Tibetan Royal Year of 2151 | Year of the Wood Dragon

བོད།

ཨ་རིར་རྒྱ་ནག་རྒྱལ་ནང་གི་གནད་དོན་ཐོག་ཐེ་བྱུས་གནང་མཚམས་འཇོག་དགོས་པའི་ཉེན་བརྡ།

ཁ་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་སྤེལ་བརྒྱུད་རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཚབས་ཆེན་བཏང་ཡོད་པ་གསལ་འདོན་གནང་ཡོད་པའི་ཁྲོད་ཁ་སང་རྒྱ་ནག་གཞུང་ནས་དུས་རྒྱུན་ལྟར་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོར་སྐྱོན་བརྗོད་ཀྱིས་ཨ་རི་ངོས་ནས་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་གནང་མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་འདུགརྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Geng Shung ཡིས་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ཐོག་ཉེ་ཆར་ཨ་རིས་འདོན་སྤེལ་གནང་བའི་སྙན་ཐོའི་རྒྱ་ནག་སྐོར་གྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ནང་བཀོད་པའི་གནས་ཚུལ་རྣམས་ལུང་འདྲེན་དང་སྦྲགས། དེ་ནི་རབ་བཏགས་ཀྱི་གཏམ་རྙིང་པ་ཁོ་ན་བསྐྱར་ཟློས་བྱས་པ་ཞིག་ལས་ཕྱི་སྲིད་དྲུང་ཆེ་ Mike Pompeo ཡིས་འགྲེལ་བརྗོད་གནང་བ་ཡོངས་རྫོགས་ཆབ་སྲིད་ཀྱི་རྫུན་གཏམ་དང་ཕྱོགས་ལྷུང་འཛིན་པ་ཞིག་ཆགས་ཀྱི་ཡོད་སྟབས་མཐའ་གཅིག་ཏུ་དགག་པ་ཡོད་ཅེས་བཤད་པར་མ་ཟད། རྒྱ་ནག་གཞུང་གིས་ད་ཕན་རྒྱལ་ཁབ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཡར་རྒྱས་གཏོང་རྒྱུའི་གནད་དོན་དེ་གལ་འགངས་ཆེན་པོར་ངོས་འཛིན་བཞིན་ཡོད་ཚུལ་དང་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་པ་ནས་བཟུང་རྒྱ་ནག་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐད་གྲུབ་འབྲས་ཧ་ལས་པ་ཐོན་ཡོད་ལུགས་རྒྱལ་སྤྱིའི་མང་ཚོགས་ནས་ཀྱང་དངོས་སུ་མཐོང་ཡོད་པར་འགྲེལ་བརྗོད་དང་འབྲེལ་ཏེ་གནས་ཚུལ་དེར་ཨ་རི་ནང་གི་མི་སྣ་ཁག་ཅིག་གིས་འགྲེལ་བརྗོད་བྱས་པ་དང་སྙན་ཐོ་བརྒྱུད་རྩིས་མེད་གཏང་ཐབས་མེད་ཅེས་ལན་འདེབས་བྱས་འདུགད་དུང་ཤིན་ཅང་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་ཞིག་ཡིན་སྟབས་རྒྱལ་ཁབ་དང་ཚོགས་པ་ཁག་ནས་དེར་ཐེ་བྱུས་བྱེད་དབང་མེད་སྐོར་འགྲེལ་བརྗོད་དང་ཨ་རིས་ཤིན་ཅང་གི་གནད་དོན་ཐད་ངེས་པར་དུ་ཡིད་གཟབ་གནང་དགོས་པར་མ་ཟད་དེ་འབྲེལ་སྙན་ཐོ་བརྒྱུད་ནས་བཟོས་པའི་ནོར་འཁྲུལ་ཁག་འཕྲལ་དུ་ཡོ་བསྲང་གནང་དགོས་པའི་ཉེན་བརྡ་བཏང་འདུགགཞི་རྩའི་ཁ་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འདོན་སྤེལ་གནང་བའི་ ༢༠༡༩ ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དེ་འཛམ་གླིང་རྒྱལ་ཁབ་ ༢༠༠ ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཉམས་ཞིབ་གནང་བ་ཅིག་ཆགས་ཡོད་པ་དང་། དེའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཚོས་ཤིན་ཅང་ནང་གི་ཡུ་གུར་མི་རིགས་རང་སྐྱོང་ཁུལ་དུ་ཁ་ཆེ་གྲངས་ཉུང་མི་རིགས་ཧ་ཅང་མང་པོ་སྡེབ་ལ་དོ་དམ་བཀག་ཉར་བྱས་པའི་གནད་དོན་ལུང་འདྲེན་དང་སྦྲགས། བོད་དང་ཤིན་ཅང་ནང་གཞུང་འབྲེལ་གྱི་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་། འདུ་འཛོམས་དང་འགྲོ་སྡོད་སོགས་ཀྱི་ཐད་ས་ཁུལ་གཞན་ཁག་ལས་ཧ་ཅང་དམ་དྲག་ཆེ་བ་ཡོད་སྐོར་གསུངས་འདུག ལྷག་པར་དུ་བོད་སྐོར་གྱི་ཚན་པའི་ནང་སྔ་ལོ་ ༢༠༡༩ ལོར་བོད་ས་ཡོངས་ཀྱི་ནང་བོད་མི་གར་སོང་ཆ་མེད་དུ་གྱུར་བ་དང་སྡུག་སྦྱོང་མནར་གཅོད་བཏང་བ། གནས་ཚུལ་བཀག་སྡོམ་བྱས་པ་དང་བོད་མིའི་ཞི་བའི་འདུ་འཛོམས་དང་འགྲུལ་བསྐྱོད་རང་དབང་། དེ་བཞིན་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་ཆབ་སྲིད་ཀྱི་རང་དབང་སོགས་ཀྱི་ཐོག་དམ་དྲག་ཤུགས་ཆེ་བྱས་པ་སོགས་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་ཡོད་པ་བཅས་གསལ་འདོན་གནངཡོད་པ་རེད།

  བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི།

ཁ་སང་ཟླ་ ༣ ཚེས་ ༡༢ ཉིན་རྒྱུབ་ཏུ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་གོ་སྒྲིག་འོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་ནང་བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི་གནང་སྟེ། འདྲ་མཉམ་ Each for Equal  ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་འདུགཁ་སང་གི་མཛད་སྒོ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བཀའ་བློན་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཀྱིས་ཐོག་མར་སྲིད་སྐྱོང་མཆོག་གིས་དེ་སྔོན་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༢ ཉིན་བོད་ནང་བུད་མེད་རྣམས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ཀྱི་བསྟན་པ་ཆབ་སྲིད་དང་རྩ་དོན་སླད་རྒྱ་ནག་དམར་པོའི་དྲག་གནོན་ལ་ཞི་རྒོལ་གྱེན་ལངས་ཤུགས་ཆེ་གནང་བའི་དེ་བྱུང་ངོ་སྤྲོད་གནང་བ་དང་སྦྲགས། ཕྱི་ཟླ་ ༣ ཚེས་ ༡༢ ཉིན་དེ་བོད་ཀྱི་བུད་མེད་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པའི་གཏམ་བཤད་གནང་འདུགསྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་སྒྲིག་འཛུགས་ནང་ལས་བྱེད་ཕོ་མོའི་དབར་དབྱེ་འབྱེད་རྩ་བ་ནས་མེད་ཚུལ་དང་། ལྷག་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་སྒྲིག་འཛུགས་ཀྱི་སྲིད་བྱུས་བཟང་པོ་ཕྱག་བསྟར་རྒྱུན་འཛིན་གནང་བའི་དྲིན་ལས་བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་གཏན་འབེབས་གནང་བ་ལྟར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་ཕྱག་བསྟར་གནང་བཞིན་ཡོད་པ་མ་ཟད། གངས་སྐྱིད་ལས་ཁུངས་ཁག་ཏུའང་མུ་མཐུད་ཕྱག་བསྟར་གནང་མུས་ཡིན་པར་གསུངས་བ་དང་སྦྲགས་ཏེ་ད་ལྟ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་བཞིན་པའི་སྲི་ཞུ་བའི་ཞལ་གྲངས་ ༢༠༩ བུད་མེད་ཡིན་པ་དང་། དེའི་ཁོངས་ནས་བུད་མེད་ས་གནས་འགོ་འཛིན་གནང་བཞིན་པ་ཞལ་གྲངས་ ༡༠ ཡོད་པ་གསུངས་ནས་སྲི་ཞུའི་ལས་བྱེད་རྣམས་ས་གནས་ཁག་ཏུ་ཕེབས་ཚེ་ཁ་ཡོད་ལག་ཡོད་ཀྱི་སྤྱི་ཚོགས་ནང་ཕན་ཐོགས་གནང་ཐུབ་པར་འབད་བརྩོན་དགོས་ལུགས་ཀྱི་སྐུལ་མ་དང་ལྷན་དུ་དེ་ལྟར་ཡོང་བར་སྲི་ཞུ་བ་ཚང་མས་ཐུགས་འགན་བཞེས་དགོས་པའི་འབོད་སྐུལ་གནང་འདུགགཞན་ཡང་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པས་བོད་ཀྱི་བུད་མེད་རྣམས་ཀྱིས་བོད་ཀྱི་རྩ་དོན་ཐད་ལ་འགན་ཁུར་བཞེས་པའི་དངོས་བྱུང་གི་གློག་བརྙན་ཞིག་གཟིགས་འབུལ་ཞུས་པ་དང་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་ཕྱག་ལས་གནང་ཕྱོགས་སོགས་ངོ་སྤྲོད་གནང་འདུགརྩ་བའི་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་ནི་བོད་ཀྱི་བུད་མེད་རྣམས་ཀྱིས་རྒྱལ་ས་ལྷ་སར་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་སྐད་འབོད་གནང་བའི་ལོ་རྒྱུས་ཁྲོད་ཀྱི་དམིགས་བསལ་གྱི་ཉིན་མོ་ཞིག་ཡིན་པ་ལྟར། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཉིན་མོ་འདི་ནི་བུད་མེད་སྒེར་ལངས་ཀྱི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༡༧ ལོར་བཀའ་ཤག་སྐབས་ ༡༥ པས་ཉིན་མོ་འདི་ནི་བོད་ཀྱི་བུད་མེད་ཀྱི་ཉིན་མོར་གཏན་འབེབས་གནང་སྟེ་སྲུང་བརྩི་གནང་གི་ཡོད་པ་རེད། འོན་ཀྱང་བོད་ཀྱི་བེུད་ལྷན་ཚོགས་གཙོ་བོར་གྱུར་པའི་བེུད་ཁག་གཅིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཟླ་ ༣ ཚེས་ ༡༢ ཉིན་མོ་དེ་བོད་ཀྱི་དཔའ་མོ་རྣམས་ལ་རྗེས་དྲན་དང་ལས་འགུལ་གྱི་ཉིན་མོ་ཞིག་ལ་སྲུང་བརྩི་གནང་དགོས་པ་ལས་དུས་ཆེན་གྱི་ངོ་བོར་སྲུང་བརྩི་ཞུ་ན་འགྲིག་གི་མེད་པའི་དགོངས་ཚུལ་ཤུགས་ཆེ་དང་བཅས་བེུད་ཀྱི་ཉིན་མོ་ཞེས་པ་དེར་ངེས་ལེན་གནང་གི་མེད་པ་རེད། འབྲེལ་ཡོད་པར་རྣམས་བོད་མིའི་སྒྲིག་འཛུགས།

 བཞུགས་སྒར་དུ་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༡ པ་སྲུང་བརྩི།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས། མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་དགོས་པའི་དགོས་འདུན་དང་སྦྲགས། བོད་ཀྱི་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༡ པ་དེ་སྲུང་བརྩི་ཞུས་གནང་སོང་། དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་བདུན་པའི་ཐོག    བཞུགས་སྒར་གྱི་ལྷ་རྒྱལ་རིའི་མདུན་ཐང་དུ་།  བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༡ པ་དེ་སྲུང་བརྩི་གནང་སྟེ།   གཏམ་བཤད་ཀྱི་མཛད་སྒོ་གྲོལ་མཚམས་སུ།   ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་འགྲམ་ནས་རྡ་སའི་མེག་སྒན་གྱི་བཞི་མདོ་བར་རྒྱ་ནག་ལ་ངོ་རྒོལ་སྐད་འབོད་ཀྱི་གོམ་བགྲོད་ལས་འགུལ་ཞིག་སྤེལ་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གྱི་གཙོ་བོ།   བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་བ།  བཙུན་མའི་ལས་འཆར་འགན་འཛིན་སྣང་བཟའ་ཆོས་སྒྲོན་ལགས་ཀྱི་གཙོ་བྱས་པའི་རྡ་སའི་ས་གནས་འགོ་འཛིན་དང་ཚོགས་སྐྱིད་ཁག་གི་སྐུ་ཚབ   དེ་བཞིན་རྡ་ས་ཁུལ་གྱི་མི་མང་སྐོར་ཞིག་མཉམ་འཛོམས་གནང་འདུག    བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས་དེ་རིང་གི་དུས་ཚིག་དང་བསྟུན་ཡོང་ས་ཁྱབ་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བའི་ནང་དུ་རྒྱ་ནག་གིས་ད་ཆ་བོད་ནང་དུ་འཆར་ལྡན་བུ་སྐྱེས་ཀྱི་སྲིད་བྱུས་ལག་བསྟར་གྱིས་བོད་མི་རིགས་ཀྱི་འཚོ་གནས་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད་པ་མ་ཟད།  བོད་ཀྱི་བུད་མེད་ཀྱི་ཐོ་ཐང་ལའང་གནོད་སྐྱོན་ཆེན་པོ་བཟོས་ཡོད་པར་འགྲེལ་བརྗོད་ཀྱིས།   ཐེངས་འདིའི་བུད་མེད་སྒེར་ལངས་ཀྱི་ཉིན་མོ་དང་བསྟུན་ནས་བོད་རྒྱ་འབྲེལ་མོལ་སྐྱར་གསོ་དགོས་པ་དང་། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་པའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པ་སོགས་དགོས་འདུན་དོན་ཚན་བཞི་ཕྱིར་བསྒྲགས་གནང་སོང་། དེ་བཞིན་སྐབས་དེར། སྐུ་མགྲོན་གཙོ་བོ་སྣང་བཟའ་ཆོས་སྒྲོན་ལགས་ཀྱིས་བུད་མེད་སྒེར་ལངས་ཀྱི་ཉིན་མོ་འདི་ནི་གཞུང་འབྲེལ་ཡིན་མིན་ལ་མ་བལྟས་པར།  བོད་ཀྱི་བུད་མེད་ཀྱིས་དབུ་ཁྲིད་པའི་མི་མང་གི་མཛད་སྒོ་ཆེན་པོ་ཞིག་ཡིན་པར་ངོ་སྤྲོད་ཀྱིས།   ད་ཆ་བཙན་བྱོལ་གྱི་མི་ལོ་དྲུག་ཅུའི་རིང་མི་རབས་རྒན་པ་རྣམས་ཀྱིས་འགན་རྐང་བཞེས་ཀྱི་ཐོག་ནས་བོད་ཀྱི་རྩ་དོན་སྤྱི་དང་།  སྒོས་སུ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་དར་སྤེལ་བྱས་ཡོད་པ་བཞིན། ད་ཆ་མི་རབས་གསར་བའི་དཔུང་ཁག་གིས་ཀྱང་མི་རབས་གོང་མ་རྣམས་ལ་མིག་དཔེར་བལྟས་བའི་ཐོག་ནས་བོད་རྩ་དོན་འཐབ་རྩོད་རྒྱུན་སྐྱོང་གནང་རྒྱུའི་རེ་སྐུལ་དང་།   མགོན་པོ་གང་གི་ལམ་སྟོན་གྱི་འོག་ལ་ཤར་སྐྱོད་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་བཤད་གནང་སོང་། རྩ་བའི་བུད་མེད་སྒེར་ལངས་ཀྱི་ཉིན་མོ་དེ་ནི་ ༡༩༥༩ ལོའི་ཕྱི་ཟླ་གསུམ་པའི་ཚེས་༡༢ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་། བུད་མེད་་ཕོན་ཆེན་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་གི་དྲག་པོའི་དབང་བསྒྱུར་ལ་ཞི་རྒོལ་བྱས་པའི་དུས་དྲན་གྱི་ཉིན་མོ་དེ་ཡིན་པ་རེད།  བུད་མེད་ལྷན་ཚོགས་ཀྱིས་དེ་རིང་གི་ཉིན་མོ་སྲུང་བརྩི་དང་སྦྲགས། བོད་རིགས་མི་མང་ཡོད་དོ་ཅོག་གིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་ནས་བོད་ཀྱི་གནད་དོན་ཐད་འབད་བརྩོན་དང་༸གོང་ས་མཆོག་གི་ཡང་དག་པའི་ལམ་སྟོན་དབུ་ཁྲིད་འོག་མུ་མཐུད་འབད་བརྩོན་དང་ཤར་བསྐྱོད་བྱ་རྒྱུའི་ཁས་ལེན་དམ་བཅའ་བཞག་འདུག  

