Tibetan Royal Year of 2151 | Year of the Wood Dragon

འཇར་མན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་གཞུང་ནས་༸པཎ་ཆེན་རིན་པོ་ཆེ་མཆོག་འཕྲལ་མར་གློད་བཀྲོལ་དགོས་ཞེས་གསུངས་པ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཁ་སང་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་མོ་སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་པའི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་ ༢༧ ཧྲིལ་པོ་འཁོར་བའི་དུས་ཚིགས་ཡིན་པ་དང་བསྟུན་འཇར་མན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་གཞུང་ནས་༸པཎ་ཆེན་རིན་པོ་ཆེ་མཆོག་འཕྲལ་མར་གློད་བཀྲོལ་དགོས་པའི་སྤྱི་བསྒྲགས་ཤིག་སྤེལ་འདུག དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་གསལ་ལ་འཇར་མན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Michale Brand ལགས་ཀྱིས་རྒྱ་གཞུང་ནས་༸པཎ་ཆེན་རིན་པོ་ཆེ་མཆོག་དགུང་ལོ་དྲུག་ལ་བཙན་ཁྲིད་བྱས་པ་ནི་ཧ་ཅང་གི་ཉེས་པ་འཚབས་ཆེ་བསགས་ཡོད་པ་དང་དེའི་ཁར་རྒྱལ་སྤྱི་ནས་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་ཡིན་མིན་གྱི་དངོས་ཡོད་གནས་ལུགས་ཤེས་ཀྱི་མེད་པ་རེད། ཕྱོགས་མཚུངས་རྒྱལ་སྤྱི་ནས་རྒྱ་གཞུང་གིས་མུ་མཐུད་ནག་ཉེས་གསོག་བཞིན་པར་བལྟས་ནས་བཞུགས་ཐབས་མེད་སྟབས་ཚང་མས་མཉམ་རུབ་ཀྱིས་ལས་དོན་གནང་དགོས་སྐོར་གསུངས་པ་དང་ཆབས་ཅིག  རྒྱ་ནག་གཞུང་གི་ངོས་ནས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་ཁ་གསལ་བཟོ་དགོས་པ་དང་རིན་པོ་ཆེ་མཆོག་འཕྲལ་མར་གློད་བཀྲོལ་དགོས་པ། དེ་བཞིན་བོད་མི་རྣམས་ཀྱི་ཆོས་ལུགས་རང་དབང་ལ་རྡོག་རོལ་གཏོང་མཚམས་འཇོག་དགོས་ཞེས་གསུངས་འདུག གཞི་རྩའི་ཁ་སང་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་མོ་དེ་ནི་རྒྱ་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༧ ཧྲིལ་པོ་འཁོར་བའི་དུས་ཚིགས་ཡིན་པ་དང་བསྟུན། བཙན་བྱོལ་ནང་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ཀྱིས་ངོ་རྒོལ་སྐད་འབོད་དང་གོ་རྟོགས་ཀྱི་ལས་འགུལ་སྤེལ་བ་དང་། དེ་བཞིན་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་ནས་རྒྱ་གཞུང་ནས་རིན་པོ་ཆེ་མཆོག་གློད་བཀྲོལ་གཏོང་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད་པ་ལྟར། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་གཞུང་ཚབ་ཆེན་མོ་སྐུ་ཞབས་ Rashad Hussain ལགས་ཀྱིས་Twitter དྲ་གནས་ཐོག་ཏུའང་རྒྱ་ནག་གཞུང་ནས་༸པཎ་ཆེན་རིན་པོ་ཆེ་མཆོག་འཕྲལ་དུ་གློད་བཀྲོལ་དང་།  བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་ལོངས་སུ་སྤྱོད་འཇུག་དགོས་ཞེས་བྲིས་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་གཞུང་ནས་༸པཎ་ཆེན་རིན་པོ་ཆེ་དང་སྐུ་འཁོར་ནང་མི་དང་བཅས་པ་གློད་བཀྲོལ་དགོས་པ་དང་། གཞུང་དང་གསར་འགོད་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་རྣམས་ཀྱིས་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེའི་༸སྐུ་ཁམས་གསལ་ཐང་དང་༸སྐུ་འཚོ་བཞུགས་ཡིན་པའི་བདེན་པ་ཁུངས་སྐྱེལ་གནང་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད།དེ་བཞིན་ཁ་སང་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་ནིའུ་ཡོག་དང་ནིའི་འཇར་སིའི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་མི་རྣམས་འདུ་འཛོམས་ཀྱིས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་གློད་བཀྲོལ་དགོས་པའི་དགོས་འདུན་ཆེད་བཏོན་གྱིས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད། ཨོ་སི་ཊོ་ལི་ཡའི་ Victoria ཁུལ་གྱི་བོད་མི་རྣམས་ཀྱིས་ཀྱང་མངའ་སྡེའི་དཔེ་མཛོད་མདུན་ནས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དབུས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་བཀྲོལ་དགོས་སྐོར་གྱི་ལས་འགུལ་སྤེལ་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།