འབྱེད་ཀྱིས་འདོན་སྤེལ་གནང་སོང་། གཞི་རྩའི་བོད་མིའི་སྒྲིག་འཛུགས་ནས་དོལ་རྗེས་འབྲང་པའི་བསྙོན་འཛུགས་ལ་དངོས་ཐོག་བདེན་འཚོལ་གྱི་ལན་འདེབས་ཀྱི་གློག་བརྙན་དང་དོལ་རྒྱལ་སྐོར་སྤང་བླང་བྱེད་སྒོའི་ཡིག་ཆ་ཕྱོགས་སྒྲིག་གི་དཔེ་དེབ་བཅས་གཉིས་པོའི་ནང་།  ༸གོང་ས་མཆོག་གིས་དོལ་རྒྱལ་གྱི་གནད་དོན་ཐོག་སྔ་རྗེས་སུ་བསྩལ་བའི་བཀའ་སློབ་ཁག་ཟུར་བཏོན་ཞུས་པ་དང། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གནད་ཡོད་མི་སྣ་སོགས་ནས་དོལ་རྒྱལ་རྗེས་འབྲང་པའི་བྱ་སྤྱོད་ཐེར་བཏོན་གནང་པ།  བོད་མིའི་སྒྲིག་འཛུགས་ནས་དོལ་རྗེས་འབྲང་པར་འཛིན་པའི་དངོས་ཡོད་ཀྱི་སྲིད་བྱུས།...

བོད་མིའི་སྒྲིག་འཛུགས་ནས་བདག་ཉིད་ཆེན་པོ་གྷན་དྷིའི་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

བོད་མིའི་སྒྲིག་འཛུགས་ཀྱིས་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷི་མཆོག་རྗེས་དྲན་ཞུས་པ་དང་ཆབས་ཅིག ཁོང་གིས་ལམ་སྟོན་མཛད་པའི་འཚེ་མེད་ཞི་བ་ནི་རྩོད་རྙོག་འདུམ་སྒྲིག་གི་ལྡེ་མིག་ལྟ་བུ་ཡིན་པ་གསུངས་གནང་སོང་། ཁ་སང་ཟླ་ ༡༠ ཚེས་ ༢ ཉིན་སྔ་དྲོ་ཚོུད་ ༩།༠༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་བཅས་བཀའ་ཤག་ཏུ་ལྷན་འཛོམས་ཀྱིས་ཆེས་ཐོག་མར་རྒྱ་གར་གྱི་རྒྱལ་གླུ་དབྱངས་སུ་གྱེར་པ་དང་དུས་མཚུངས་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱི་ནང་གི་གསར་འགོད་པ་རྣམས་ལ་ཁ་སང་གི་ཉིན་མོ་དེ་ནི་བདག་ཉིད་ཆེན་པོ་མཆོག་གི་འཁྲུངས་སྐར་ཙམ་མ་ཡིན་པར་རྒྱལ་ཚོགས་ནས་གསལ་བསྒྲགས་བསྐྱངས་དོན་ལྟར། འཛམ་གླིང་འཚེ་མེད་ཞི་བའི་ཉིན་མོ་ཞིག་ཀྱང་ཆགས་ཡོད་པ་འགྲེལ་བརྗོད་དང་འབྲེལ། རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ལྷག་དོན་སྲིད་སྐྱོང་མཆོག་གིས་བོད་མི་ཚོའང་གྷན་དྷི་མཆོག་གི་རྗེས་སུ་འབྲངས་ནས་༸གོང་ས་མཆོག་གི་འཆར་སྣང་བཞིན་འཚེ་མེད་ཞི་བའི་སྟེང་མུ་མཐུད་ཆོད་སེམས་བརྟན་པོའི་ངང་གནས་རྒྱུའི་དམ་བཅའ་ཡོད་པ་གསུངས་སོང་། བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་འཁྲུངས་སྐར་ ༡༤༧ པ་དེ་དང་བསྟུན་རྒྱ་གར་རྒྱལ་ཡོངས་ནང་Swachh Bharat Abhiyan ཞེས་པའི་ཁོར་ཡུག་གཙང་བཟོའི་ལས་གཞི་ཞིག་ཀྱང་སྤེལ་ཡོད་སྟབས། འདི་ག་བཞུགས་སྒར་དུའང་ས་གནས་ཀྱི་ཧིན་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲིག་འོག་ཁོར་ཡུག་གཙང་བཟོའི་ལས་འགུལ་སྤེལ་ཡོད་པ་རེད། གཞི་རྩའི་བདག་ཉིད་ཆེན་པོ་གྷན་དྷི་མཆོག་ནི་ཕྱི་ལོ་ ༡༨༦༩ ལོར་སྐུ་འཁྲུངས་ཡོད་པ་དང་། ཁོང་ནི་རྒྱ་གར་གྱི་རྩ་དོན་གྲུབ་སླད་འཚེ་མེད་ཞི་བའི་ཐབས་ལམ་བསྟན་གནང་མཛད་མཁན་ཞིག་ཆགས་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ནས་ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཆ་ཤས་མིན་ཞེས་ཡིག་ཆ་དཀར་པོར་ལན་འདེབས།