ལས་འགུལ་བ་རྣམས་རྒྱའི་གཞུང་ཚབ་ཏུ་མ་འབྱོར་བའི་གོང་ནས་འཛིན་བཟུང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བུད་མེད་སྒེར་ལངས་ཉིན་མོ་དང་བསྟུན་དེ་རིང་སླར་ཡང་རྒྱལ་ས་ལྡི་ལིའི་རྒྱའི་གཞུང་ཚབ་ཏུ་རྒོལ་འཆོང་གནང་རྒྱུའི་ལས་འགུལ་གྲ་སྒྲིག་གནང་ཡོད་པ་ཡིན་ཀྱང་། ས་གནས་སྐོར་སྲུང་བས་ལས་འགུལ་བ་མི་གྲངས་ ༢༢ ལྷག་ཡོད་པ་དེ་དག་རྒྱའི་གཞུང་ཚབ་ཕྱོགས་སུ་མ་འབྱོར་གོང་མི་ཀྲར་ ༡༠༠ གི་ས་ཐག་ནས་འཛིན་བཟུང་བྱས་ཡོད་པ་རེད།  བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དེ་རིང་བུད་མེད་སྒེར་ལངས་ཉིན་མོ་དང་བསྟུན་རྒྱལ་ས་ལྡིའི་རྒྱའི་གཞུང་ཚབ་ཏུ་གསུམ་བཅུའི་དུས་དྲན་ལས་འགུལ་ལས་རྒོལ་འཆོང་གི་ལས་འགུལ་གཞི་རྒྱ་ཆེ་བ་ཅིག་སྤེལ་རྒྱུའི་སྟ་གོན་གནང་སྟེ་དེ་རིང་སྔ་དྲོ་ཚོུད་ ༡༡ ཙམ་ལ་ལས་འགུལ་བ་མི་གྲངས་ ༢༢ ལྷག་ནས་རྒྱའི་གཞུང་ཚབ་ཏུ་རྒོལ་འཆོང་གནང་བར་ཕེབས་ཡོད་པ་དང་། སྐབས་དེར་རྒྱ་གར་དང་རྒྱལ་སྤྱིའི་གསར་འགོད་པ་མང་པོ་ཞིག་རྒྱལ་ས་ལྡི་ལིའི་རྒྱའི་གཞུང་ཚབ་ཀྱི་རྒྱལ་སྒོའི་ཕྱོགས་སུ་བོད་མི་ངོ་རྒོལ་བ་སྒུག་ཡོད་ཀྱང་གཞོན་ནུའི་ལས་འགུལ་བ་རྣམས་རྒྱའི་གཞུང་ཚབ་ཡོད་ས་ནས་མི་ཀྲར་ ༡༠༠ ལྷག་གི་ས་ཐག་དབྱིན་ཇིའི་གཞུང་ཚབ་མདུན་ནས་སྐོར་སྲུང་བས་འཛིན་བཟུང་བྱས་ཡོད་པ་རེད།གསར་འགོད་པ་རྣམས་དངོས་སུ་ས་གནས་དེར་འབྱོར་སྐབས་ལས་འགུལ་བ་ཚང་མ་ས་གནས་སྐོར་སྲུང་བས་འཛིན་བཟུང་བྱས་ཏེ་རླངས་འཁོར་ནང་བཅུག་ཟིན་པར་མ་ཟད་བོད་མི་ལས་འགུལ་བ་དེ་དག་ཚང་མ་ Mandir Marg  ས་གནས་སྐོར་སྲུང་ལས་ཁུངས་སུ་དོ་དམ་བྱས་འདུགགཞི་རྩའི་དེ་རིང་རྒྱལ་ས་ལྡི་ལིའི་ནང་བུད་མེད་སྒེར་ལངས་ཉིན་མོ་དང་བསྟུན་ལྡི་ལི་ས་གནས་བུད་མེད་ལྷན་ཚོགས་གིས་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་རྒྱུར་སྟ་གོན་གནང་ཡོད་ཀྱང་། ས་གནས་སྐོར་སྲུང་ལས་ཁུངས་ནས་དེང་སྐབས་ཏོག་དབྱིམས་ནད་རིམས་འགོས་ཁྱབ་ཀྱི་ཉེན་ཁ་ཡོད་རྐྱེན་གོམ་བགྲོད་གནང་རྒྱུའི་བཀའ་འཁྲོལ་གནང་མེད་པར་བརྟེན་བོད་སྒར་བསམ་ཡས་གླིང་དུ་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཏེ་བུད་མེད་སྒེར་ལངས་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་རེད།

བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཚབས་ཆེན་བཏང་བར་ཐེར་འདོན།

ཨ་རི་ཕྱི་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་སྤེལ་དང་འབྲེལ་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཚབས་ཆེན་བཏང་བར་སྐྱོན་བརྗོད་གནང་འདུག ཁ་སང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་གནས་ཐོག་འཛམ་གླིང་རྒྱལ་ཁབ་ ༢༠༠ ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཉམས་ཞིབ་གནང་བའི་ ༢༠༡༩ ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་ཞིག་འདོན་གནང་འདུག་པ་དང་། དེའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཚོས་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་དུ་ཁ་ཆེ་གྲངས་ཉུང་མི་རིགས་ཧ་ཅང་མང་པོ་སྡེབ་ལ་དོ་དམ་བཀག་ཉར་བྱས་པའི་གནད་དོན་ལུང་འདྲེན་དང་སྦྲགས། བོད་དང་ཤིན་ཅང་ནང་གཞུང་འབྲེལ་གྱི་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་། འདུ་འཛོམས་དང་འགྲོ་སྡོད་སོགས་ཀྱི་ཐད་ལ་ས་ཁུལ་གཞན་ཁག་ལས་ཧ་ཅང་དམ་དྲག་ཆེ་བ་ཡོད་སྐོར་གསུངས་འདུག ལྷག་པར་དུ་བོད་སྐོར་གྱི་ཚན་པའི་ནང་སྔ་ལོ་ ༢༠༡༩ ལོར་བོད་ས་ཡོངས་ཀྱི་ནང་བོད་མི་གར་སོང་ཆ་མེད་དུ་གྱུར་བ་དང་སྡུག་སྦྱོང་མནར་གཅོད་བཏང་བ། གནས་ཚུལ་བཀག་སྡོམ་བྱས་པ་དང་བོད་མིའི་ཞི་བའི་འདུ་འཛོམས་དང་འགྲུལ་བསྐྱོད་རང་དབང་། དེ་བཞིན་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་ཆབ་སྲིད་ཀྱི་རང་དབང་སོགས་ཀྱི་ཐོག་དམ་དྲག་ཤུགས་ཆེ་བྱས་པ་སོགས་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་ཡོད་པ་བཅས་གསལ་འདོན་གནང་འདུག དེ་བཞིན་རྒྱ་ནག་གཞུང་གིས་བོད་མི་གང་བྱུང་དུ་འཛིན་བྱས་ཡོད་སྐོར་དང་འབྲེལ་ཏེ་ཕྱི་ལོ་ ༢༠༡༧ དང་ ༢༠༡༨ སོ་སོར་གྲྭ་ཐུབ་པ་ལགས་དང་བློ་གྲོས་རྒྱ་མཚོ་ལགས་གཉིས་དོ་དམ་བྱས་རྗེས་ད་ཕན་ཁོང་གཉིས་ཀྱི་སྐོར་ལ་ཤེས་རྟོགས་མེད་པར་གྱུར་ཡོད་པ་དང་། རྒྱ་ནག་གི་བདེ་འཇགས་མི་སྣས་དོ་དམ་བྱས་པའི་བོད་མི་ཚོར་སྡུག་སྦྱོང་ཚད་མེད་བཏང་ཡོད་པའི་ཁོངས་སུ་སྔ་ལོའི་ཟླ་བ་ལྔ་པར་ལོ་ན་ ༥༠ སོན་པ་ཡེ་ཤེས་རྒྱ་མཚོ་ལགས་བཙོན་གྲོལ་བཏང་རྗེས་རེབ་གོང་ལ་འདས་གྲོངས་སུ་གྱུར་ཡོད་པ་དང་ཁོང་བཙོན་ཁང་དུ་བཞུགས་པའི་རིང་ལ་མནར་གཅོད་ཚད་མེད་བཏང་ཡོད་པས་གནས་ཚུལ་བྱུང་ཡོད་པ་བཅས་ལུང་འདྲེན་གནང་སྟེ་རྒྱ་གཞུང་གིས་ད་བར་བོད་མི་མང་དག་ཅིག་ཆབ་སྲིད་དང་ཆོས་ཕྱོགས་ཀྱི་བྱེད་སྒོའི་ཐོག་ནས་གང་བྱུང་དུ་འཛིན་བཟུང་བྱས་པ་དེ་ནི་ཛ་དྲག་གི་གནས་སྟངས་ཆགས་ཡོད་པར་བཀོད་འདུག རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་དང་དེའི་ཕྱི་ཕྱོགས་སུ་ཡོད་པའི་བོད་རིགས་ས་ཁུལ་ཁག་ཏུ་ཕྱི་ཕྱོགས་མི་སྣ་འགྲོ་འོང་ཐད་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པའི་ཁྲོད་བོད་རིགས་ཚོས་ཕྱི་རྒྱལ་མི་སྣ་དང་ལྷན་དུ་སྐད་ཆ་བཤད་པའམ་བོད་ནང་གི་ཛ་དྲག་གནས་སྟངས་རྣམས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཁ་པར་དང་སྤྱི་ཚོགས་དྲྭ་ལམ་བརྒྱུད་གནས་ཚུལ་མཁོ་སྤྲོད་གནང་བ་དང་ཡང་ན་གཞུང་གི་སྲིད་བྱུས་ལ་མི་འདོད་པའི་རྣམ་འགྱུར་བསྟན་ཚེ་འཛིན་བཟུང་གིས་ཁྲིམས་ཆད་གཏོང་བཞིན་ཡོད་པ་ལས་རྒྱ་ནག་རང་ཉིད་ཀྱི་ཁྲིམས་ལུགས་དང་འགལ་བའི་དབང་ཆ་ལོག་པར་སྤྱོད་མཁན་རྒྱ་རིགས་དཔོན་པོ་ཚོར་རྒྱ་ནག་གཞུང་ནས་ཉེས་ཆད་གཏང་བར་འགྱུར་བ་དང་གཏོང་མུས་སོགས་ཀྱི་གནས་ཚུལ་གང་ཡང་གོ་རྒྱུ་མེད་སྐོར་འགྲེལ་བརྗོད་གནང་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་ Mike Pompeo མཆོག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་སྤེལ་གནང་སྐབས་གསར་འགོད་པ་རྣམས་ལ་ཨ་མི་རི་ཀའི་མི་མང་ཚོས་རྣམ་ཀུན་ནས་རྒྱལ་སྤྱིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་བཞིན་པ་མང་པོ་ཞིག་རྒྱ་ནག་དང་ཨི་རན། ཝེ་ནེ་ཛུ་ལཱ། ཁུ་བྷ་སོགས་ཀྱི་ནང་ལ་རྡོག་རོལ་གཏོང་བཞིན་ཡོད་པ་གསལ་འདོན་གནང་བ་མ་ཟད། རྒྱ་གཞུང་གིས་ཆེས་དེང་དུས་ཅན་གྱི་འཕྲུལ་ལས་བེད་སྤྱོད་བརྒྱུད་ཡུལ་དེའི་མི་མང་ལ་ལྟ་སྲུང་ནན་པོ་བྱེད་ཀྱི་ཡོད་པ་དང་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཚོས་ཆོས་དད་རང་དབང་བརྡལ་བཤིག་གཏང་གི་ཡོད་པ་དང་བྱེད་སྟངས་དེ་ནི་རྒྱ་གཞུང་ནས་ཆོས་ལ་ཡིད་ཆེས་དང་དད་གུས་མེད་པའི་རྣམ་པ་ཞིག་མཚོན་གྱི་ཡོད་ཅེས་གསུངས་འདུག ད་དུང་ཁོང་གིས་རྒྱ་མི་དང་ཨི་རན། Venezuela མི་སེར་ཚོས་རང་ཉིད་ཀྱི་སྲིད་གཞུང་ལ་ཞེད་སྣང་གང་ཡང་མེད་པར་སྨྲ་བརྗོད་དང་འདུ་འཛོམས་བྱ་ཐུབ་རྒྱུར་ང་ཚོས་སྨོན་འདུན་བྱ་རྒྱུ་ཡིན་ཞེས་དང་ཕྱི་ལོ་ ༢༠༡༩ ལོའི་སྙན་ཐོ་དེས་འགྲོ་བ་མིའི་རིན་ཐང་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་ཆེད་སྐུ་སྲོག་ཤོར་བ་ཚོར་རྗེས་དྲན་གནང་གི་ཡོད་ཅེས་ཚོར་ཤུགས་ཆེན་པོས་གསུངས་འདུག ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་སྙན་ཐོ་ནང་གསལ་ལྟར་ན། རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་རྩིས་མེད་ཀྱི་ད་ལྟའི་ཆར་བོད་མི་ ༢༧༣ དོ་དམ་བྱས་བཞིན་ཡོད་ལུགས་འཁོད་ཡོད་ཀྱང་རྒྱ་གཞུང་གིས་དམ་དྲག་འོག་གྲངས་ཐོ་དེ་ནི་དངོས་ཡོད་བོད་ནང་གི་ཆབ་སྲིད་ཀྱི་གྲངས་ཐོ་ལས་ཀྱང་ཧ་ཅང་ཉུང་བ་ཡོད་པ་འགྲེལ་བརྗོད་གནང་བ་མ་ཟད། ད་ཆ་དོ་དམ་བྱས་པའི་གྲངས་ཐོ་དེ་དེ་སྔའི་གྲངས་ཐོ་དང་བསྟུར་ཚེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་བཟང་ཕྱོགས་ཀྱི་རྣམ་པ་གང་ཡང་མཚོན་པར་བྱེད་མེད་པའི་སྐྱོན་བརྗོད་གནང་འདུག

རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ནས་ལྷན་ཚོགས་ཐོག་བོད་དོན་གླེང་བ།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༣ པའི་ཐོག་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་དགུ་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་བློ་ཚབས་ཆེ་བའི་རྣམ་པ་ཆེད་བཏོན་དང་ཁྱད་པར་དུ་འཇར་མི་ནི་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ། ནི་ཐར་ལན་ཌི། དེ་བཞིན་རྒྱལ་ཁབ་ ༢༧ གྲུབ་པའི་ཡོ་རོབ་སྤྱི་མཐུན་ཚོགས་པ་བཅས་ལྷན་ཚོགས་ཐོག་བོད་མིང་འབོད་གནང་སྟེ་རྒྱ་ནག་གཞུང་ནས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་དགོས་པ་གསུངས་འདུག ཟླ་བ་སྔོན་མའི་ཕྱི་ཚེས་ ༢༤ ནས་སུད་སི་གྲོང་ཁྱེར་ཇི་ནི་ཝར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༤༣ པ་འཚོགས་བཞིན་ཡོད་པ་དང་། ཕྱི་ཚེས་ ༡༠ ཉིན་འཛམ་གླིང་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐོག་ཚོགས་མི་རྒྱལ་ཁབ་ཁག་ནས་ཐུགས་སྣང་གནང་དགོས་པའི་རྒྱལ་ཚོགས་ཀྱི་ཚོགས་དུས་ ༢༦ དང་ ༢༧ ཐོག འཇར་མི་ནིའི་སྐུ་ཚབ་ཀྱིས་རྒྱ་ནག་གཞུང་གིས་ཁྲིམས་དང་མི་མཐུན་པའི་ཐོག་ནས་བོད་དང་ཤར་ཏུ་ཀི་སི་ཐན་ཁུལ་དུ་མང་ཚོགས་ཕན་ཆེ་དོ་དམ་བཀག་ཉར་དང་མནར་གཅོད། དེ་བཞིན་མང་ཚོགས་ཀྱི་སྤྱི་མང་དང་ཆབ་སྲིད། ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་འཕྲལ་མར་མཚམས་འཇོག་དགོས་ཞེས་གསུངས་པར་མ་ཟད། རིང་མིན་རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་རྒྱ་ནག་ཏུ་ཕེབས་རྒྱུའི་འཚམས་གཟིགས་དེའི་སྐབས་དགོས་ངེས་ཀྱི་ཆ་རྐྱེན་དེ་དག་བསྒྲུབ་པའི་རེ་བ་ཡོད་ཅེས་གསུངས་འདུགདེ་བཞིན་སྐབས་དེར་ཅེཀ་སྤྱི་མཐུན་རྒྱལ་ཁབ་སྐུ་ཚབ་ཀྱིས་རྒྱ་ནག་དེ་དཔལ་འབྱོར་ཡར་རྒྱས་ཕྱིན་པ་ལྟར་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་དབང་འཛིན་གྱི་གནས་བབ་ནི་ཡར་རྒྱས་ཕྱིན་མེད་པ་དང་། རྒྱ་ནག་གཞུང་གིས་བོད་དང་ཤར་ཏུ་ཀི་སི་ཐན་ནང་འཆར་གཞི་ལྡན་པའི་ངང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་དམ་དྲག་བྱེད་བཞིན་པ་དེ་མཚམས་འཇོག་དགོས་ཞེས་ནན་བརྗོད་གནང་བ་དང་ཆབས་ཅིག་ཏུ་ཉེ་ཆར་རྒྱ་གཞུང་ནང་བྱུང་བའི་རིམས་ནད་ཀྱི་དཀའ་རྙོག་དང་འབྲེལ་ནས་ཕྱི་ཕྱོགས་གནས་ཚུལ་མཁོ་གཏོང་གནང་མཁན་གྱི་མང་ཚོགས་ཐོག་དམ་དྲག་བྱེད་བཞིན་པར་བློ་འཚབ་ཆེན་པོ་ཡོད་པའང་གསུངས་འདུག དེ་བཞིན་ལྷན་ཚོགས་དེའི་སྐབས་ཡོ་རོབ་རྒྱལ་ཁབ་ ༢༧ ལས་གྲུབ་པའི་ཡོ་རབ་མཐུན་ཚོགས་ཀྱི་སྐུ་ཚབ་ནས་ཀྱང་རྒྱ་ནག་གཞུང་གིས་འཆར་ལྡན་ངང་ཁུལ་དེའི་མང་ཚོགས་ཐོག་སྤེལ་བཞིན་པའི་ཆབ་སྲིད་སློབ་གསོའི་ལས་འགུལ་དང་། མང་ཚོགས་ཀྱི་ཆོས་དད་དང་རང་དབང་ཐོག་ལྟ་སྲུང་དང་དམ་དྲག་བྱེད་བཞིན་པར་སེམས་འཚབ་ཀྱི་རྣམ་པ་ཆེད་བཏོན་གནང་བ་དང་། དེ་སྔོན་རྒྱལ་ཚོགས་ཀྱི་ཆེད་ལས་རྟོག་ཞིབ་མི་སྣ་ ༡༢ ཀྱིས་རྒྱ་གཞུང་གིས་བཟོས་པའི་འཇིགས་སྐུལ་རིང་ལུགས་ཀྱི་ཁྲིམས་སྒྲིག་ལ་འདྲི་རྩད་བྱས་པའི་གནད་དོན་ལུང་འདྲེན་དང་འབྲེལ་ཏེ་ཁྲིམས་སྒྲིག་དེའི་ཐོག་རྒྱལ་ཚོགས་ཀྱི་ཆེད་ལས་མི་སྣས་དམིགས་ཡུལ་ལྟར་ཕྱི་གསལ་ནང་གསལ་དང་། རང་དབང་ལྡན་ཐོག་རྟོག་ཞིབ་གནང་སྐྱོང་ཡོང་བའི་ནན་བརྗོད་གནང་འདུགལྷག་པར་དུ་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་གཞུང་གིས་རྒྱ་ནག་སྤྱི་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་གཞིར་བཟུང་བོད་དང་ཤར་ཏུ་ཀི་སི་ཐན་གཙོས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་དགོས་པར་མ་ཟད། རྒྱ་གཞུང་ནས་བོད་མིའི་སྐད་ཡིག་རང་དབང་རྩོད་ལེན་པ་བཀྲིས་དབང་ཕྱུག་ལགས་དང་འགྲོ་བ་མི་ཐོབ་ཐང་རྩོད་ལེན་པ་རྣམས་གློད་བཀྲོལ་གནང་དགོས་པ་དང་། རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་ཁུལ་དེར་བཀག་འགོག་མེད་པར་འཚམས་གཟིགས་གནང་འཇུག་དགོས་པའི་འབོད་སྐུལ་གནང་འདུག ནི་ཐར་ལན་ཌིའི་སྐུ་ཚབ་ཀྱིས་ཡོ་རོབ་མཐུན་ཚོགས་ལྟར་རྒྱ་ནག་ནང་གི་མང་ཚོགས་ཀྱི་ཆོས་དད་རང་དབང་གི་གནས་བབ་སྤྱི་དང་བོད་བརྒྱུད་ནང་བསྟན་དང་ཁ་ཆེ། དེ་བཞིན་ཡི་ཤུའི་བཅས་ཀྱི་ཆོས་དད་རང་དབང་གི་གནས་བབ་ལ་སེམས་འཚབ་ཡོད་ཅེས་གསུངས་འདུག་པར་མ་ཟད་ནི་ཐར་ལན་ཌི་རྒྱ་གཞུང་གིས་ཁུལ་དེའི་ས་གནས་ས་ཐོག་གནས་བབ་རྒྱུས་ལོན་ཆེད་རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་གིས་གཙོས་པའི་རང་དབང་ཅན་གྱི་རྟོག་ཞིབ་མི་སྣ་ཆེད་གཏོང་ཡོང་བའི་རེ་བ་ཡོད་ཅེས་གསུངས་འདུག ཁ་སང་ལྷན་ཚོགས་ཐོག་ཚོགས་མི་རྒྱལ་ཁབ་ཨོ་སི་ཊོ་ལི་ཡ་དང་ཕི་ལན་ཊ། ཕ་རན་སི། སུ་ཌན། དེ་བཞིན་དབྱིན་ཡུལ་བཅས་ཀྱི་སྐུ་ཚབ་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་གླེང་སྐབས་སུ་བོད་ཅེས་མཚན་འབོད་མ་གནང་ཡང་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་གླེང་སློང་གནང་འདུག་པ་དང་། དེ་བཞིན་རྒྱ་ནག་གཞུང་གི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་བྱེད་དགོས་པ། རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་རྒྱ་ནག་ཏུ་དོན་དམ་པའི་རྟོག་ཞིབ་ཆེད་ཕེབས་འཇུག་དགོས་པའང་གསུངས་འདུག

རྒྱལ་ཚོགས་མདུན་དུ་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ཐེངས་བརྒྱ་པ་སྤེལ་བ།

