ཉན་པ།: Listen
ཕབ་ལེན། Download-
- ཁེ་ན་ཌའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་བཅའ་སྡོད་སློབ་གྲྭའི་སྐོར་ཉན་ཞིབ་ཚོགས་པ།
- བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་ཡོང་བའི་ཞུ་སྐུལ།
- སྲིད་འཛིན་བྷ་ཌན་གྱིས་ཨ་རིའི་ས་ཁོངས་བདག་དབང་སྲུང་སྐྱོབ་གནང་རྒྱུར་ནན་བརྗོད།
- ཐེ་ཝན་ནང་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་དབུ་འཛུགས།
- རྡོ་རྗེ་བཀྲིས་ལགས་གློད་བཀྲོལ་དང་འབྲེལ་བའི་ལས་འགུལ་རེ་ཞིག་མཚམས་འཇོག
- སྲོང་བཙན་མངོན་དགའ་བོད་ཕྲུག་པ་སངས་ལགས་དང་གླེང་མོལ།
Wednesday 08/02/2023
-
- Canadian House Foreign Affairs committee holds hearing on China’s ‘Colonial boarding schools’
- Sikyong meets members of the US Congress, calls for support in enacting Tibet Bill
- President Biden vows to protect US against China threats in 2023 State of the Union Speech
- Cycling rally for freedom in Tibet begins in Taiwan
- Sister of imprisoned Tibetan business temporarily cease protest
- Arrival of first 20 Tibetan children in France: An account by Pasang la
ཉན་པ།: Listen
ཕབ་ལེན། Download-
- ལོ་གསར་གྱི་སྤྲོ་ཚོགས་སྐབས་ནང་པའི་ཆོས་དར་བཙུགས་པའི་རྐྱེན་གྱིས་སློབ་མ་དགེ་དཔལ་ལགས་འཛིན་བཟུང་བཀག་ཉར་དང་དངུལ་གྱི་ཆད་པ་བཅད་འདུག
- ༸གོང་ས་མཆོག་གིས་ཊར་ཀི་དང་སི་རི་ཡར་ས་འགུལ་གྱི་གོད་ཆག་ཕོག་པར་ངལ་སེལ་རོགས་དངུལ་གསོལ་སྩལ་མཛད་པ།
- རྒྱལ་ཚོགས་ཀྱི་ཆེད་མཁས་པས་རྒྱ་དམར་གཞུང་གིས་བོད་ནང་གི་བཅའ་སྡོད་སློབ་གྲྭ་བརྒྱུད་ནས་བོད་རྒྱ་ནག་ཅན་དུ་བསྒྱུར་ཐབས་ཀྱི་སྲིད་བྱུས་ལ་ཐུགས་འཚབ་ཆེས་ཆེར་གནང་བ།
- ཧོང་ཀོང་ནང་གི་ Disney ཚོང་ལས་ཁང་གིས་རྒྱ་ནག་གི་ངལ་རྩོལ་སྐོར་དང་འབྲེལ་བའི་ལེའུ་ཕྱིར་འཐེན།
- ཨ་ལ་ལ་མོ་ལེ་ཚན། སྦྱིན་པ་བཟང་མོ་ལགས་ཀྱི་ང་ཡི་ཕ་ཡུལ་ཞེས་པའི་སྐོར།
Tuesday 07/02/2023
-
- Tibetan student detained and fined for display of Buddhist flag at Tibetan New Year show
- Dalai Lama offers support to rescue and relief efforts in Turkey and Syria
- UN alarmed by separation of 1 million Tibetan children from families
- Disney’s Hong Kong service drops ‘Simpsons’ episode with ‘forced labor’ reference
- Alalamo: Jinpa Lhamo’s circle dance ‘Ngayi Phayul‘
ཉན་པ།: Listen
ཕབ་ལེན། Download-
