བཙན་བྱོལ།
རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ལ་བོད་མི་ཁེར་རྐྱང་གིས་ངོ་རྒོལ།
རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ལ་བོད་མི་ཁེར་རྐྱང་གིས་ངོ་རྒོལ།
རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གྱིས་ཆུ་ཚོད་ ༩༠ རིང་ཟས་བཅད་ལས་འགུལ་གནང་བཞིན་པ།
རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གྱིས་ཆུ་ཚོད་༩༠རིང་ཟས་བཅད་ལས་འགུལ་གནང་བཞིན་པ།
རྒྱ་ནག་གི་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་ ༡༥ པ་བརྒྱུད་བོད་རྒྱ་བསྒྱུར་གྱི་ལས་དོན་ཇེ་བརྟན་དུ་གཏོང་རྒྱུར་དམིགས་ཡོད་པ་གསུངས་འདུག
ཉེ་ཆར་རྒྱ་ནག་རྒྱལ་ས་པེ་ཅིང་དུ་འཚོགས་པའི་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཐོག ཕྱི་ལོ་ ༢༠༢༦ ནས་ ༢༠༣༠ བར་གྱི་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་ ༡༥ པ་དེ་གཏན་འབེབས་བྱས་ཡོད་པ་དང་། དེ་འབྲེལ་ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གི་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་ ༡༥ པ་སྟེ། ཕྱི་ལོ་ ༢༠༢༦ ནས་ ༢༠༣༠ བར་གྱི་ལོ་ལྔ་ཚན་གྱི་འཆར་གཞི་ཐོག་ལ་དཔྱད་ཞིབ་གནང་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་དུ། རྒྱ་གཞུང་གིས་མ་འོངས་ལོ་ལྔའི་ནང་བོད་ནང་སྤུས་ཚད་མཐོ་བའི་ཡར་རྒྱས་འཛུགས་སྐྲུན་སོགས་ལ་ཁ་གཡར་ཏེ། དོན་དངོས་ཐོག་བོད་ནང་འཆར་གཞི་ལག་བསྟར་ཁྲོད་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དམིགས་ཡུལ་སྒྲུབ་རྒྱུ་གཙོ་བོ་བཟུང་ཡོད་པ་མངོན་གསལ་གནང་འདུག
དེ་ཡང་ཁ་སང་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་དྲྭ་གནས་ཐོག་རྒྱ་ནག་གི་ལོ་ལྔ་ཚན་གྱི་འཆར་གཞི་ ༡༥ པའི་ཐོག་ལ་དཔྱད་ཞིབ་ཀྱི་སྙན་ཐོ་དེ་འདོན་སྤེལ་གནང་འདུག་པ་དང་། དེའི་ནང་རྒྱ་གཞུང་གིས་ཕྱི་ལོ་ ༢༠༢༦ ནས་ ༢༠༣༠ བར་གྱི་ལོ་ལྔ་ཚན་གྱི་འཆར་གཞི་དེའི་ཁྲོད་ཕྱི་ལོ་ ༢༠༣༥ བར་དུ་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོར་བཟུང་གིས་བོད་ཁུལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་མི་འབོར་ཆེ་བའི་ས་ཁུལ་དུ་ལྕགས་ལམ་མི་འདྲ་བ་བཅུ་གསར་དུ་བརྒྱག་རྒྱུ་ཡིན་པ་མ་ཟད་ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་ཁག་ལ་ལྕགས་ལམ་གྱིས་མཐུད་ཚད་ཇེ་མགྱོགས་སུ་གཏོང་འཆར་སོགས་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་པའི་ཞིང་ཆེན་དང་གྲོང་ཁྱེར་ཆེ་ཁག་ནང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་སྟེ། སྤྱི་ཚོགས་རིང་ལུགས་དེ་བཞིན་དེང་རབས་ཅན་ཞིག་ཡོང་བར་རྨང་གཞི་སྔར་ལས་བརྟན་པོ་འདིང་གི་ཡོད་ལུགས་བརྗོད་ཡོད་ཀྱང་། ཚོགས་པས་རྒྱ་གཞུང་གིས་མ་འོངས་ལོ་ལྔའི་ནང་བོད་ནང་སྤུས་ཚད་མཐོ་བའི་ཡར་རྒྱས་འཛུགས་སྐྲུན་སོགས་ལ་ཁ་གཡར་ཏེ། དོན་དངོས་ཐོག་བོད་ནང་འཆར་གཞི་ལག་བསྟར་ཁྲོད་བོད་རྒྱ་བསྒྱུར་གྱི་ཆབ་སྲིད་དམིགས་ཡུལ་སྒྲུབ་རྒྱུ་གཙོ་བོ་བཟུང་ཡོད་པ་མངོན་གསལ་གནང་འདུག
མ་ཟད་སྙན་ཐོའི་ནང་། ལོ་ལྔ་ཚན་གྱི་འཆར་གཞིའི་ནང་བོད་ཀྱི་ནང་དུ་སྐྱེལ་འདྲེན་གྱི་རྒྱ་ལམ་འཛུགས་སྐྲུན་བྱ་རྒྱུ་དང་། གྲངས་ཉུང་མི་རིགས་ཀྱི་གནས་བབ་ཡར་རྒྱས་གཏང་རྒྱུ། བོད་ཀྱི་ས་མཚམས་ས་ཁུལ་སྐོར་དང་འབྲེལ། བོད་དེ་ལྷོ་ཨེ་ཤི་ཡ་ས་ཁུལ་ནང་དུ་ཚོང་འབྲེལ་གྱི་བརྒྱུད་ལམ་གཙོ་བོ་ཞིག་ཏུ་བསྒྱུར་རྒྱུ། དེ་བཞིན་རྒྱ་གཞུང་གི་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བ་ཙམ་མ་ཟད། རྒྱ་གཞུང་གི་དབྱེ་བའི་བོད་ཀྱི་ཞིང་ཆེན་ས་ཁུལ་གཞན་ཁག་གི་ནང་དུའང་འཛུགས་སྐྲུན་ཡར་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེ་ཙམ་བྱེད་རྒྱུ། ལྷག་པར་དུ་ཁོར་ཡུག་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕན་ནུས་ལྡན་ཚུལ་བརྗོད་དེ་ཡར་ཀླུང་གཙང་པོ་གཙོས་པའི་བོད་ཀྱི་ཆུ་བའི་ཐོག་ཆུ་གློག་གསར་རྒྱག་གི་ལས་གཞི་རྒྱ་ཆེ་སྤེལ་རྒྱུ་སོགས་འཆར་གཞི་ཐེངས་ ༡༥ པའི་ནང་དུ་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་དེ་གཙོ་བོར་བཟུང་ཡོད་ཀྱང་། འཕགས་བོད་ས་མཚམས་སུ་ལྕགས་ལམ་དང་། གཞུང་ལམ། གནམ་ཐང་སོགས་ཀྱི་རྨང་གཞིའི་འཛུགས་སྐྲུན་ལས་གཞི་ཁག་ནི་དམག་དཔུང་འགུལ་བསྐྱོད་དང་རྒྱལ་ཁབ་ཀྱི་བདེ་འཇགས་ཆེ་རུ་གཏོང་ཆེད་ཡིན་པ་དང་། ཡར་རྒྱས་འདི་དག་གིས་བོད་མིའི་འཚོ་བའི་གནས་སྟངས་ལེགས་བཅོས་བྱ་རྒྱུ་མིན་པར་བོད་ཀྱི་ས་ཁུལ་དེ་བཞིན་དམག་དོན་གྱི་དམིགས་ཡུལ་དུ་བེད་སྤྱོད་བྱེད་བཞིན་པ་མངོན་གསལ་གནང་འདུག
དེ་བཞིན་འཆར་གཞི་ཐེངས་ ༡༥ པའི་ནང་དུ་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱག་རྒྱུ་ཡིན་ཟེར་བའི་འོག བོད་ཀྱི་ས་ཁུལ་ཕོན་ཆེན་པོ་ཞིག་སྤྱི་གླིང་དུ་བསྒྱུར་རྒྱུ་གཙོས་ཆུ་གློག་གི་ལས་གཞི་རྒྱ་ཆེ་སྤེལ་རྒྱུ་སོགས་བརྗོད་ཡོད་པ་དེ་ལྟར་ཡང་། དོན་དངོས་སུ་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་བྱང་འོག བོད་ཀྱི་ཚོར་བ་རྣོ་བའི་ཁོར་ཡུག་གནས་སྟངས་ལ་མ་ལྟོས་པར་བོད་ནང་ཆུ་མཛོད་གསར་རྒྱག་སོགས་ཀྱི་འཆར་གཞི་ལག་བསྟར་བརྒྱུད་གློག་ཤུགས་དེ་བཞིན་ཤར་ཕྱོགས་ཀྱི་རྒྱ་ནག་ཏུ་སྐྱེལ་འདྲེན་བྱ་རྒྱུར་དམིགས་ཡོད་པ་དང་། ལས་གཞི་དེས་ས་གནས་ཀྱི་བོད་མི་ཚོའི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་བློ་འཚབ་གསལ་སྟོན་དང་ཆབས་ཅིག དེ་བཞིན་བོད་ཀྱི་ས་མཚམས་ས་ཁུལ་དང་འབྲེལ་བའི་ལས་འཆར་འོག བོད་ཀྱི་མངའ་རིས་དང་སྐྱིད་གྲོང་ས་ཁུལ་དེ་བཞིན་རྒྱ་གར་དང་བལ་ཡུལ་གཙོ་བོར་གྱུར་བའི་ལྷོ་ཨེ་ཤི་ཡའི་ས་ཁུལ་དུ་ཚོང་འབྲེལ་ཆེད་བེད་སྤྱོད་གཏོང་རྒྱུ་དང་། བལ་ཡུལ་ནང་དུ་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆར་གཏོང་རྒྱུ་བཅས་ལ་བེད་སྤྱོད་བཏང་ཡོད་པ་མངོན་གསལ་གནང་འདུག
ད་དུང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་ལས་དོན་རྒྱ་ཆེར་སྤེལ་དགོས་པར་ནན་བརྗོད་བྱས་པར་ལྟར། ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་ ༡༥ པའི་ནང་བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་རྒྱུར་གུ་ཡངས་ཤུགས་ཆེ་སྤྲོད་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་དེ་ལྟར་ཡང་། རྒྱ་ནག་གིས་ཡུལ་སྐོར་སྤྲོ་འཆམ་བརྒྱུད་ནས་བོད་མི་རྣམས་རང་གི་སྲོལ་རྒྱུན་དང་རིག་གཞུང་ནས་རྒྱང་ཐག་རིང་དུ་བཏང་སྟེ་རྒྱ་བསྒྱུར་གྱི་ལས་གཞི་རྒྱ་སྐྱེད་འོག་རྒྱ་སྐད་དང་རྒྱ་ཡིག་བེད་སྤྱོད་ཇེ་མང་དུ་གཏོང་བའི་བརྒྱུད་མཐུན་སྒྲིལ་གོང་འཕེལ་གཏོང་ཐབས་ལ་དམིགས་ཡོད་པ་མངོན་གསལ་གྱིས། མ་འོངས་ལོ་ལྔའི་ནང་རྒྱ་གཞུང་གིས་འཛུགས་སྐྲུན་གྱི་རྣམ་པའི་ཐོག་ནས་རྒྱ་བསྒྱུར་གྱི་སྲིད་བྱུས་ཇེ་ཤུགས་ཆེ་རུ་གཏོང་ངེས་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་སྤེལ་གྱི་མིང་འོག་ནས་སློབ་གྲྭ་དང་དགོན་སྡེ། ཞིང་གྲོང་ཁྱོན་ཡོངས་ནང་རྒྱ་སྐད་སློབ་ཁྲིད་གཙོས་རྒྱ་ནག་དམར་གཞུང་ལ་བརྩི་བཀུར་གྱི་སློབ་གསོ་སྤེལ་རྒྱུ་སོགས་དམིགས་འབེན་བཟུང་ཡོད་པར་སེམས་འཚབ་བསྟན་འདུག
གཞི་རྩའི་རྒྱ་གཞུང་གིས་ལོ་ལྔ་རེ་མཚམས་སུ་ལོ་ལྔ་ཚན་ཅན་གྱི་འཆར་གཞི་མཚོན་ལྷག་པར་ལོ་ལྟར་རྒྱ་ནག་དམར་ཤོག་ཚོགས་པས་དུས་རབས་གསར་པའི་ནང་བོད་སྐྱོང་སྟངས་ཀྱི་སྲིད་བྱུས་དང་འབྲེལ་བའི་ཐབས་ལམ་དང་གྲུབ་འབྲས་སྐོར་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞིག་འདོན་སྤེལ་བརྒྱུད་རྒྱ་ནག་གིས་བོད་ནང་སྔར་བྱུང་མྱོང་མེད་པའི་ཡར་རྒྱས་དང་བཟང་ཕྱོགས་ཀྱི་འགྱུར་ལྡོག་བཏང་ཡོད་སྐོར་བཤད་པ་མ་ཟད། བོད་ནང་གི་བོད་མི་རྣམས་ལ་ཆོས་དད་རང་དབང་དང་སྐད་ཡིག་ཐོབ་ཐང་ཚད་ལྡན་ཡོད་ལུགས། ལྷག་པར་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་ལ་བདག་གཅེས་ཀྱི་ལམ་ལུགས་གོང་འཕེལ་དུ་འགྲོ་བཞིན་པ་སོགས་བརྗོད་བཞིན་ཡོད་ནའང་། བོད་མིའི་སྒྲིག་འཛུགས་དབུས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་རྒྱ་ཞུང་གིས་བོད་ནང་ལ་དཔལ་འབྱོར་དང་འཛུགས་སྐྲུན་ཡར་རྒྱས་བཏང་ཡོད་སྐོར་འཁྱོག་བཤད་དྲིལ་བསྒྲགས་སྤེལ་བ་ཙམ་ལས་བོད་ནང་གི་བོད་མིའི་མངོན་འདོད་ཐོག་གྲུབ་འབྲས་གང་ཡང་སོན་མེད་པ་གསུང་བཞིན་པ་རེད།
ཤམ་བྷ་ལ་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་སུ་བུད་མེད་འཁྲབ་སྟོན་པ་རྩེ་ཕུད་ཀྱི་བྱ་དགའ་ཐོབ་འདུག
The Film Critics Society of Nepal (FICSON) འམ་བལ་ཡུལ་གློག་བརྙན་དཔྱད་བརྗོད་ཚོགས་པས་འཕྲིན་ལས་ལྷ་མོ་ལགས་སུ་ཕྱི་ལོ་ ༢༠༢༤ ལོར་རྒྱང་སྲིང་ཞུས་ཟིན་པའི་ Shambala ཤམ་བྷ་ལ་གློག་བརྙན་ནང་གཟེངས་སུ་ཐོན་པའི་འཁྲབ་སྟོན་གནང་ཡོད་པ་ལ་ཆེ་བསྟོད་ཀྱིས་ཁོང་ལ་བུད་མེད་འཁྲབ་སྟོན་པ་རྩེ་ཕུད་ཀྱི་བྱ་དགའ་ཐོབ་འདུག
དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། གཟའ་འཁོར་སྔོན་མའི་རེས་གཟའ་ལྷག་པའི་ཉིན་བལ་ཡུལ་གློག་བརྙན་དཔྱད་བརྗོད་ཚོགས་པས་ Critics Award 2081 ཞེས་བལ་ཡུལ་ལུགས་ཀྱི་ ༢༠༨༡ ལོའི་དཔྱད་བརྗོད་བྱ་དགའ་ཐོབ་མཁན་གྱི་མིང་གཞུང་ཡོངས་གྲགས་གནང་ཡོད་པ་དང་། དེ་དག་ཁོངས་ནས་བུད་མེད་འཁྲབ་སྟོན་པ་རྩེ་ཕུད་ཀྱི་བྱ་དགའ་དེ་བཞིན་ཤམ་བྷ་ལ་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་སུ་ཐོབ་ཡོད་སྐོར་གསལ་བསྒྲགས་གནང་ཡོད་པ་རེད། FICSON ཚོགས་པའི་བྱ་དགའ་དེས་ཤམ་བྷ་ལ་ཞེས་པའི་གློག་བརྙན་ནང་འཕྲིན་ལས་ལྷ་མོ་ལགས་ཀྱིས་བལ་བོད་བར་གྱི་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་བུ་མོ་པདྨ་ཞེས་པའི་འཁྲབ་སྟོན་གནང་བའི་ཁྲོད། མངལ་ནང་ཕྲུ་གུ་ཡོད་བཞིན་དུ་གར་སོང་ཆ་མེད་དུ་གྱུར་བའི་རང་གི་བཟའ་ཟླ་འཚོལ་ཞིབ་སླད་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གསེབ་ཏུ་དཀའ་སྡུག་སྣ་ཚོགས་ཤིག་གི་ཐོག་ཆོས་ཀྱི་ལམ་དུ་བཞུགས་པར་བསྟན་པའི་སྒྱུ་རྩལ་ལ་ཆེ་བསྟོད་ཙམ་མ་ཟད། ཁོང་གི་འཁྲབ་སྟོན་དེ་ཉིད་ཤམ་བྷ་ལ་གློག་བརྙན་དེ་བཞིན་རིམ་པས་ Berlin International Film Festival འམ་བྷར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སོགས་རྒྱལ་སྤྱིའི་སྡིངས་ཆ་འདྲ་མིན་ཐོག་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་ཀྱི་མེད་དུ་མི་རུང་བའི་ཆ་ཤས་ཡིན་པར་ཆེ་བསྟོད་མཚོན་གྱི་ཡོད་པ་འཁོད་འདུག
ལྷག་པར་དུ་བལ་ཡུལ་གློག་བརྙན་དཔྱད་བརྗོད་ཚོགས་པའི་ Critics Award 2081 ཞེས་པའི་བྱ་དགའི་ནང་གློག་བརྙན་རྩེ་ཕུད་དང་གློག་བརྙན་ འཁྲབ་ཁྲིད་པ་རྩེ་ཕུད་སོགས་སྡེ་ཚན་ཁག་མང་ཆེ་བའི་བྱ་དགའ་དེ་བཞིན་ཤམ་བྷ་ལ་གློག་བརྙན་དང་དེའི་འཁྲབ་ཁྲིད་པ་དང་འཁྲབ་སྟོན་རྣམས་ལ་ཐོབ་ཡོད་པ་དང་། ཚོགས་པའི་ངོས་ནས་ཐེངས་འདིར་རྩེ་ཕུད་ཀྱི་བྱ་དགའ་ཐོབ་མཁན་རྣམས་ཀྱི་མིང་གཞུང་ཡོངས་གྲགས་སུ་གསལ་བསྒྲགས་གནང་ཡོད་པ་ལས། ཚོགས་པའི་འགན་འཛིན་ Samipya Raj Timilsina ལགས་ཀྱིས་གསུང་དོན་བྱས་ན། ཉེ་ལམ་བལ་ཡུལ་ནང་ལྐོག་ཟ་རུལ་སུངས་དང་འབྲེལ་ཏེ་གཞོན་སྐྱེས་རྣམས་ཀྱིས་གཞི་རྒྱ་ཆེ་བའི་ངོ་རྒོལ་སྤེལ་བ་སོགས་ཆབ་སྲིད་ཀྱི་དོན་རྐྱེན་ཁག་གཅིག་རྒྱུ་མཚན་གྱིས་བལ་ཡུལ་ལུགས་ཀྱི་ ༢༠༨༡ ལོ་དང་ ༢༠༨༢ ལོའི་གློག་བརྙན་དཔྱད་བརྗོད་ཀྱི་རྩེ་ཕུད་བྱ་དགའ་རྣམས་དངོས་སུ་ལོ་རྗེས་མར་མཛད་སྒོ་ཟབ་རྒྱས་འཚོག་པའི་ཐོག་དོ་དག་སོ་སོར་འབུལ་བཞེས་གནང་རྒྱུ་ཡིན་པ་བརྗོད་འདུག
ཐེངས་འདིར་འཕྲིན་ལས་ལྷ་མོ་ལགས་སུ་བུད་མེད་འཁྲབ་སྟོན་པ་རྩེ་ཕུད་ཀྱི་བྱ་དགའ་ཐོབ་ཡོད་པ་མ་ཟད། འདས་པའི་ཕྱི་ལོ་ ༢༠༢༤ ལོར་ཁོང་ལ་ཤམ་བྷ་ལ་གློག་བརྙན་ནང་འཁྲབ་སྟོན་གཟེངས་སུ་ཐོན་པ་གནང་བ་ལ་བརྟེན་ནས་སུད་སིའི་ Locarna Film Festival རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༧༧ པའི་ཐོག་ཏུའང་ Boccalino d’Oro ཞེས་འཁྲབ་སྟོན་པ་རྩེ་ཕུད་ཀྱི་བྱ་དགའ་ཡང་ཐོབ་ཡོད་པ་རེད།