ཁ་སང་སུད་སི་གྲོང་ཁྱེར་ཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྱུ་རྩལ་རང་བཞིན་ལྡན་པའི་ཞབས་སྟེགས་རྐང་ཆག་གྱི་མདུན་ཐང་དུ་སུད་སི་གནས་སྡོད་བོད་མི་ཁྱིམ་ཚང་ལྔས་མ་སྐུལ་དང་བླངས་ཀྱིས་སྤེལ་བཞིན་པའི་རྒྱལ་ཚོགས་ལ་ཞུ་གཏུག་དང་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ཐེངས་བརྒྱ་པ་དེ་སྤེལ་སོང་། རྩ་བའི་ལས་འགུལ་དེ་ཐོག་མར་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་སུད་སི་གནས་སྟོད་བོད་མི་སྟག་ཚང་དཀོན་མཆོག་ལགས་དང་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཁྱིམ་ཚང་གཉིས་ཀྱིས་དབུ་བཙུགས་པ་ཞིག་ཡིན་ཅིང། ད་ལྟའི་ཆར་སྟག་ཚང་དཀོན་མཆོག་ལགས་ཀྱི་ཁྱིམ་ཚང་གཙོས་པའི་མདུན་ཆུ་ཚེ་རིང་རྒྱལ་པོ་ལགས་དང་། ངག་དབང་ཚང་ངག་དབང་དཔལ་ལྡན་ལགས། རྒྱལ་བ་ཚང་བཀྲིས་ལྷ་མོ་ལགས། དེ་བཞིན་ཡེ་ཤེས་ལྷ་མོ་ལགས་བཅས་ཀྱི་བོད་མི་ཁྱིམ་ཚང་ལྔས་ཕྱག་ལས་དང་དུས་ཚོད། འགྲོ་གྲོན་སོགས་ལ་མ་བལྟོས་པར་ཇི་ནི་ཝའི་རྒྱལ་ཚོགས་མདུན་དུ་ཟླ་རེར་རེས་གཟའ་ལྷག་པ་ནམ་ཡིན་ལ་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་བཞིན་ཡོད་པར་མ་ཟད། ཁ་སང་རེས་གཟའ་ལྷག་པའི་ཉིན་སྤེལ་བའི་ལས་འགུལ་དེ་ཁོང་རྣམ་པའི་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་ ༡༠༠ པ་དེ་ཆགས་ཀྱི་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཁ་སང་རེས་གཟའ་ལྷག་པའི་ཉིན་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་སྐབས་སུ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་ཇི་ནི་ཝར་ཚོགས་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༣ པ་འཚོགས་བཞིན་པ་དང་བསྟུན་ཞི་བའི་སྐད་འབོད་དང་བོད་དོན་ཞུ་གཏུག་ལས་འགུལ་ཡང་སྤེལ་གནང་སོང་། རྩ་བའི་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ནས་ཇི་ན་ཝར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷ་ཚོགས་ནམ་ཚོགས་ལ་མང་ཚོགས་འདུ་འཛོམས་ཀྱིས་བོད་དོན་ཞུ་གཏུག་དང་སྐད་འབོད་ལས་འགུལ་སྤེལ་མུས་ཡིན་ཀྱང་། ཉེ་བའི་ཆར་སུད་སི་དབུས་གཞུང་གིས་རིམས་ནད་སྔོན་འགོག་ཆེད་མང་ཚོགས་འདུ་འཛོམས་ཚད་བཀག་བཀོད་ཁྱབ་འོག་ ནམ་རྒྱུན་ལྟར་ཁ་སང་གི་ལས་འགུལ་ཐོག་སུད་སི་ས་གནས་མང་ཚོགས་དེ་ཙམ་འདུ་འཛོམས་གནང་ཐུབ་མེད་པ་རེད། འོན་ཏང་ལས་འགུལ་གོ་སྒྲིག་གནང་མཁན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་ལས་འགུལ་རྒྱུན་མཐུད་ཕྱིར་སྐུ་མགྲོན་གཙོ་བོར་སུད་སི་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་སྐུ་ཞབས Renelonged ལགས་མགྲོན་འབོད་ཐོག་བོད་མི་མང་སྤྱི་འཐུས་བྱམས་པ་ཚེ་རིང་ལགས།སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིན་འཛིན་ལགས། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་དང། ས་གནས་བེུད། ཡོ་རོབ་གཞོན་ནུ། སུད་སི་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ། དེ་བཞིན་བོད་མི་སྐྱིད་སྡུག་མཉམ་མྱོང་ལས་འགུལ་བ་བཅས་མི་གྲངས་ ༢༠ སྐོར་ཞིག་འདུ་འཛོམས་གནང་སྟེ་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཡོད་པ་རེད།

འཛམ་གླིང་ཤར་ནུབ་གང་སར་རྣམ་པ་འདྲ་མིན་ཐོག་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི།

ཁ་སང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༡ ཐོག་འཛམ་གླིང་ཤར་ནུབ་གང་སར་བཞུགས་པའི་བོད་མི་ཚོས་རང་དབང་འཐབ་རྩོད་ཀྱི་ལས་འགུལ་སྣ་མང་སྤེལ་ཡོད་པ་ལྟར། བྱང་ཨ་རིའི་ California མངའ་སྡེའི་ Richmond གྲོང་ཁྱེར་གྱི་ཚོགས་ཁང་མདུན་དུ་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་ཆེད་ཕེབས་ཐོག་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་སྟེ་དུས་དྲན་སྲུང་བརྩི་ཞུས་འདུགཨ་རིའི་བྱང་ཀེལ་བོད་རིགས་ཚོགས་པའི་གསུམ་བཅུའི་དུས་དྲན་སྲུང་བརྩི་སྐབས་ཁུལ་དེའི་ Richmond གྲོང་སྡེ་ལྷན་ཚོགས་ནས་དེ་སྔའི་སྲོལ་རྒྱུན་བཞིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་སྟེ་བོད་མིར་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་འདུག་པ་དང་། མཛད་སྒོའི་ཐོག་ Richmond གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ Eduardo Martinez ལགས་ཆེད་ཕེབས་ཀྱིས་མང་ཚོགས་ལ་གསུང་བཤད་གནང་བར་ང་ཚོས་འགྲོ་བ་མི་ཚང་མའི་རང་དབང་དང་དྲང་བདེན་ལ་སྲུང་སྐྱོབ་དང་རྒྱབ་སྐྱོར་ཞུ་འོས་སྟབས་བོད་ནང་གི་བོད་མི་ཚོའི་བདེ་སྡུག་ལ་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་གསུངས་འདུགདེ་བཞིན་དུ་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གཙོས་པའི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་གོ་སྒྲིག་འོག་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་སྲུང་བརྩི་ཞུས་ཏེ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ནིའུ་ཡོག་གྲོང་ཁྱེར་གྱི་རྒྱལ་ཚོགས་ལས་ཁུངས་ནས་རྒྱ་ནག་གཞུང་ཚབ་ལས་ཁུངས་བར་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པ་རེད།སྐབས་དེར་གོ་སྒྲིག་ཚོགས་ཆུང་གིས་བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་གཙོས་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་སློབ་སྟོན་གནང་མཁན་ཨ་རིའི་ནིའུ་ཡོག་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ལྕམ་སྐུ་ Sharon Hom ལགས་དང་ཨ་རི་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་སོགས་ཆེད་འབོད་ཀྱིས་མང་ཚོགས་ལ་གསུང་བཤད་གནང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཁེ་ན་ཌ་གྲོང་ཁྱེར་ Ottawa ནང་བོད་མི་རྣམས་ནས་དུས་དྲན་སྲུང་བརྩི་ཞུས་ཡོད་པ་དང་དུས་དྲན་ ཐོག་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Arif Virani ལགས་དངོས་སུ་ལྷན་ཞུགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་ཡོད་པ་རེད།དེ་བཞིན་ཨོ་སི་ཊོ་ལི་ཡ་གྲོང་ཁྱེར་ Sydney དང། Brisbane གཞན་ཡང་ Melbourne རྒྱལ་ས་ Canberra སོགས་སུ་བོད་མི་ཚོགས་སྡེ་ཁག་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཞི་བའི་རྔམ་སྟོན་གྱི་ལས་འགུལ་སྤེལ་བའི་ཁྲོད་བོད་མིའི་རང་སྲེག་གི་གནད་དོན་བརྒྱུད་བསྒྲགས་གནང་འདུག་པར་མ་ཟད་རྒྱལ་གཅེས་པ་རྣམས་ཀྱི་ཆེད་དུ་བསྔོ་སྨོན་གསུང་འདོན་སོགས་ གནང་འདུགགཞན་ཡང་ཐེ་ཝེན་དུ་འདི་ལོའི་གསུམ་བཅུའི་དུས་དྲན་དང་བསྟུན་ལས་འགུལ་ཁག་བཞི་ཙམ་ཞིག་གོ་སྒྲིག་གནང་འདུག དེ་བཞིན་རྒྱ་གར་ལྷོ་ཕྱོགས་ Mangalore གྲོང་ཁྱེར་དང་ Gukarat མངའ་སྡེའི་གྲོང་ཁྱེར་ Baroda སོགས་ནང་གནས་བཞུགས་བོད་མི་རྣམས་ནས་ས་གནས་སོ་སོར་དུས་དྲན་སྲུང་བརྩི་ཞུས་པའི་ཁོངས་སུ་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་ཁ་སང་གསུམ་བཅུའི་དུས་དྲན་ཉིན་མཐོ་སློབ་ཁག་གི་བོད་རིགས་སློབ་མ་དང་མང་ཚོགས་ནས་སྦག་སྦག་སྐོར་བསྐྱོད་དང་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་འདུགརྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སིར་མོར་རྫོང་དུ་ཆགས་པའི་སྤོན་ཊ་ཆོས་གསུམ་བོད་མིའི་གཞིས་ཆགས་དང་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས། དེ་བཞིན་ས་ཊོན་ཁམས་ཀཿཐོག་དང་ཀུམ་རའོ་བོད་མིའི་གཞིས་ཆགས་བཞི་ཐུན་མོང་གིས་གོ་སྒྲིག་འོག་རྔམ་སྟོན་ཁྲོམ་སྐོར་བརྒྱུད་ཉིན་མོ་དེ་སྲུང་བརྩི་གནང་ཡོད་པ་རེད།ཁ་སང་གསུམ་བཅུའི་དུས་དྲན་ཐེངས་ ༦༡ ཐོག་ནུབ་ཕྱོགས་རྒྱལ་ཁབ་ཨ་རི་དང་ཁེ་ན་ཌ། ཡོ་རོབ་དང་ཨོ་སི་ཊོ་ལི་ཡ། ཤར་ཕྱོགས་རྒྱལ་ཁབ་རྒྱ་གར་གཙོས་ཡུལ་ལུང་འདྲ་མིན་ནང་བོད་མི་ཚོས་ཞི་བའི་གོམ་བགྲོད་དང་རྔམ་སྟོན་ཁྲོམ་སྐོར། བོད་དོན་ཞུ་སྙན་འབུལ་དང་མཆོད་འབུལ་སྨོན་ལམ་སོགས་གནང་སྟེ་ཕྱི་ལོ་ ༡༩༥༩ གངས་ཅན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་བཙན་འཛུལ་བར་ངོ་རྒོལ་ཆེད་རང་དབང་སྒེར་ལངས་གནང་བའི་དུས་དྲན་དྲན་གསོ་སླར་ཡང་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བདེན་དཔང་ར་སྤྲོད་གནང་ཡོད་པ་རེད། ལྷག་དོན་ཡུ་རོབ་རྒྱལ་ཁབ་ཁག་ཏུ་དྲག་ཆར་དང་གནམ་གཤིས་གྲང་ངར་ལ་བལྟོས་མེད་སུད་སི་དང་དབྱིན་ཡུལ། ཕ་རན་སི། ཨི་ཊ་ལི། འཇར་མི་ནི། ཌན་མག བྷེལ་འཇམ། ཅེཀ་སྤྱི་མཐུན་རྒྱལ་ཁབ།དེ་བཞིན་ནོར་ཝེ་སོགས་ཀྱི་ནང་བོད་མི་དང་བོད་དོན་སྐྱོར་བ་རྣམས་རྣམ་པ་འདྲ་མིན་བརྒྱུད་ནས་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༦༡ སྲུང་བརྩི་ཞུས་གནང་ཡོད་པ་རེད།  