- སྲིད་སྐྱོང་མཆོག་གིས་ཝི་སི་ཀོན་སིན་ས་གནས་བོད་མིར་འཛིན་སྐྱོང་ལས་དོན་སོགས་ཀྱི་སྐོར་གསུང་བཤད་གནང་བ།
- རྒྱ་གར་གྱིས་སླར་རྒྱ་ནག་གི་མཉེན་ཆས་ཉིས་བརྒྱ་སུམ་ཅུ་ལྷག་བཀག་སྡོམ།
- སྐུ་འབུམ་དགོན་པའི་མེ་ཏོག་མཆོད་མཇལ་ཐོག་རྒྱ་དམག་ཕོན་ཆེ་འགྲེམས་འཇོག་གིས་དམ་བསྒྲགས།
- རྒྱ་ནག་གི་མྱུལ་ཞིབ་སྒང་ཕུག་ཨ་རིའི་བར་སྣང་དུ་རྙེད་སོན་རྗེས་ཕྱི་སྲིད་དྲུང་ཆེའི་འཚམས་གཟིགས་ཕྱིར་འགྱངས།
- ཐེ་ཝན་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་བགྲེས་པ་རྒྱ་ནག་དུ་བསྐྱོད་འཆར།
Monday 06/02/2023
-
- Sikyong addresses Wisconsin and Chicago Tibetan community
- Indian blocks more than 230 betting, loan apps linked to China
- China deploys heavy police at Kumbum monastery’s annual ‘Butter flower offering’ festival
- Blinken postpones China trip over ‘unacceptable’ Chinese spy balloon
- Senior Taiwan opposition leader to visit China amid continued tensions
ཉན་པ།: Listen
ཕབ་ལེན། Download-
-
- ཨ་རིའི་ཕྱི་སྲིད་དྲུང་ཆེར་རྒྱ་ནག་ཏུ་བོད་ཀྱི་གནད་དོན་གླེང་དགོས་པའི་ཞུ་སྐུལ།
- ༸རྒྱལ་བའི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་ལ་ཐེ་གཏོགས་བྱ་དབང་མེད་པར་མངོན་གསལ།
- བཞུགས་སྒར་དུ་ Thermo Fisher བཟོ་ཚོང་ཁང་ལ་ངོ་རྒོལ་གྱིས་པར་རིས་ལས་འགུལ་སྤེལ་བ།
- བོད་ཀྱི་ཆབ་སྲིད་བཙོན་པ་དགེ་བཤེས་ཕན་བདེ་རྒྱལ་མཚན་ལགས་དགོངས་པ་རྫོགས་འདུག
- སྲིད་སྐྱོང་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་མཇལ་འཕྲད།
-
Friday 03/02/2023
-
-
- Secretary Blinken must substantively raise Tibet during China meetings
- Communist China’s has no authority to appoint next Dalai Lama
- Several Tibetan NGOs stage protest against Thermo Fisher for providing DNA collection kits to China
- Political Prisoner Geshe Phende Gyaltsen Dies in Lithang County’s Custody
- Sikyong Penpa Tsering meets U.S. Special Coordinator for Tibet Uzra Zeya
-
ཉན་པ།: Listen
ཕབ་ལེན། Download-
-
- རྒྱ་ནག་གིས་ཐེ་ཝན་དང་རྒྱ་གར་ཐོག་དྲག་གནོན་བྱེད་བཞིན་པ་དེ་ངོས་ལེན་གནང་ཐབས་བྲལ་བར་ནན་བརྗོད་གནང་དགོས།
- ཨོ་སི་ཊོ་ལི་ཡས་རྒྱ་གཞུང་གི་ཉེན་བརྡར་ལྟོས་མེད་འགྲོ་བ་མིའི་ཐོབ་ཐང་མུ་མཐུད་གླེང་ངེས་ཡིན་པར་གསུངས་པ།
- རྒྱ་ནག་གིས་༸གོང་ས་མཆོག་གི་ཆིབས་བསྒྱུར་དང་འབྲེལ་ཤྲི་ལངྐར་གནོན་ཤུགས་སྤྲད་པ་དེས་རང་ཉིད་ལ་གདེང་ཚོད་མེད་པ་མངོན་གསལ།