གཞི་རྩའི་ཤམ་བྷ་ལ་གློག་བརྙན་དེའི་འཁྲབ་ཁྲིད་པ་ནི་བལ་པོ་ Min Bahadur Bham ལགས་ཡིན་པ་དང་། གློག་བརྙན་ནང་དོན་གྱི་བཀའ་མོལ་ནི་བལ་པོའི་སྐད་དང་བོད་སྐད། དེ་བཞིན་དོལ་པོའི་ཡུལ་སྐད་ཐོག་ཡིན་པ་མ་ཟད། འཁྲབ་སྟོན་གནང་མཁན་དེའི་ཁྲོད་བཙན་བྱོལ་བོད་མིའི་སྒྱུ་རྩལ་བ་གྲགས་ཅན་བློ་བརྟན་རྣམ་གླིང་ལགས་དང་། བསོད་ནམས་སྟོབས་ལྡན་ལགས། བསྟན་འཛིན་དགྲ་ལྷ་ལགས། འཕྲིན་ལས་ལྷ་མོ་ལགས་བཅས་ཡོད་པ་རེད། ཤམ་བྷ་ལ་གློག་བརྙན་དེ་བཞིན་རྒྱལ་སྤྱིའི་སྐད་གྲགས་ཆེ་བའི་ Oscar གཟེངས་སྟོད་ཆེད་དུ་ཕྱི་ལོ་ ༢༠༢༤ ལོར་བལ་ཡུལ་གྱི་གཞུང་འབྲེལ་གློག་བརྙན་ཁོངས་སུ་ཚུད་ཡོད་པ་དང་། དེ་བཞིན་གློག་བརྙན་དེ་འཇར་མཱ་ནིའི་རྒྱལ་ས་བྷར་ལིན་ནང་དུ་བྷར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་འགྲན་བསྡུར་ཐེངས་ ༧༤ པའི་ནང་དུ་ཡང་ཚུད་ཡོད་པ་མ་ཟད། དེ་ཡང་དུས་སྟོན་དེ་ལྟ་བུའི་ནང་ཚུད་པའི་བལ་ཡུལ་གྱི་གློག་བརྙན་ཐོག་མ་དེ་ཆགས་ཀྱི་ཡོད་ལ། ལོ་ངོ་ ༣༠ ནང་ལྷོ་ཨེ་ཤི་ཡའི་ཁྱོན་ཡོངས་ནས་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད། ལྷག་པར་དུ་གློག་བརྙན་དེ་བལ་ཡུལ་དང་ཧྥ་རན་སི། ནོར་ཝེ། ཧོང་ཀོང་། ཊར་ཀི ཐའི་ཝན། ཨ་རི། ཀ་ཏར་བཅས་སུ་གཟིགས་འབུལ་ཞུ་འཆར་ཡོད་པ་རེད་འདུག
༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེའི་ཡང་སྲིད་ཀྱི་གནད་དོན་ཐད་༸གོང་ས་མཆོག་གི་དམིགས་བསལ་མཇལ་ཁ་ཞུས་འདུག
༸སྐུའི་གཅུང་པོ་༸སྐྱབས་རྗེ་མངའ་རིས་རིན་པོ་ཆེ་མཆོག་ཉེ་ལམ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་སྟེ། ཁ་སང་བཞུགས་སྒར་དུ་ཞེར་དགུའི་མཆོད་འབུལ་སྨོན་ལམ་འཚོགས་པ་དང་འབྲེལ། དེ་རིང་མངའ་རིས་རིན་པོ་ཆེའི་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་མཇལ་ཞུའི་ཐོག རིན་པོ་ཆེའི་ཡང་སྲིད་མྱུར་བྱོན་ཡོང་ཐབས་སུ་ཞབས་རིམ་ཁག་གང་བསྒྲུབ་དགོས་མིན་དང་། མ་འོངས་པ་རིན་པོ་ཆེའི་ཡང་སྲིད་འཚོལ་ཞིབ་ཀྱི་ཐབས་ལམ་བཅས་ཀྱི་སྐོར་གསོལ་འདེབས་ཞུས་འདུག
https://www.youtube.com/watch?v=P7TBCwSt8yo
རྩ་བའི་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༧ གནམ་སྒང་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ པ་ཙམ་ལ་༸སྐུའི་གཅུང་པོ་༸སྐྱབས་རྗེ་མངའ་རིས་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་ཆོས་རྒྱལ་དཔལ་བཟང་པོ་མཆོག་དགུང་གྲངས་བརྒྱད་བཅུའི་ཐོག་བཞུགས་སྒར་རྡ་རམ་ས་ལའི་གཟིམས་ཤག་ཏུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཡོད་པ་དང་། གནས་ཚུལ་དེ་བྱུང་རྗེས་མངའ་རིས་རིན་པོ་ཆེའི་འབྲེལ་ཡོད་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་། གླིང་མཆོག་སྤྲུལ་རིན་པོ་ཆེ། ཀུན་བདེ་གླིང་བླ་བྲང་། སྒོ་མང་མཁན་ཟུར་མངའ་རིས་དགེ་བཤེས་བློ་བཟང་རྒྱལ་མཚན། རྒྱུད་སྟོད་མཁན་ཟུར་མངའ་རིས་དགེ་བཤེས་བློ་བཟང་མཁས་གྲུབ། སྒོ་མང་མངའ་རིས་ཁང་ཚན། ཟངས་དཀར་ནང་ཚོགས་དང་དགོན་ཚོགས། རང་ལྡུམ་དགོན། ཕུག་ཐར་དགོན། ཀླུ་འཁྱིལ་དགོན། དཀར་ཆ་དགོན། སྟོང་སྡེ་དགོན། མུ་ནེ་དགོན། ལིང་ཤེད་དགོན། ཟངས་དཀར་རྡོ་རྗེ་རྫོང་བཙུན་དགོན་བཅས་ནས་མགོན་པོ་༸གང་ཉིད་མཆོག་ལ་ཡང་སྲིད་མྱུར་བྱོན་གྱི་སྨོན་ཚིག་ཅིག་སྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པ་བཞིན། ཟླ་སྔོན་མའི་ཕྱི་ཚེས་ ༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་འབྲེལ་སྨོན་ཚིག་གསུང་འཕྲིན་ཞིག་སྩལ་ཡོད་པ་རེད།
