Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་འབྲས་ལྗོངས་སུ་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཤད་ལུང་བཀྲིན་སྩལ་བ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

འབྲས་ལྗོངས་གཞུང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་དེ་རིང་ཞོགས་པ་ཕྱག་ཚོད་ ༨ མ་ཟིན་ཙམ་ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་དབུས་པའི་དགོན་སྡེ་ཁག་གི་བླ་ཆེན་དང་གནད་ཡོད་མི་སྣ་བཅས་ཀྱིས་སྤོས་སྣེའི་སྤྱན་འདྲེན་གཟབ་རྒྱས་ཞུས་པའི་སྒོ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྒང་ཏོག་དཔལ་འབྱོར་རྩེད་ཐང་དུ་ཆིབས་བསྒྱུར་མཛད་དེ་མང་ཚོགས་ཁྲི་ཚོ་བརྒལ་བར་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཤད་ལུང་བཀྲིན་སྩལ་སོང་།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་ལྗོངས་སུ་ཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་ཕྱི་ནང་གི་མང་ཚོགས་ལ་འཚམས་འདྲི་མཛད་པ་དང་སྦྲགས། ཆོས་ལུགས་སྤྱི་དང་སྒོས་སངས་རྒྱས་པའི་ཆོས་ལ་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་བར་མ་ཟད། སྤྱི་ཚོགས་ནང་གི་སྡུག་བསྔལ་ལམ་དཀའ་ངལ་མང་དག་ཅིག་ནི་འགྲོ་བ་མི་རང་གིས་བཟོས་པ་དང་ལྷག་པར་དུ་ཆོས་ལུགས་རྒྱུ་མཚན་དུ་བྱས་ནས་ཐབས་སྐྱོ་བའི་འཐེན་འཁྱེར་སོགས་ཀྱི་ངལ་བ་འཕྲད་བཞིན་ཡོད་སྟབས། རྒྱ་གར་ལྟ་བུར་ཆ་མཚོན་ན་ཆོས་ལུགས་དུ་མ་ཞིག་ཞི་བདེ་མཉམ་གནས་གནང་མུས་ཡིན་པ་ལྟར་ཆོས་ལུགས་ཕན་ཚུན་དབར་ལ་འཆམ་མཐུན་དང་གཅིག་གིས་གཅིག་ལ་གུས་བརྩི་གནང་དགོས་པར་ལམ་སྟོན་མཛད་ཡོད།

དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་སུ་ཆོས་ལུགས་རྐྱེན་དུ་བྱས་ནས་འཁྲུག་འཛིང་སོགས་བྱུང་ཡོད་ཀྱང་། ད་ཆ་དེ་ལྟར་གནང་རྒྱུའི་དུས་ཚོད་དེ་རྫོགས་ཟིན་པ་རེད་ཅེས་བཀའ་སྩལ་ཏེ། འཛམ་གླིང་ནང་གི་མི་དུང་འཕྱུར་བརྒྱད་ཡོད་པ་དེ་དག་ཚང་མ་ཕན་ཚུན་དབར་ལ་འཆམ་མཐུན་དང་། འགྲོ་བ་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་གཅིག་ཕན་གཅིག་གྲོགས་གནང་གནད་ཆགས་ཡོད་པས་འདུ་ཤེས་དེ་ལྟར་འཛིན་དགོས་གལ་ཡིན་སྐོར་བཀའ་སྩལ་སོང་།