- སེར་བྱེས་དྲྭ་ཐོག་སྐད་ཡིག་སློབ་གྲྭའི་མཉེན་ཆས་གསར་པ་དབུ་འབྱེད།
- འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད། འཕྲུལ་ཐང་གི་ཕན་ཡོན།
-
Thursday 02/02/2023
-
-
- US lawmakers urge Blinken to say China’ aggression against India, Taiwan ‘unacceptable’
- Australia vows to keep raising human rights concerns with China despite ambassador’s warning
- Panicked reaction to Sri Lanka’s invitation underscores Beijing’s deep insecurities vis-à-vis Dalai Lama
- Sera Jey inaugurates new ‘International online school’ and Tibetan languages Application
- Health and Wellness: Benefits of ‘Sorig Truthang’ herbal health drink
-

རྒྱ་ནག་གི་ངོས་ནས་ལོ་དགུའི་རྗེས་ཨོ་སི་ཊོ་ལི་ཡ་དང་རྒྱ་ནག་བར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་སླར་གསོ་བྱ་རྒྱུའི་རྣམ་པ་ཆེད་བཏོན་བྱས་ཡོད་ཀྱང་། དེ་ལྟ་བུའི་གྲོས་མོལ་དེ་ཡོང་བར་ཐོག་མར་ཨོ་སི་ཊོ་ལི་ཡའི་ངོས་ནས་རྒྱ་ནག་ལ་མིང་རྗེས་ངན་པ་བཟོ་རྒྱུ་མེད་པ་སོགས་ཀྱི་ཆ་རྐྱེན་ཁག་གཅིག་བཏོན་ཡོད་སྟབས། ཨོ་སི་ཊོ་ལི་ཡའི་གཞུང་གིས་ཉེན་བརྡ་དེར་ལྟོས་མེད་རྒྱ་ནག་དང་ལྷན་དུ་བློ་འཚབ་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་གཙོ་བོར་གདེང་འཇོག་གནང་སྟེ་མུ་མཐུད་གླེང་སློང་གནང་རྒྱུ་ཡིན་པར་གསུངས་འདུག
ཨོ་སི་ཊོ་ལི་ཡ་དང་རྒྱ་ནག་གཉིས་དབར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གྲོས་མོལ་ཐེངས་དང་པོ་དེ་ཕྱི་ལོ་ ༡༩༩༧ ལོར་གནང་ཡོད་པ་དང་དེ་རྗེས་ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གྲོས་མོལ་མཐའ་མ་དེ་གནང་ཡོད།
འདི་ལོའི་ཟླ་ ༡ ཚེས་ ༣༠ ཉིན་ The Guardian གསར་ཤོག་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཨོ་སི་ཊོ་ལི་ཡ་དང་རྒྱ་ནག་དབར་གྱི་ཕྱི་འབྲེལ་ཐབས་བྱུས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཁྲོད་འདིར་ཉེ་ལམ་རྒྱ་ནག་གཞུང་གིས་ལོ་ངོ་དགུའི་རྗེས་སུ་ཨོ་སི་ཊོ་ལི་ཡར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གྲོས་མོལ་བྱ་རྒྱུའི་བརྡ་ལེན་སྤྲད་ཡོད་པ་དེ་ལྟར་ཡང་། ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་པ་ Xiao Qian