དེ་རིང་ཕྱི་ཟླ་༩ཚེས་༡སྟེ་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་༥༠འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་བའི་སྐབས་འདིར། བོད་མིའི་སྒྲིག་འཛུགས་ནས་ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཆ་ཤས་མིན། འོན་ཀྱང་དབུ་མའི་ལམ་ནི་བོད་རྒྱའི་གནད་དོན་སེལ་བའི་ཐབས་ལམ་ཡག་ཤོས་དེ་རེད་ཅེས་གསུངས་གནང་ཡོད། དེ་ཡང་དེ་རིང་སྔ་དྲོ་ཚོུད་༩:༣༠ ཐོག་འདི་ག་བཞུགས་སྒར་ཕྱི་དྲིལ་ལས་ཁུངས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་དྲིལ་བསྒྲགས་དྲུང་ཆེ་དང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་གཅིག་ལྕོགས་བཀྲིས་ཕུན་ཚོགས་ལགས་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་བཅས་ལྷན་འཛོམས་ཐོག་ཡོངས་ཁྱབ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ། རྒྱ་གཞུང་གི་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་པའི་ཉིན་མོ་སྲུང་བརྩི་ཞུ་བའི་དུས་སྐབས་དང་བསྟུན། འདི་ལོའི་ཕྱི་ཟླ་༤ཚེས་༡༥ཉིན་བཏོན་པའི་ཡིག་ཆ་དཀར་པོར་ལན་འདེབས་གནང་ཡོད་པ་རེད། རྩ་བའི་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ལས་ཁང་ནས་འདི་ལོའི་ཕྱི་ཟླ་༤པའི་ཚེས་༡༥ཉིན། བོད་ལྗོངས་འཕེལ་རྒྱས་ཀྱི་ལམ་བུ་ནི་ལོ་རྒྱུས་ཀྱི་གདམ་ཀ་ཡིན་ཞེས་བོད་རང་སྐྱོང་ལྗོངས་ཀྱི་གནད་དོན་ཐོག་གི་ཡིག་ཆ་དཀར་པོ་ཞིག་བཏོན་པ་དང་ཆབས་ཅིག ལོ་རྒྱུས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་འཛིན་དང་༸གོང་ས་མཆོག་གི་ཡང་སྲིད་ཀྱི་འགན་དབང་དང་བདག་དབང་རྒྱ་གཞུང་ལ་ཡོད་སྐོར། དེ་བཞིན་དབུ་མའི་ལམ་ནི་རྒྱ་ནག་གི་རྩ་ཁྲིམས་དང་འགལ་ཞིང་། བོད་རྒྱ་འབྲེལ་མོལ་ཡོངས་རྫོགས་ལ་བོད་མིའི་ཕྱོགས་ནས་ལྷག་བསམ་འདང་མེད་པའི་སྐྱོན་བརྗོད་སོགས་བྱེད་ཡོད་སྟབས། དེ་རིང་གི་དུས་སྐབས་འདིའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ནས་ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཆ་ཤས་མིན་པ་དང། ༸གོང་ས་མཆོག་གི་ཡང་སྲིད་ཀྱི་འགན་དབང་༸གང་ཉིད་མཆོག་ལ་མ་གཏོགས་གཞན་སུ་གཅིག་ལའང་མེད་པ། དབུ་མའི་ལམ་ནི་རྒྱ་བོད་གཉིས་ཀར་སྨན་པའི་སྲིད་བྱུས་ཡིན་པ་དང། འཛུགས་སྐྲུན་ཡར་རྒྱས་ཀྱི་དོན་དངོས་ཁེ་ཕན་བོད་མིར་ཐོབ་ཀྱི་མེད་པ་བཅས་དོན་ཚན་བཞིིའི་ཐོག་ནས་ཡིག་ཆ་དཀར་པོར་ལན་འདེབས་གནང་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ནས་ ༢༠༡༦ ལོའི་དུས་འཁོར་དབང་ཆེན་ལོ་གཅིག་ཕར་འགྱངས།