༸གོང་ས་མཆོག་གིས་དེ་རིང་གི་བཀའ་ཆོས་དང་འབྲེལ་ཧི་མཱ་ལ་ཡའི་རི་རྒྱུད་དུ་གནས་པའི་མི་རིགས་རྣམས་ནི་བོད་རིགས་དང་གཅིག་མཚུངས་འཕགས་པ་སྤྱན་རས་གཟིགས་དང་འབྲེལ་བ་དམིགས་བསལ་ཡོད་པའི་མི་རིགས་ཤིག་ཆགས་ཡོད་ཅེས་བཀའ་སྩལ་བ་དང་ཆབས་ཅིག་ཏུ་ཉེ་ལམ་འབྲས་ལྗོངས་ནང་ཆུ་ལོག་གི་གོད་ཆག་ཕོག་པའི་ཁྲོད་འདས་གྲོངས་སུ་གྱུར་བའི་མང་ཚོགས་རྣམས་ལ་གཙོ་བོར་དམིགས་ཏེ་ད་ལྟ་གསོན་པོར་བཞུགས་མཁན་ཀུན་ལ་སེམས་ཀྱི་ཞི་བདེ་ཆེད་མ་ཎི་ཕྲེང་འཁོར་གཅིག་འུར་འདོན་གནང་དགོས་པར་བཀའ་སྩལ་ནས་མགོན་པོ་༸གང་ཉིད་མཆོག་གིས་འདས་གསོན་ཀུན་ལ་སྨན་པའི་ཐུགས་སྨོན་མཚམས་སྦྱོར་མཛད་ཡོད།

དེ་རིང་གི་བཀའ་ཆོས་ཐོག་གཞན་ཡང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ལ་དགའ་བསུའི་འཚམས་འདྲིའི་གསུང་བཤད་དང་མངའ་སྡེ་གཞུང་དང་ས་གནས་བོད་རིགས་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུས་པར་མ་ཟད། སྒང་ཏོག་སྒོར་གཞས་ཚོགས་པ་དང་འབྲས་ལྗོངས་གླུ་གར་སྲུང་སྐྱོབ་ཚོགས་པས་གར་གྱི་མཆོད་པ་ཕུལ་སོང་།

མགོན་པོ་༸གང་ཉིད་མཆོག་གིས་དྲ་ཐོག་བརྒྱུད་འབྲས་ལྗོངས་གཞུང་གིས་མཐུན་འགྱུར་གནང་བའི་འཛུགས་སྐྲུན་གྱི་ལས་གཞི་ཁག་གཅིག་དབུ་འབྱེད་དང་རྩིག་རྨང་འཇོག་གནང་མཛད་ཡོད།

མཛད་འཆར་གཞིགས་ན། སང་ཕྱི་ཚེས་ ༡༣ ཉིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་བཞུགས་གནས་སུ་མངའ་སྡེའི་གཞུང་མང་ནས་ཐུགས་རྗེ་ཆེ་ཞུའི་དགུང་ཚིགས་གསོལ་སྟོན་འདེགས་འབུལ་ཞུ་རྒྱུ་དང་། ཕྱི་ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནུབ་བྷང་གྷལ་ས་ལུ་སྒར་དུ་ཡོད་པའི་སྲད་རྒྱུད་གྲྭ་ཚང་དུ་སེམས་བསྐྱེད་ཀྱི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད།

གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐེངས་འདིའི་འབྲས་ལྗོངས་ནང་གི་ཆིབས་བསྒྱུར་དེ་བཞིན་ལོ་ངོ་ ༡༠ རྗེས་ཀྱི་ཆིབས་བསྒྱུར་ཆེས་ཐོག་མ་དེ་ཆགས་ཡོད་པ་དང་། མངའ་སྡེ་གཞུང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཐོག་མའི་ཆར་མགོན་པོ་༸གང་ཉིད་མཆོག་འདི་ལོའི་ཕྱི་ཟླ་ ༡༠ ནང་ཆིབས་བསྒྱུར་མཛད་གཏན་ཁེལ་ཡོད་ཀྱང་། སྐབས་དེར་འབྲས་ལྗོངས་ནང་ཆུ་ལོག་གི་གོད་ཆག་ཤུགས་ཆེར་བྱུང་བའི་གནད་དོན་ཁྲོད་༸གོང་ས་མཆོག་གི་ཆིབས་བསྒྱུར་གྱི་མཛད་འཆར་དེ་དུས་ཚོད་ངེས་མེད་བར་དུ་ཕྱིར་བཤོལ་མཛད་ཡོད་པ་རེད།

༸སྐུ་པར་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

འབྲེལ་ཡོད་གསར་གནས།

གསར་གནས།