གིས་ཨོ་སི་ཊོ་ལི་ཡའི་ངོས་ནས་ཐོག་མར་རྒྱ་ནག་ཐོག་འཛིན་པའི་བཞེངས་ཕྱོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་དགོས་པ་དང་། སྤྱིར་རྒྱ་ནག་གིས་ཕྱོགས་གཉིས་ཀར་དགེ་མཚན་ཡོད་པའི་བསམ་ཚུལ་སོགས་ལ་དགའ་བསུ་ཡོད་ཀྱང་། སྨྲ་བརྗོད་རང་དབང་སོགས་ཀྱི་གནད་དོན་གླེང་སློང་བརྒྱུད་ནས་རྒྱ་ནག་ལ་མིང་རྗེས་ངན་པ་བཟོ་རྒྱུ་དང་ཡང་ན་རྒྱ་ནག་དམར་ཤོག་ཚོགས་པའི་ཁྲིམས་སྒྲིག་ལ་སྣང་ཆུང་གཏང་ན་དེ་ནི་འགྲིག་ཐབས་མེད་པ་ཞིག་རེད་ཅེས་བཤད་ཡོད་པ་རེད། ད་དུང་ཁོ་པས་སྔ་ལོའི་ཕྱི་ཟླ་ ༨ པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་འདོན་སྤེལ་གནང་བའི་ཤིན་ཅང་གི་སྙན་ཐོ་དེ་ནི་ཆབ་སྲིད་གཡོ་བྱུས་ཤིག་ཡིན་པ་བཤད་འདུག
གནད་དོན་དེ་དང་འབྲེལ་ནས་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨོ་སི་ཊོ་ལི་ཡ་གཞུང་གིས་ད་བར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་བློ་འཚབ་ཀྱི་རྣམ་པ་མངོན་གསལ་གནང་མུས་ཡིན་པ་མ་ཟད། མ་འོངས་པར་རྒྱ་ནག་དང་ལྷན་དུ་གནད་དོན་དེ་གལ་ཆེ་ཤོས་ལ་ངོས་འཛིན་གྱིས་ཐད་ཀར་གླེང་སློང་གནང་རྒྱུ་ཡིན་པར་གསུངས་འདུག
ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་ལྕམ་ Penny Wong མཆོག་གིས་ཀྱང་ཤིན་ཅང་གི་སྙན་ཐོ་དེ་ནི་ཧ་ཅང་སེམས་སྡུག་གི་གནད་དོན་ཞིག་ཡིན་པ་དང་འབྲེལ། ཟླ་བ་སྔོན་མར་ཁོང་ཡུ་གུར་ཚོགས་པའི་ཚོགས་མི་རྣམས་དང་ཐུག་འཕྲད་གནང་ཡོད་པ་དང་། ཁོང་གིས་ང་ཚོའི་རིན་ཐང་དང་མངོན་འདོད་མཐུན་པའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་ཐབས་བྱུས་བཀོལ་སྤྱོད་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
ཨེ་ཤ་ཡའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་འགན་འཛིན་ལྕམ་ Elaine Pearson ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་རྒྱ་ནག་གཞུང་ཚབ་ཀྱིས་ཆ་རྐྱེན་བཞག་པ་དེ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལས་གཡོ་ཐབས་ཀྱི་ཐབས་བྱུས་ཤིག་ཡིན་པ་དང་འབྲེལ། ཤིན་ཅང་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐོག་རྒྱ་ནག་ལ་འགན་ལེན་ཡོད་པ་ཞིག་ངེས་པར་དུ་བཟོ་དགོས་ཞེས་གསུངས་འདུག
ཨོ་སི་ཊོ་ལི་ཡར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་སྤྱི་ཟུར་སྐྱིད་འཛོམས་གདོང་འདུས་ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་དེ་ནི་ཆ་རྐྱེན་གང་ཡང་མེད་པར་གནང་དགོས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་བ་མ་ཟད། རྒྱ་ནག་གཞུང་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་སླར་གསོ་ཡོང་བར་ཐོག་མར་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྔར་བཞིན་བཟོ་དགོས་སྐོར་བཤད་པ་དེ་ནི་དོན་ངོ་མར་བོད་དང་ཤིན་ཅང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་བསྐྱུར་ཆེད་ཡིན་པ་དང་ཆབས་ཅིག བོད་མི་དང་ཡུ་གུར་བ་རྣམས་ཀྱིས་ཕྱོགས་གཉིས་ཀྱི་གྲོས་མོལ་དེ་མིང་ཙམ་མིན་པར་དངོས་དོན་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཡར་རྒྱས་གོང་འཕེལ་ལ་སྨན་པ་ཞིག་དགོས་སྐོར་སོགས་གསུངས་འདུག