ཨ་རི་དང་ཁེ་ན་ཌའི་གྲོས་འཐུས་ཁག་གཅིག་གིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་བ།

ཁ་སང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༡ དང་བསྟུན་འཛམ་གླིང་ཁྱོན་ཡོངས་སུ་བོད་མི་གནས་སྡོད་གང་སར་ངོ་རྒོལ་སྐད་འབོད་སོགས་ཀྱི་ལམ་ནས་ཉིན་མོ་དེ་སྲུང་བརྩི་གནང་བཞིན་པ་དང་འབྲེལ། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་དང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་འཛིན་སྐྱོང་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་ Jim Mcgovern མཆོག་རྣམ་གཉིས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་འདོན་སྤེལ་གནང་འདུག་པ་དང། དེ་བཞིན་ཁེ་ན་ཌ་གྲོས་ཚོགས་ཀྱི་རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་ Garnet Genuis ལགས་ཀྱི་ཡུལ་དེའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་འདུག ཁ་སང་ལྕམ་སྐུ་ Nanacy Pelosi མཆོག་གི་འདོན་སྤེལ་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ནང་ཁོང་གིས་ད་རེས་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༡ པ་དང་བསྟུན་རང་དབང་ཆེད་དུ་ལུས་སྲོག་གློས་བཏང་གནང་མཁན་བོད་མི་དཔའ་བོ་དཔའ་མོ་ཡོངས་ལ་རྗེས་དྲན་དང་རྒྱ་ནག་གཞུང་གི་དྲག་པོའི་གཞུང་འཛིན་འོག་ནས་མཐར་ནས་ཞི་བདེ་དང་བདེ་འཇགས། དེ་བཞིན་རང་ཐག་རང་གཅོད་ངང་གནས་སྡོད་ཡོད་པའི་བོད་མིའི་མངོན་འདོད་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་སྐོར་གསུངས་པ་དང་འབྲེལ། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་བཅས་ལ་རྩིས་མེད་རྡོག་རོལ་དང་། བོད་མིའི་ཆོས་དང་རིག་གཞུང་། ལེགས་བྱང་བཅས་པ་རྩ་མེད་སོགས་བོད་མིའི་ཐོག་སྡུག་རྩུབ་གཏོང་བྱེད་བཞིན་པ་དེ་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་རྣམ་དཔྱོད་ཐད་གདོང་ལེན་གནང་དགོས་པའི་གནད་དོན་ཞིག་ཡིན་པ་དེ་ལྟར་ཡང། ལོ་ངོ་བཅུ་ཕྲག་མང་པོའི་དྲག་གནོན་བྱས་པའི་རྗེས་སུའང་བོད་མིའི་མངོན་འདོད་དང་རེ་བ། དེ་བཞིན་བདེན་པའི་ཨུ་ཚུགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་ཐོག་མུ་མཐུད་བསྐྱོད་རྒྱུའི་ནུས་པ་གསར་པ་ཞིག་སྤྲོད་བཞིན་ཡོད་པ་དང། དེ་ནི་འཛམ་གླིང་ཁྲོད་ཞི་བདེ་དང་རང་དབང་འདོད་མཁན་ཡོངས་ཀྱི་སེམས་འགུལ་གཞིར་གྱུར་ཡོད་པ་གསུངས་འདུག ལྷག་པར་དུ་ཁོང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བའི་ཐོག་ནས་ཁོང་རྣམས་ལ་འགྲོ་བ་མིའི་རང་དབང་སྲུང་སྐྱོབ་གནང་རྒྱུའི་སྐུལ་མ་སྤེལ་བཞིན་ཡོད་པ་ལྟར་ཆོད་སེམས་དེའི་ཐོག་ནས་ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མ་ནས་ ༢༠༡༩ ལོའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་སྟེ་ཆབ་སྲིད་ཚོགས་པ་དབྱེ་མེད་ཀྱིས་ཚང་མས་བོད་མིར་རྒྱབ་སྐྱོར་གནང་བཞིན་ཡོད་པའི་རྣམ་པ་མངོན་གསལ་དང། ཨ་རིའི་གཞུང་གི་ངོས་ནས་༸གོང་ས་མཆོག་གི་མ་འོངས་ཡང་སྲིང་ཀྱི་གནད་དོན་ཐད་བདག་དབང་ཆ་ཚང་༸གོང་ས་མཆོག་དང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམས་ལ་ཡོད་པ་མ་གཏོགས་རྒྱ་ནག་གཞུང་ལ་མེད་པའི་བཞེངས་ཕྱོགས་གསལ་པོ་བཟོས་ཡོད་པ་གསུངས་སྟེ། བོད་མིའི་ཞུམ་པ་མེད་པའི་སྙིང་སྟོབས་ལ་གཞིགས་ཏེ་ཁོང་རྣམས་དུས་རྟག་ཏུ་བོད་མི་ཡོངས་ཀྱི་མ་འོངས་འདུན་ལམ་དང། བོད་མི་ཡོངས་ལ་ཆེ་མཐོང་དང་གུས་བརྩི་ཐོབ་ཕྱིར་ཕྱག་ལས་མུ་མཐུད་གནང་རྒྱུ་ཡིན་པར་གསུངས་འདུགདེ་བཞིན་གྲོས་ཚོགས་འཐུས་མི་ Jim Mcgovern  མཆོག་གིས་ལོ་ངོ་ ༦༡ སྔོན་གྱི་ཉིན་མོ་དེ་རྗེས་དྲན་དང་སྦྲགས། ཨ་རི་ལྟ་བུའི་རྒྱལ་ཁབ་ནང་ཡོད་པའི་བོད་མི་རྣམས་ནས་རང་དབང་ཐོག་ཉིན་མོ་དེ་སྲུང་བརྩི་གནང་བཞིན་ཡོད་ཀྱང། བོད་ནང་དང་རྒྱ་གཞུང་གི་ཤུགས་རྐྱེན་ཆེན་པོ་ཡོད་པའི་བལ་ཡུལ་ལྟ་བུར་བོད་མི་རྣམས་ལ་ཉིན་མོ་དེ་སྲུང་བརྩི་ཞུ་རྒྱུའི་རང་དབང་མེད་པ་ལྟར། དེ་རིང་གི་ཉིན་མོ་འདིར་རྒྱལ་སྤྱིའི་ཁྱོན་ཡོངས་སུ་གནས་པའི་བོད་མི་རྣམས་ལ་ཉིན་མོ་འདི་སྲུང་བརྩི་ཞུ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས་པ་དང་འབྲེལ། ཁོང་ནས་བོད་ནང་ཡོད་པའི་བོད་མི་རྣམས་ལ་རང་གི་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་རང་གི་སྣོད་བཅུས་སྲུང་སྐྱོབ་གནང་རྒྱུ་དང། རང་གི་རྒྱལ་ཁབ་ནང་རང་དབང་གི་ཐོག་ནས་འགྲུལ་བསྐྱོད་བྱ་རྒྱུ་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁག་ལོངས་སུ་སྤྱོད་རྒྱུའི་ཐོབ་ཐང་སྤྲད་རྒྱུའི་ཐད་བོད་མིའི་ལྷན་དུ་བཞེངས་བཞིན་ཡོད་པར་མ་ཟད། ཁོང་ནས་དུས་རྟག་ཏུ་རང་ཉིད་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ཁྲོད་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོང་བར་ཐབས་ཤེས་གང་ཐུབ་གནང་གི་ཡོད་པ་གསུངས་འདུག ལྷག་པར་དུ་སྔ་ལོར་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཁོང་གིས་ངོ་སྤྲོད་གནང་རྗེས་ཚད་མཐོའི་རྒྱབ་སྐྱོར་ཐོག་ནས་གཏན་འབེབས་བྱུང་བའི་ཕྱི་ལོ་ ༢༠༡༩ ལོའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་སྐོར་ཞིབ་ཕྲ་ངོ་སྤྲོད་གནང་སྟེ་ད་ལྟའི་ཆར་ཁོང་ནས་ཁྲིམས་འཆར་དེ་ཨ་རིའི་རྩ་ཁྲིམས་ཀྱི་ནང་གཏན་འབེབས་ཡོང་བར་འབད་བརྩོན་གནང་བཞིན་ཡོད་སྐོར་དང་འབྲེལ། ང་ཚོའི་ངོས་ནས་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་དེ་གཏན་འབེབས་གནང་སྟེ་རྩ་ཁྲིམས་ནང་བཀོད་ཐུབ་རྒྱུར་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ལ་སྐུལ་མ་གནང་ནས་ད་རེས་ཀྱི་དུས་ཚིགས་དེ་སྲུང་བརྩི་གནང་དགོས་པར་གསུངས་འདུག ད་དུང་ཁོང་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་དབུས་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་ཡོང་བའི་རེ་འདུན་བསྐྱར་ནན་གནང་སྟེ་ཁོང་ནས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་དང་མཐུན་འགྱུར་གང་ཐུབ་གནང་རྒྱུ་ཡིན་པར་ནན་གཏན་གསུངས་འདུགདེའི་བར་ན་ཁེ་ན་ཌའི་རྒྱལ་ས་ Ottawa ནང་ཡུལ་དེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Garnett Genuise ལགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་སྤེལ་འདུག སྐབས་དེར་ཁོང་གིས་ལོ་ངོ་ ༦༡ རིང་ལ་བོད་ཁ་བ་གངས་ཅན་གྱི་བོད་མི་རྣམས་ནས་རྒྱ་གཞུང་གི་དྲག་གནོན་ལ་གདོང་ལེན་གནང་བའི་དུས་ཚིགས་ཤིག་ཀྱང་ཆགས་ཀྱི་ཡོད་པ་དང། བོད་མིའི་འཐབ་རྩོད་དེ་བཞིན་གཞན་ལ་སྐྱོན་འཛུགས་དང་ཁ་འབྲལ་སོགས་གང་ཡང་མིན་པར་གཞན་གྱི་དྲག་གནོན་ལ་འཚེ་མེད་ཞི་བ་དང་དབུ་མའི་ལམ་གྱི་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་ཀྱི་ཡོད་སྐོར་གསུངས་པ་དང་ཆབས་ཅིག བོད་མིའི་འཐབ་རྩོད་དེར་ཉིན་གཅིག་རྒྱལ་ཁ་ཐོབ་རྒྱུ་ཡིན་པ་གསུངས་འདུག ཁོང་གིས་སྤྱི་དམངས་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་མར་ཊིན་ལུ་ཐཱར་ཀིངྒ་གཞོན་པའི་གསུང་ལུང་འདྲེན་དང་སྦྲགས། བོད་མི་རྣམས་ནས་བོད་མིའི་འཚེ་མེད་ཞི་བ་དང་བཟོད་པའི་ལྟ་གྲུབ་ཀྱི་ཐོག་ནས་རྒྱལ་ཁ་བླང་རྒྱུ་ཡིན་པར་གསུངས་སྟེ་རྒྱ་ནག་གཞུང་གི་བོད་ནང་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་སྒྲིག་ལག་བསྟར་སོགས་བོད་མིའི་ཐོག་དྲག་གནོན་སྔར་ལྷག་གི་སྲིད་བྱུས་སྤེལ་བཞིན་ཡོད་ཀྱང། དེ་རིང་གི་ཉིན་མོ་འདིར་ང་ཚོས་བོད་ནང་རྒྱ་གཞུང་གིས་དྲག་གནོན་ཇི་ཙམ་བྱས་བྱེད་བཞིན་ཡོད་པར་བལྟོས་མེད་ཀྱིས་བོད་མིའི་སྙིང་སྟོབས་ཞུམ་པ་མེད་པའི་རྣམ་དཔྱོད་དེ་དྲན་གསོ་དང་སྲུང་བརྩི་ཞུ་བཞིན་ཡོད་ཅེས་གསུངས་པར་མ་ཟད། བོད་རྒྱལ་ལོ་ཞེས་གསུངས་ཏེ་གསུང་བཤད་མཇུག་སྡོམ་གནང་འདུགདེ་བཞིན་ཁ་སང་དང་དེ་རིང་བཅས་ལ་ངོ་དེབ་དང་འཕྲུལ་བྱ་སོགས་སྤྱི་ཚོགས་དྲྭ་ལམ་ཁག་གི་ཐོག་བོད་དོན་ལ་ཐུགས་སྣང་གནང་མཁན་དང་རྒྱབ་སྐྱོར་གནང་མཁན་མང་དག་ཅིག་ནས་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་གཏམ་བཤད་གནང་བཞིན་འདུག

Latest news