ཕྱི་ལོ་༢༠༡༦ལོའི་དུས་འཁོར་དབང་ཆེན་གསོལ་འདེབས་དང་གོ་སྒྲིག་ཞུ་མཁན་བོད་མིའི་སྒྲིག་འཛུགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཛད་བྲེལ་ཧ་ཅང་ཆེ་བ་སོགས་ལ་གཞིགས་ནས་དུས་དབང་ལོ་གཅིག་ཕར་འགྱངས་གནང་འདུག དེ་རིང་ཟླ་ ༨ ཕྱི་ཚེས་ ༣༡ ཉིན་སྔ་ཐོག་བཞུགས་སྒར་ཕྱི་དྲིལ་ལས་ཁུངས་སུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་ལྷན་རྒྱས་ནས་དེ་འབྲེལ་གནད་དོན་ཐད་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་ཤིག་བསྐོང་ཚོགས་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་མཆོག་གིས་རྐང་དད་ལྡན་ཆོས་ཞུ་བ་ཀུན་ལ་གནས་མཆོག་རྡོ་རྗེ་གདན་དུ་འཚོག་རྒྱུའི་དུས་དབང་ཐེངས་སོ་བཞི་པའི་སྐོར་གོ་སྒྲིག་ཚོགས་ཆུང་ནས་གསལ་བསྒྲགས་སྔ་རྗེས་སྤེལ་ཟིན་ཀྱང། ད་རེས་བོད་གཞིས་གཉིས་ཀྱི་ཐུགས་ཁུར་ཅན་དང། ཁྱད་པར་དུ་འདི་ལོ་༸སྐུའི་གྱ་སྟོན་སྐབས་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་འཁྲིད་བསྟན་བདག་བླ་ཆེན་རྣམ་པས་གསོལ་འདེབས་ཞུ་སྐུལ་ལྟར། འདི་ལོ་མགོན་པོ་མཆོག་གི་མཛད་འཆར་དེ་སྔར་དང་མི་འདྲ་བའི་ཧ་ཅང་མང་བའི་རྐྱེན། བོད་མིའི་སྒྲིག་འཛུགས་ནས་དུས་དབང་ཕར་འགྱངས་ཡོང་བའི་ལྷ་སྙན་གསོལ་འདེབས་ཞུས་རྗེས། བཀའ་བཞེས་བཟང་པོ་སྩལ་ཐོབ་སྟེ་ ༢༠༡༦ལོའི་དུས་འཁོར་དབང་ཆེན་དེ་བཞིན་ལོ་གཅིག་ཕར་འགྱངས་གནང་ཡོད་སྐོར་གསུངས་ཡོད་པ་རེད། ད་དུང་སྲིད་སྐྱོང་མཆོག་གིས་དུས་དབང་ཕར་འགྱངས་ཞུས་པ་དེས་༸གོང་ས་མཆོག་ལ་མཛད་དཀའ་མི་ཡོང་བ་དང། སྤྱི་ཡོངས་ཀྱི་དགེ་མཚན་ལ་གཞིགས་ཏེ་འགྱུར་བ་གནང་བ་ཞིག་ཡིན་ནའང། འདིའི་བར་ན་མང་པོ་ཞིག་ལ་དོ་ཕོག་ཡོང་ངེས་ཡིན་སྟབས། བཀའ་ཤག་ནས་དེ་དོན་བཟོད་གསོལ་ཡོད་པ་གསུངས་ཡོད། རྩ་བའི་གོ་སྒྲིག་ཚོགས་ནས་ད་བར་རྡོ་རྗེ་གདན་དུ་འཚོག་རྒྱུའི་དུས་འཁོར་དབང་ཆེན་དེ་དང་འབྲེལ་བའི་དྲ་རྒྱ་གསར་བཟོ་དང་དྲིལ་བསྒྲགས་གནས་ཚུལ་སོགས་སྔོན་སོང་ཟིན་ཀྱང། དེ་རིང་སྔ་ཐོག་གི་གསར་འགོད་ལྷན་ཚོགས་དེའི་ཐོག་དུས་ཡུན་ཕར་འགྱངས་གནང་དགོས་དོན་སྐོར་ཙམ་ལས་གསར་འགོད་པ་དང་དྲི་བ་དྲི་ལན་གྱི་གོ་སྐབས་བྱུང་མེད་པ་རེད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༡༩༥༤ནས་ད་བར་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སུམ་ཅུ་སོ་གསུམ་བཀྲིན་བསྩལ་ཡོད་པ་དང། དེའི་ཁྲོད་གནས་མཆོག་རྡོ་རྗེ་གདན་དུ་དུས་དབང་ཐེངས་བཞི་བསྩལ་འདུག

Latest news

- Advertisement -spot_img