སྨོན་ཚིག་དེའི་ནང་༸མགོན་པོ་མཆོག་གིས་༸སྐྱབས་རྗེ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་མཆོག་༸སྐུའི་སྤྱན་ལམ་དུ་འཚར་ཤིང་། བོད་དང་། ལྷག་པར་དུ་རྒྱ་གར་དུ་སྐྱིད་སྡུག་འདྲ་མིན་མཉམ་མྱོང་གནང་ཡོད་པ་དང་། ༸གང་ཉིད་མཆོག་གིས་ཅི་གསུངས་ལ་རྒྱག་གཅིག་མཆོངས་གཅིག་གནང་མཁན་ཞིག་ཡིན་པ་མ་ཟད། མངའ་རིས་རིན་པོ་ཆེས་༸གོང་ས་མཆོག་ལ་སྤུན་མཆེད་ཀྱི་འདུ་ཤེས་མིན་པར་བླ་མ་རང་གི་འདུ་ཤེས་བརྟན་པ་སོགས་དམ་གཙང་ལྷད་མེད་ཀྱི་གཤིས་སྤྱོད་ལྡན་པ་ཞིག་ཡིན་པར། བསྟན་པ་དང་འགྲོ་བའི་དོན་དུ་མངའ་རིས་རིན་པོ་ཆེའི་ཡང་སྲིད་མྱུར་བྱོན་ཡོང་བའི་ཐུགས་སྨོན་བསྐྱོན་ཡོད་པ་རད།
དེ་འབྲེལ་དེ་རིང་མངའ་རིས་རིན་པོ་ཆེའི་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་ནས་༸གོང་ས་མཆོག་གི་མཇལ་ཁ་གྲུབ་མཚམས་འདི་གའི་གསར་འགོད་པས་ཚོགས་ཆུང་དེའི་ཚོགས་གཙོ་དགེ་བཤེས་བློ་བཟང་ཡོན་ཏན་ལགས་སུ་བཀའ་འདྲི་ཞུས་ཡོད།
ཞྭ་མོ་ནག་པོའི་གོམ་བགྲོད་པ་རྣམས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་གྱི་ས་གནས་ Bilaspur དུ་འབྱོར་འདུག
ཞ་མོ་ནག་པོའི་གོམ་བགྲོད་པ་རྣམས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་གྱི་ས་གནས་ Bilaspur དུ་འབྱོར་འདུག
བཞུགས་སྒར་དུ་མངའ་རིས་རིན་པོ་ཆེ་མཆོག་གི་ཞེར་དགུའི་མཆོད་འབུལ་སྨོན་ལམ།
དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༦ ཉིན་མོ་དེ་བཞིན་༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བཞེས་ཏེ་ཉིན་ཞག་ ༤༩ འཁོར་གྱི་ཡོད་པ་དང་བསྟུན། དེ་རིང་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་དབུ་བཞུགས་ཐོག་བླ་མ་མཆོད་པའི་ཚོགས་མཆོད་དང་འབྲེལ་ནས་ཞིང་གཤེགས་དམ་པ་མངའ་རིས་རིན་པོ་ཆེ་མཆོག་གི་ཞེར་དགུའི་མཆོད་འབུལ་སྨོན་ལམ་འཚོགས་སོང་།
དེ་རིང་གི་མཆོད་འབུལ་སྨོན་ལམ་འདི་བཞུགས་སྒར་རྣམ་རྒྱལ་གྲྭ་ཚང་དང་། མངའ་རིས་ཚང་གི་ཁྱབ་ཁོངས་ལ་དྭགས་དགོན་ཁག་བརྒྱད། དེ་བཞིན་མདོ་སྟོད། མདོ་སྨད། དབུས་གཙང་ཆོལ་ཁ་དང་། བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ཚོགས་པ་གྲྭ་ཚང་ཐུན་མོང་གིས་གོ་སྒྲིག་གནང་བ་ཞིག་རེད་འདུག འདི་གའི་གསར་འགོད་པས་དེ་རིང་གི་མཆོད་འབུལ་སྨོན་ལམ་དང་འབྲེལ་ཏེ། མངའ་རིས་རིན་པོ་ཆེའི་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཡོན་ཏན་ལགས་སུ་བཀའ་འདྲི་ཞུས་ཡོད།
རྩ་བའི་ཉེ་ལམ་ཕྱི་ཟླ་ ༢ ཚེས་ ༡༧ གནམ་སྒང་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ པའི་ཐོག་༸སྐུའི་གཅུང་པོ་༸སྐྱབས་རྗེ་མངའ་རིས་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་ཆོས་རྒྱལ་དཔལ་བཟང་པོ་མཆོག་དགུང་གྲངས་བརྒྱད་བཅུའི་ཐོག་བཞུགས་སྒར་རྡ་རམ་ས་ལའི་གཟིམས་ཤག་ཏུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་དང་། འདི་ལོའི་ལོ་གསར་ཚེས་པ་ ༢ པ་ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་བཞུགས་སྒར་མེག་གྡན་གྱི་དུར་ཁྲོད་དུ་ཞིང་གཤེགས་དེ་ཉིད་ཀྱི་སྐུ་ཕུང་ཞུགས་འབུལ་གནང་ཡོད་པ་མ་ཟད། ༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཕྲལ། ལ་དྭགས་མངའ་རིས་ཚང་ཁྱབ་ཁོངས་དགོན་སྡེ་དང་འབྲེལ་ཡོད་སེར་སྐྱ་མི་མང་། དེ་བཞིན་འཛམ་གླིང་ས་ཕྱོགས་འདྲ་མིན་དུ་བོད་མིའི་འདུ་སྡོད་ས་གནས་གང་སར་གདུང་ཤུགས་དྲག་པོས་རིན་པོ་ཆེ་དམ་པའི་སླད་དུ་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་རིམ་པ་འཚོགས་ཡོད་པ་རེད།
༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་ནི། བོད་ཀྱི་རྒྱལ་ས་ལྷ་སར་ཕྱི་ལོ་ ༡༩༤༦ ལོར་འཁྲུངས་ཤིང་། ཁོང་དགུང་ལོ་བཞི་ལ་སོན་སྐབས་མངའ་རིས་རིན་པོ་ཆེ་སྐུ་ཕྲེང་བཅུ་དྲུག་པར་ངོས་འཛིན་གྱིས། དེ་ནས་ཁོང་ལྷ་ས་ཉེ་འཁྲིས་སུ་ཆགས་པའི་མངའ་རིས་རིན་པོ་ཆེ་སྐུ་ཕྲེང་དང་པོས་ཕྱག་བཏབ་པའི་དགོན་པའི་ནང་གསེར་ཁྲིར་མངའ་གསོལ་དང་། ཕྱིས་སུ་གྲགས་ཅན་འབྲས་སྤུངས་དགོན་ཆེན་དུ་སློབ་གཉེར་མུ་མཐུད་གནང་ཡོད་པ་རེད།
ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ པར་རིན་པོ་ཆེ་དགུང་ལོ་ ༡༢ ལ་སོན་སྐབས་རྒྱ་ནག་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པའི་རྗེས་སུ་༸གོང་ས་མཆོག་གི་སྐུ་འཁོར་གྱི་ཆ་ཤས་སུ་བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་པ་དང་། དེ་ནས་རྒྱ་གར་ཤར་ཕྱོགས་རྡོ་རྗེ་གླིང་དུ་ཡོད་པའི་སློབ་གྲྭ་ཞིག་ཏུ་ཕེབས་ནས་དེར་དེང་རབས་ཀྱི་སློབ་གསོ་ཐོག་མ་དེ་བཞེས་ཡོད་པ་མ་ཟད། དེའི་རྗེས་ཨ་རི་དང་རྒྱ་གར་ནང་མུ་མཐུད་སློབ་སྦྱོང་གནང་སྟེ་སྐུ་ཚེའི་ལྷག་མ་རྒྱ་གར་དུ་བཞུགས་ཡོད་པ་རེད།
མངའ་རིས་རིན་པོ་ཆེ་མཆོག་ནི་༸གོང་ས་མཆོག་དང་འབྲེལ་བ་ཧ་ཅང་ཟབ་ཅིང་ཞབས་ཞུ་ཧ་ཅང་མང་པོ་བསྒྲུབས་ཡོད་པ་དང་། རིན་པོ་ཆེ་མཆོག་གིས་བཙན་བྱོལ་དུ་བོད་ཕྲུག་ཁྱིམ་སྡེ་དང་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་སུ་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་མྱོང་ཡོད་ལ། དྭང་ཞབས་པའི་ཁོངས་སུའང་བཞུགས་མྱོང་ཡོད་པ་རེད།
བལ་ཡུལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བོད་ལ་རང་དབང་ཡོད་ཚུལ་བཤད་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
ཉིན་ཤས་གོང་ནས་འཚོག་བཞིན་པའི་ Nepal International Film Festival (NIFF) འམ་བལ་ཡུལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག སྔ་ལོར་སྐྱོན་བརྗོད་ཤུགས་ཆེ་བྱུང་བའི་ Xizang Panorama ཞེས་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ཀྱི་གློག་བརྙན་ཁག་གཅིག་བསྟན་ཡོད་པ་དང་འབྲེལ། དུས་སྟོན་གྱི་གཏམ་བཤད་པ་ངོས་ནས་གཟིགས་མོ་བ་གཅིག་གི་བོད་མིའི་རང་དབང་དང་འབྲེལ་བའི་དྲི་བར་ལན་འདེབས་ཁྲོད། བོད་ལ་ཤི་ཙང་ཞེས་བརྗོད་དེ་བོད་མིར་འདས་པའི་ལོ་ངོ་ ༦༡ ནས་བཟུང་རང་དབང་ཡོད་ཚུལ་སོགས་བཤད་ཡོད་པར་བརྟེན། བོད་རང་བཙན་སློབ་ཕྲུག་ཚོགས་པས་དྲྭ་ཐོག་དུས་སྟོན་དེར་མཐའ་གཅིག་ཏུ་ངོ་རྒོལ་གྱིས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
དེ་ཡང་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུ་ནང་ཟླ་འདིའི་ཕྱི་ཚེས་ ༢ ནས་འགོ་བཙུགས་ཟིན་པའི་བལ་ཡུལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༩ པའི་ཐོག་ Xizang Panorama ཞེས་བོད་ལ་ཤི་ཙང་ཞེས་འབོད་པའི་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ཀྱི་གློག་བརྙན་ཁག་གཅིག་བསྟན་ཡོད་པ་དང་། སྐབས་དེར་དུས་སྟོན་ཁྲོད་དྲི་བ་དྲིས་ལན་གྱི་ལས་རིམ་ཐོག་གཟིགས་མོ་བ་གང་ཟག་གཅིག་ནས་དུས་སྟོན་གི་གཏམ་བཤད་པ་ལ་། གློག་བརྙན་ཞིག་དང་འབྲེལ་བོད་མིར་རྒྱུ་མཚན་གང་གིས་ཕྱིར་རང་དབང་གི་དགོས་མཁོ་མེད་པ་གཟིགས་ཀྱི་ཡོད་སྐོར་བཀའ་འདྲི་ཞུ་སྐབས། གཏམ་བཤད་པ་དེས་བོད་ལ་ཤི་ཙང་ཞེས་ཐ་སྙད་བེད་སྤྱོད་ཀྱིས་བོད་མིར་ལོ་ངོ་ ༦༡ ནས་བཟུང་རང་དབང་ཡོད་ཚུལ་དང་། བོད་ལ་ཕྱིན་ན་བཙོན་པ་མ་ཏོགས་གཞན་ཆ་ཚང་ལ་རང་དབང་ཡོད་ལུགས་ཙམ་མ་ཟད། དེ་སྔ་ལོ་ངོ་ ༦༡ སྔོན་གྱི་བོད་དང་བསྡུར་ན། བོད་དངོས་གནས་དང་ཡག་ཤོས་ཏེ། ད་ལྟ་ཡར་རྒྱས་ཕྱིན་པའི་བོད་དེ་རེད་ཅེས་དང་། དོན་དངོས་ཐོག་བོད་ནང་ཚང་མ་ལ་རང་དབང་ཡོད་ཚུལ་སོགས་བཤད་ཡོད་པར་བརྟེན། ཁ་སང་བོད་རང་བཙན་སློབ་ཕྲུག་ཚོགས་པས་སྤྱི་ཚོགས་དྲྭ་ལམ་སྟེང་གཏམ་བཤད་པ་དེའི་འཁྱོག་བཤད་ཀྱི་ལན་འདེབས་ལ་སྐྱོན་བརྗོད་དང་འབྲེལ། དོན་དངོས་ཐོག་རྒྱ་ནག་གི་བཙན་དབང་འོག་ཡོད་པའི་བོད་ནང་རང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བྱས་པའམ། ཡང་ན་ཆོས་ལ་དད་མོས། མ་ཟད་༸གོང་ས་མཆོག་གི་སྐུ་པར་ཉར་ཚགས་བྱས་པ་ཙམ་གྱིས་བཙོན་འཇུག་མནར་གཅོད་མྱོང་སྲིད་པ་དང་། ལྷག་པར་དུ་ཉེ་ལམ་རྒྱ་གཞུང་ནས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་དེད་ཀྱི་ཁྲིམས་ཡིག་གཏན་འབེབས་བྱས་ཟིན་ཡོད་དུས། དུས་ད་ནས་བཟུང་བོད་ནང་བོད་མིའི་ངོ་བོ་མཚོན་པའི་སྨྲ་བརྗོད་བྱེད་པ་ཙམ་ཡང་ཁྲིམས་འགལ་ནག་ཉེས་ཅན་ཞིག་ཆགས་ཡོད་པ་མངོན་གསལ་གནང་འདུག
དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲྭ་ཐོག་གི་སྐྱོན་བརྗོད་དེའི་ནང་། བལ་ཡུལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེ་བཞིན་རང་དབང་ཅན་གྱི་གློག་བརྙན་དུས་སྟོན་ཞིག་ཡིན་པས་སྡིངས་ཆ་དེ་འདྲའི་ཐོག་རྒྱ་ནག་གཞུང་གི་འཁྱོག་བཤད་དྲིལ་བསྒྲགས་ཀྱི་གློག་བརྙན་བསྟན་པ་ཙམ་མིན་པར། བོད་ལ་ཤི་ཙང་ཞེས་བེད་སྤྱོད་བྱས་པ་དེ་རྒྱ་ནག་གི་བཙན་དབང་རིང་ལུགས་ཀྱི་ཐ་སྙད་ཡིན་པར། དེ་ནི་རྒྱ་ནག་གིས་བོད་འཛམ་གླིང་ས་ཁྲ་ནས་རྩ་མེད་གཏོང་ཐབས་ཀྱི་བྱུས་ངན་གྱི་ཆ་ཤས་ཤིག་ཡིན་པ་ཐེར་འདོན་གྱིས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
མ་ཟད། NIFF ཞེས་བལ་ཡུལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་འདི་ནི་སྲིད་གཞུང་གིས་སྟངས་འཛིན་མེད་པའི་རང་དབང་ཅན་གྱི་འབོད་སྒྲ་མངོན་པར་བྱེད་མཁན་གྱི་སྡིངས་ཆ་ཞིག་ཡིན་དུས། དུས་སྟོན་དེའི་ཐོག་རྒྱ་ནག་གཞུང་གི་འཁྱོག་བཤད་དྲིལ་བསྒྲགས་ཀྱི་ལས་རིམ་སྤེལ་བ་དེ་དུས་སྟོན་གྱི་དམིགས་ཡུལ་དང་འགལ་གྱི་ཡོད་པས། དེ་ལྟ་བུའི་རྫུན་གཏམ་སྤེལ་མཁན་གྱི་སྡིངས་ཆ་ལ་མང་ཚོགས་ནས་དགའ་བསུ་ཞུ་རྒྱུ་མེད་པའི་སྐུལ་མ་གནང་འདུག
རྩ་བའི་སྔ་ལོ་བལ་ཡུལ་ནང་དུ་ Kathmandu International Mountain Film Festival ཞེས་ཀ་ཐ་མན་ཌུའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༢༢ པ་དེ་འཚོགས་ཡོད་པ་དང་འབྲེལ། སྐབས་དེ་དུས་ཀྱང་ད་ལྟའི་ Xizang Panorama ཞེས་བོད་ལ་ཤི་ཙང་ཞེས་འབོད་པའི་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ཀྱི་གློག་བརྙན་ཁག་གཅིག་བསྟན་ཡོད་པར། བལ་ཡུལ་ནང་གི་སྒྱུ་རྩལ་བ་དང་གློག་བརྙན་བཟོ་བསྐྲུན་པ། རིག་གཞུང་སྲུང་སྐྱོབ་པ་ཙམ་མ་ཟད། བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་བཅས་ནས་དུས་སྟོན་གོ་སྒྲིག་པ་རྣམས་ལ་རྒྱ་ནག་གིས་བོད་མིའི་ངོ་བོ་རྩ་མེད་གཏོང་ཐབས་ཐད་ལག་འབྲེལ་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་ནན་པོ་གནང་ཡོད་པ་རེད།
དེ་བཞིན་ཐེངས་འདིའི་ NIFF དུས་སྟོན་འཚོག་བཞིན་སྐབས་སུའང་བོད་རང་བཙན་སློབ་ཕྲུག་ཚོགས་པས་དྲྭ་ཐོག་བརྙན་ཐུང་གི་ལམ་ནས་བསྒྲགས་གཏམ་འདོན་སྤེལ་གྱིས། དུས་སྟོན་ཐོག་བསྟན་པའི་ Xizang Panorama ནང་གི་གློག་བརྙན་ཕལ་ཆེ་བ་རྒྱ་ནག་གིས་བོད་བཙན་འཛུལ་བྱས་པ་དེ་ནོར་འཁྲུལ་མ་ཡིན་པ་ཞིག་ལ་བསྒྱུར་ཐབས་ཀྱི་བྱུང་ངན་ཞིག་ཡིན་པར་སྐྱོན་བརྗོད་དང་། གློག་བརྙན་དེ་དག་ཁོངས་ནས་ཁག་གཅིག་ནི་བོད་ཀྱི་བྱིས་པ་ས་ཡ་ལྷག་རང་གི་ནང་མི་དང་ཁ་བྲལ་དུ་བཏང་སྟེ་རྒྱ་ནག་གཞུང་གིས་གཏན་འཇགས་སློབ་གྲྭ་ཟེར་བར་བཅུག་བཞིན་པ་དེ་ཡར་ཐོན་མདུན་སྐྱོད་ཀྱི་རྣམ་པ་སྟོན་ཐབས་ཙམ་མ་ཟད། ལ་ལས་བོད་ནང་གི་ཁོར་ཡུག་རྒྱ་ནག་གཞུང་གིས་གཏོར་བཤིག་གཏོང་བཞིན་པ་དེ་དག་ཁོར་ཡུག་སྲུང་སྐྱོབ་ཀྱི་ཡར་རྒྱས་གོང་འཕེལ་ཡིན་ཚུལ་གྱི་རྣམ་པ་སྟོན་ཐབས་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་དང་སྦྲགས། མང་ཚོགས་ལ་དུས་སྟོན་གྱི་མིང་བྱང་སྤྱི་ཚོགས་དྲྭ་ལམ་སྟེང་མཆན་དུ་བཀོད་དེ་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ཀྱི་ལས་རིམ་དུས་སྟོན་ནས་ཕྱིར་འཐེན་དགོས་པའི་སྐུལ་མ་བྱེད་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད།
༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་ ༣༡ པ་འགོ་འཛུགས་དང་འབྲེལ་ཉིན་གཉིས་པའི་རྩེད་འགྲན་གནང་བཞིན་པ།
ཁ་སང་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༦ ཉིན་ཀོ་ལེ་གྷལ་བོད་མིའི་གཞིས་ཆགས་ཀྱི་རྩེད་ཐང་དུ་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ཐེངས་ ༣༡ པ་འགོ་འཛུགས་གནང་བ་དང་འབྲེལ། དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་འཕར་ཚེ་རིང་གཡུ་སྒྲོན་ལགས་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་དམིགས་བསལ་སྐུ་མགྲོན་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་དང་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས། དེ་བཞིན་ས་གནས་ཁག་ ༡༢ ཀྱི་རྩེད་འགྲན་པ་དང་ས་གནས་ཀྱི་མི་མང་བཅས་མཉམ་ཞུགས་གནང་འདུག