ཉན་པ།: Listen
ཕབ་ལེན། Download-
-
- རྒྱ་གཞུང་གིས་བོད་མིའི་རིགས་རྫས་བསྡུ་ལེན་བྱེད་བཞིན་པའི་བྱ་སྤྱོད་ལ་ངོ་རྒོལ་གནང་བ།
- བོད་ནང་དྲ་རྒྱའི་ཆ་འཕྲིན་གྱི་དོ་དམ་ཁྲིམས་སྲོལ་ཟེར་བ་ལག་བསྟར་བརྒྱུད་དྲ་རྒྱའི་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏང་རྒྱུ་རེད་འདུག
- བཀའ་སྤྱི་གཉིས་ཀྱིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་བདམས་ཐོན་སྲིད་འཛིན་སྐུ་ཞབས་ Petr Pavel མཆོག་ལ་འཚམས་འདྲི་གནང་བ།
- བཞུགས་སྒར་དུ་པར་རིས་འགྲེམས་སྟོན་བརྒྱུད་ Thermo Fisher བཟོ་ཚོང་ཁང་ལ་རིགས་རྫས་བསྡུ་རུབ་ཀྱི་ཡོ་ཆས་བཙོང་རྒྱུ་མཚམས་འཇོག་དགོས་པའི་ནན་སྐུལ་གནང་བ།
- འཕགས་བོད་ས་མཚམས་ཀྱི་ད་ལྟའི་གནས་བབ་སྐོར་ལ་དྭགས་འབྲོག་སར་གནས་བཞུགས་རིག་འཛིན་བསྟན་རྒྱལ་ལགས་ཀྱིས་ངོ་སྤྲོད་གནང་བ།
-
Wednesday 01/02/2023
-
-
- Tibetan students protest against Thermo Fisher for mass DNA collection in Tibet
- China’s new cyber security law in Tibet to increase clampdown and online monitoring
- CTA congratulates Czech President Elect Petr Pavel
- Photo exhibition highlights China’s theft of Tibetan DNA
- In conversation with Demchok native on current India-China situation at the border
-
ཉན་པ།: Listen
ཕབ་ལེན། Download-
-
- སྲིད་སྐྱོང་མཆོག་གིས་དབྱིན་ཡུལ་གྱི་ Oxford Union ཐོག་བོད་དོན་གསུང་བཤད་གནང་རྒྱུ།
- ཨུ་རུ་སུ་གཞུང་གིས་ཏེ་ལོ་རིན་པོ་ཆེ་མཆོག་རྒྱལ་ཁབ་གཞན་གྱི་ལས་དོན་གཉེར་མཁན་གྱི་གྲས་སུ་མཚན་འདོན་ཞུས་འདུག
- མེ་སོར་ཧིན་བོད་མཛའ་འབྲེལ་ཚོགས་པས་བོད་དོན་ཚོགས་འདུ་ཚོགས་པ།
- རྒྱ་ནག་གིས་ཧོང་ཀོང་གི་ཆབ་སྲིད་དུས་དེབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་འཛིན་བཟུང་།
-
Tuesday 31/01/2023
-
- Sikyong embarks on maiden Europe Trip, delivers talk at Oxford Union, England
- Russia names Telo Rinpoche in ‘Foreign Agents’ list
- ITFS Mysuru with with Vidyavardhaka First Grade College host seminar on Tibet
- Chief Editor of Hong Kong magazine Exclusive Character reportedly missing in mainland China