Tibetan Royal Year of 2151 | Year of the Wood Dragon

འོས་བསྡུ་ཆེན་མོ། ༢༠༡༦

Sikyong Preliminary Voting Result 2016 So Far

Disclaimer: The Election Commission will announce the Preliminary Results on 2nd December 2015. We are trying to update the figure as the polls come in. This should not be seen in anyway as the official result.

བཙན་བྱོལ་བོད་མིའི་སྔོན་འགྲོའི་འོས་བསྡུར་བསྔགས་བརྗོད་དང་འོས་བསྡུ་ཕྱོཊ་སྟབས་བདེ་དགོས་པའི་དགོངས་འཆར་གནང་སོང་།

ཨེ་ཤེ་ཡ་དམངས་གཙོ་འབྲེལ་མཐུད་ཁང་དང་ཨེ་ཤེ་ཡ་རང་དབང་འོས་བསྡུའི་འབྲེལ་མཐུད་ཁང་གཉིས་ལས་གྲུབ་པའི་རྟོག་ཞིབ་ཚོགས་པས་ད་ལན་གྱི་བཙན་བྱོལ་བོད་མིའི་སྔོན་འགྲོའི་འོས་བསྡུའི་ཐད་རྟོག་ཞིབ་གནང་པའི་གྲུབ་དོན་ཡོངས་ཁྱབ་གསལ་བསྒྲགས་གནང་སོང་།  དེ་རིང་ཟླ་ ༡༠ ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་དྷ་ས་ནོར་བུ་གསོལ་མགྲོན་ཁང་དུ་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་དང་ཟུང་གིས་གསར་འགོད་ལྷན་ཚོགས་ཐོག་ཨེ་ཤེ་ཡ་དམངས་གཙོ་འབྲེལ་མཐུད་ཁང་དང་ཨེ་ཤེ་ཡ་རང་དབང་འོས་བསྡུའི་འབྲེལ་མཐུད་ཁང་གཉིས་ལས་གྲུབ་པའི་རྟོག་ཞིབ་ཚོགས་མི་བཞིས་ད་ལན་གྱི་བཙན་བྱོལ་བོད་མིའི་སྔོན་འགྲོའི་འོས་བསྡུའི་ཐད་རྟོག་ཞིབ་གནང་པའི་གྲུབ་དོན་ཇི་སོག་རྣམས་ཡོངས་ཁྱབ་གསལ་བསྒྲགས་གནང་སོང་།   སྐབས་དེར་ཨེ་ཤེ་ཡ་རང་དབང་འོས་བསྡུའི་འབྲེལ་ཁང་གི་འབྲེལ་མཐུད་པ་སྐུ་ཞབས་ Ryan D. Whelan ལགས་ཀྱིས་ཕྱི་ལོ་༢༠༡༡ ལོའི་འོས་བསྡུ་དང་བསྡུར་ཚེ་ད་ལན་གྱི་མང་གཙོའི་འོས་བསྡུའི་ལས་རིམ་ནང་མང་ཚོགས་ནས་སྔར་ལྷག་གི་ཚ་ཚ་འུར་འུར་གྱིས་མཉམ་ཞུགས་བྱས་གནང་པར་བསྔགས་བརྗོད་གནང་པ་དང་སྦྲགས། འོས་བསྡུའི་ལས་རིམ་དེ་སྔར་ལྷག་སྟབས་བདེ་ཞིག་ཡོང་རྒྱུ་མཚོན་པའི་སླད་མར་གང་ལེགས་ཡོང་བའི་དགོངས་འཆར་ཁག་བཞི་གསུངས་པར་འོས་བསྡུ་ལྷན་ཁང་གི་ངོས་ནས་གཞུང་གིས་ངོས་འཛིན་ཡོད་མེད་ཅི་རིགས་ཀྱི་ཚོགས་སྡེ་ཚང་མར་འོས་མིའི་འགྲོ་སོང་གཏོང་ཕྱོགས་ཐད་གཅིག་མཚུངས་དང་ཚད་ལྡན་གནང་དགོས་པ་དང་། འོས་འཕེན་པར་སྔོན་འགྲོའི་ཆ་རྐྱེན་དུ་བོད་མི་ཚོས་ངེས་པར་དུ་དང་བླངས་ཀྱི་དཔྱ་དངུལ་ངེས་འབུལ་དགོས་པ་གཟིགས་ཀྱི་མེད་པ། ཉིན་བརྒྱ་དུས་གཅིག་ལ་གང་ཟག་གཅིག་ནས་སྲིད་སྐྱོང་དང་སྤྱི་འཐུས་རྣམ་པའི་མཚན་དང་ཕ་ཡུལ་དེ་བཞིན་ད་ལྟའི་ལས་གནས་སོགས་དགོས་ངེས་ཀྱི་ཆ་རྐྱེན་མང་དག་ཞིག་བཟོས་པས་འོས་འཕེན་མཁན་ཚོར་ཆེས་དཀའ་བའི་གདོང་ལེན་ཞིག་གནང་དགོས་སྟབས། འོས་ཤོག་དེའང་ཁ་གསལ་དང་སྟབས་བདེ་ཞིག་དགོས་གལ་ཆེ་བ། དེ་བཞིན་སྔོན་འགྲོའི་འོས་བསྡུ་སྟབས་བདེ་བཟོ་རྒྱུ་དེས་མང་ཚོགས་ཚོས་རེ་འདུན་ལྟར་གྲུབ་འབྲས་གང་མགྱོགས་སོན་པར་དགེ་མཚན་ཆེ་བ་ཡོད་སྐོར་སོགས་གསུངས་སོང་།  ཁོང་གིས་མུ་མཐུད་གསུངས་དོན་ལ། ཁྱད་པར་དུ་ཐེངས་འདིའི་སྔོན་འགྲོའི་འོས་བསྡུའི་ལས་རིམ་བརྒྱུད་ནས་བྱུང་བའི་མྱོང་ཚོར་ཁག་ཅིག་གསུངས་པ་དང་སྦྲགས།  བཙན་བྱོལ་བོད་མི་ཚོས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་དེ་བཞིན་ཚགས་ཚུད་ཀྱི་ཐོག་ནས་གནང་པར་དགའ་བསུ་གནང་པ་མ་ཟད། འཛམ་གླིང་ཡུལ་ལུང་གཞན་གྱི་འོས་བསྡུ་ལྷན་ཁང་ཁག་གི་ངོས་ནས་ཀྱང་མིག་དཔེ་ལྟ་དགོས་པ་ཞིག་ཆགས་ཡོད་སྐོར་གསུངས་སོང།  གཞན་ཡང་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་དེས་དྲང་བདེན་དང་རང་དབང་འཐབ་རྩོད་བྱེད་རྒྱུའི་དམིགས་ཡུལ་ལ་ཕན་ཐོགས་ཆེན་པོ་གྲུབ་ངེས་ཡིན་པ་གསུངས་སོང།  གཞན་ཡང་ཐེངས་འདིའི་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ཀྱི་རྟོག་ཞིབ་གནང་མཁན་བལ་ཡུལ་དུ་རྟེན་གཞི་བྱས་པའི་རྒྱལ་ཡོངས་འོས་བསྡུ་རྟོག་ཞིབ་མཐུན་ཚོགས་ཀྱི་ལས་བྱེད་སྐུ་ཞབས་ Pradip Ghimire ལགས་དང་ལྕམ་ Kanchan Khatri ལགས་གཉིས་ནས་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱིདབུས་འོས་བསྡུ་ལྷན་ཁང་གིས་བཙན་བྱོལ་བོད་མི་འདུ་སྡོད་གང་སར་འོས་བསྡུ་ས་ཚིགས་གང་མང་བཙུགས་ཏེ་མི་དམངས་ཁྲོད་ནས་གང་མང་ཞིག་གིས་འོས་འཕེན་པར་མཉམ་ཞུགས་ཡོང་ཐུབ་པ་གནང་པ་དེ་ནི་ཆེས་བསྔགས་འོས་ཡིན་པར་གསུངས་སོང་།

བོད་ཀྱི་བེུད་ཚོས་མང་གཙོའི་ནང་ཆ་ཤས་བླང་ཕྱོགས།

༢༠༡༦ ལོའི་འོས་བསྡུ་ཆེན་མོ་དང་བསྟུན། བོད་ཀྱི་བེུད་ཚོའི་གནད་དོན་དང་འབྲེལ་བའི་དམིགས་བསལ་རླུང་འཕྲིན་དང་བརྙན་འཕྲིན་གྱི་ལེ་ཚན་ཞིག་རིམ་པའི་དྲ་རྒྱ་ localhost/vot དང་ངོ་དེབ་ Voice of Tibet ཐོག་ཏུ་རྒྱང་སྲིང་ཞུ་བཞིན་ཡོད་པས་དེ་དོན་དགོངས་འཇགས་འཚལ། http://soundcloud.com/voice-of-tibet/zhkgeae3de5c

བོད་རིགས་ན་གཞོན་ལས་མེད།

http://soundcloud.com/voice-of-tibet/pifw4hwbxl37

Latest news