དེ་ཡང་ཐེངས་འདིའི་རྩེད་འགྲན་དེ་བཞིན་ཁ་སང་ཕྱི་ཚེས་ ༥ ནས་འགོ་འཛུགས་ཀྱིས་ཚེས་ ༡༦ བར་གནང་རྒྱུ་ཡིན་པ་དང་། ཁ་སང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཀོ་ལེ་གྷལ་རྐང་སྤོལ་རུ་ཁག་དང་བདེ་སྐྱིད་གླིང་རུ་ཁག་གཉིས་དབར་རྩེད་འགྲན་ཐོག་མ་དེ་གནང་སྟེ། སྤོ་ལོ་གསུམ་དང་གཅིག་གི་ཐོག་ནས་ཀོ་ལེ་གྷལ་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་རེད། དེ་རིང་ཉིན་གཉིས་པའི་རྩེད་འགྲན་ཐོག་མ་དེ་མིའོ་ཆོས་འཕེལ་གླིང་དང་ཀེ་ལེ་མེན་ཊོན་དོན་གྲུབ་གླིང་གཉིས་དབར་གནང་རྒྱུ། དེའི་རྗེས་ལྷ་ས་རྐང་སྤོལ་རུ་ཁག་དང་བདེ་སྐྱིད་སླར་གསོ་གཉིས་དབར། དེ་བཞིན་ཧོན་སུར་རབ་རྒྱས་གླིང་དང་བསམ་ཡས་གླིང་རྐང་སྤོལ་རུ་ཁག་གཉིས་དབར་རྩེད་འགྲན་གནང་རྒྱུ་ཡིན་པ་རེད།
ཁ་སང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དྲུང་འཕར་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་རྩེད་འགྲན་པ་རྣམས་ཀྱིས་རྩེད་མོ་རྩེད་པའི་སྐབས་བཟང་སྤྱོད་ཀྱི་ཐོག་ནས་རྩེད་དགོས་པ་དང་། ལྷག་པར་དུ་འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པ་དང་བསྟུན་ལོ་མཁོར་མོ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་བཞིན་པ་ལྟར། རྩེད་འགྲན་པ་རྣམས་ཀྱིས་རྩེད་མོ་རྩེད་པའི་སྐབས་བྱམས་པ་དང་བརྩེ་བ་སྙིང་ལ་བཅང་ནས་རྩེད་མོ་རྩེད་དགོས་གལ་ཆེ་བ་ཡིན་པ་གསུངས་སོང་།
དེ་བཞིན་དམིགས་བསལ་སྐུ་མགྲོན་སྤྱི་འཐུས་འཇམ་དཔལ་བསྟན་འཛིན་ལགས་ཀྱིས་དེང་སྐབས་རྐང་སྤོལ་གྱི་རྩེད་མོ་འདི་ནི་ནུབ་ཕྱོགས་ཀྱི་རྩེད་མོ་ཞིག་མིན་པར། ང་ཚོ་བོད་ལ་དར་ཁྱབ་ཆེན་པོ་བྱུང་བའི་རྩེད་མོ་ཞིག་ཡིན་པ་འགྲེལ་བརྗོད་དང་འབྲེལ། བོད་ཀྱི་ཆོལ་རྒྱལ་སྲོང་བཙན་སྒམ་པོ་དུས་སྐབས་སུ་བཙན་པོ་རྣམས་ཀྱིས་མདའ་འཕེན་པ་དང་རྟ་རྒྱུགས། དེ་བཞིན་རྐང་སྤོལ་གྱི་རྩེད་མོ་རྩེད་མྱོང་ཡོད་པའི་ལོ་རྒྱུས་ཡོད་པ་དང་། གླིང་གེ་སར་གྱི་ལོ་རྒྱུས་ནང་ལའང་རྐང་སྤོལ་རྩེད་མྱོང་ཡོད་པའི་ལོ་རྒྱུས་ཡོད་པ་མ་ཟད། ཉེ་རབས་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་དུས་སྐབས་སུ་དབྱིན་བོད་གཉིས་ཀྱི་དབར་འབྲེལ་བ་བྱུང་བའི་སྐབས་དབྱིན་ཇིའི་དཔོན་པོ་རྣམས་ཀྱིས་བོད་ཀྱི་དཔོན་པོ་རྣམས་ལ་རྐང་སྤོལ་རྩེད་སྟངས་བསླབ་པ་སོགས་ཀྱི་ལོ་རྒྱུས་ཡོད་པ་གསུངས་སོང་།
གནད་དོན་དེ་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་བསྟན་འཛིན་བྱང་ཆུབ་ལགས་སུ་སྤྱི་ཡོངས་ཀྱི་གནས་སྟངས་དང་མི་མང་གི་མཉམ་ཞུགས་སོགས་དང་འབྲེལ་ནས་བཀའ་འདྲི་ཞུས་པར་ཁོང་གིས། ཀོ་ལེ་གྷལ་མི་མང་གི་མཉམ་ཞུགས་གནང་སྟངས་འདི་ཧ་ལས་དགོས་པ་ཞིག་ཡིནཔ་མ་ཟད། ཁ་སང་ཉིན་དང་པོའི་སྐབས་ཁྱོན་མི་མང་ ༡༠༠༠ ལྷག་གིས་མཉམ་ཞུགས་གནང་ཡོད་སྐོར་སོགས་གསུངས་སོང་།
གཞི་རྩའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་དེ་བཞིན་ཕྱི་ལོ་ ༡༩༨༡ ལོར་ཐོག་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགོ་འཛུགས་གནང་བ་ཞིག་ཡིན་པ་དང་དུས་དེ་ནས་བཟུང་ད་བར་ཁྱོན་རྩེད་འགྲན་ ༣༡ འཚོགས་ཡོད་པ་མ་ཟད། རྩེད་འགྲན་གྱི་དམིགས་ཡུལ་གཙོ་བོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡུམ་ལ་དྲན་རྟེན་དང་འབྲེལ་བོད་མི་ནང་ཁུལ་ཆིག་སྒྲིལ་ཡོང་རྒྱུ། དེ་བཞིན་གཟུགས་པའི་བདེ་ཐང་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སོགས་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཡོང་རྒྱུ་ཆེད་དམིགས་པ་ཞིག་ཡིན་པ་རེད།



