༸གོང་ས་མཆོག་འདི་ལོ་དགུན་དུས་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་སྐུ་བཞུགས་མཛད་གཏན་ཁེལ་འདུག

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་ ༡༢ པའི་ནང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དུ་ཆིབས་བསྒྱུར་གྱིས་གདན་ས་བཀྲ་ཤིས་ལྷུན་པོར་སྐུ་བཞུགས་མཛད་གཏན་ཁེལ་འདུག

དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཁ་ཉིན་ཕྱི་ཚེས་ ༡༧ ཉིན་བཀའ་ཡིག་ཞིག་ཕེབས་དོན་ལྟར།  འདི་ལོ་དགུན་དུས་སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་ག་ལྷོ་ཕྱོགས་སུ་ཆིབས་བསྒྱུར་གྱིས་སྐུ་བཞུགས་མཛད་ཡུལ་དེ་སྔ་ལྟར་དེ་གའི་གདན་སར་ཐུགས་གཏན་འཁེལ་ཡོད་པ་དང་།  ཆིབས་ཐོན་གྱི་ཚེས་གྲངས་སོགས་རྗེས་སོར་རིམ་པས་འབྲེལ་བ་གནང་སྟེ་ཞུ་རྒྱུ་ཡིན་པ་གསུངས་འདུག

གདན་ས་བཀྲ་ཤིས་ལྷུན་པོའི་རིག་གཞུང་འཛིན་སྐྱོང་བླ་སྤྱི་ལྷན་ཁང་ནས་དེ་རིང་ཕྱི་ཚེས་ ༡༩ ཉིན་དེ་འབྲེལ་མང་ཚོགས་ལ་ཕྱག་ཡིག་བརྒྱུད་གསལ་བསྒྲགས་ཤིག་སྤེལ་འདུག་པ་དེའི་ནང་།  ད་ལོའི་དགུན་དུས་ཕྱི་ཟླ་ ༡༢ པའི་ནང་གདན་ས་བཀྲ་ཤིས་ལྷུན་པོར་ཞབས་སོར་འཁོད་རྒྱུར་ཐུགས་གཏན་འཁེལ་ཡོད་སྐོར་དང་འབྲེལ།  ཆིབས་བསྒྱུར་འདི་ནི་རང་ཅག་སྦེལ་ཀོབ་ལུགས་བདེ་གཉིས་གཙོས་ལྷོ་ཕྱོགས་གཞིས་ཆགས་ཁག་གི་སེར་སྐྱ་མི་མང་ཀུན་གྱི་བསོད་ནམས་ཡིན་པ་གསུངས་འདུག

འདི་ག་རླུང་འཕྲིན་ཁང་གི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་མཆོག་ལ་བཀའ་འདྲི་ཞུས་པར་ཁོང་གིས།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་སྔོན་ལ་དྭགས་སུ་སྐུ་ལྷོད་བཞུགས་མཛད་བཞིན་པའི་སྐབས་སུ་དེ་གའི་གདན་ས་བཀྲ་ཤིས་ལྷུན་པོའི་སྐུ་ཚབ་ངོས་ནས་༸གང་ཉིད་མཆོག་ལ་མཇལ་བཅར་གྱིས་འདི་ལོའི་དགུན་དུས་སུ་དེ་གའི་དགོན་སྡེར་ཆིབས་བསྒྱུར་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་ཡོད་པ་ལྟར།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་སྐབས་དེ་དུས་ཞལ་བཞེས་སྩལ་གནང་མཛད་ཡོད་པ་བཞིན།  ཁ་ཉིན་དགའ་ལྡན་ཕོ་བྲང་གི་བཀའ་ཡིག་ཕེབས་དོན་ལྟར།  འདི་ལོ་དགུན་དུས་གདན་ས་བཀྲ་ཤིས་ལྷུན་པོར་ཆིབས་བསྒྱུར་མཛད་གཏན་འཁེལ་ཡོད་སྐོར་གསུངས་སོང་ལ།  འོན་ཀྱང་ད་ལྟའི་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཀྲ་ཤིས་ལྷུན་པོར་ཆིབས་བསྒྱུར་དང་འབྲེལ་ནས་གཏན་འཁེལ་མཛད་འཆར་རིགས་གང་ཡང་མེད་པ་གསུངས་སོང་། 

རྩ་བའི་འདས་པའི་ཕྱི་ལོ་ ༢༠༢༥ ལོའི་འགོ་སྟོད་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་གདན་ས་བཀྲ་ཤིས་ལྷུན་པོར་ཟླ་གཅིག་དང་ཕྱེད་ཀ་ཙམ་རིང་སྐུ་བཞུགས་མཛད་ཡོད་པ་དང་།  སྐབས་དེ་དུས་༸གང་ཉིད་མཆོག་གིས་བོད་མིའི་གཞིས་ཆགས་ཁག་ལྔའི་དགུང་ལོ་ ༦༠ ཡན་གྱི་གཞིས་མི་བགྲེས་སོང་གཙོ་བོར་འགྱུར་བའི་རྒྱ་གར་དབུས་ས་གཉིས་ཀྱི་དཔོན་རིགས་ཁག་གཅིག་དང་ཕྱི་ནང་གི་སྐུ་མགྲོན་རྣམ་པ། དད་ལྡན་སྟོང་ཕྲག་མང་པོར་ཐུགས་བརྩེ་བ་ཆེན་པོས་མང་མཇལ་རིམ་པ་མཛད་ཡོད་པ་མ་ཟད།  དགེ་ལྡན་བྱམས་ཆོས་དང་རིགས་ཚོགས་དགུན་ཆོས་ཆེན་མོར་ཆིབས་བསྒྱུར་མཛད་ཡོད་པ།  དེ་བཞིན་གདན་ས་སེ་ར་བྱེས་སྨད་གྲྭ་ཚང་གཉིས་དང་བཀྲིས་ལྷུན་པོ་མི་སྡེ་ལྷ་སྡེ་བཅས་ཀྱི་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཁྲོད་༸གོང་ས་མཆོག་གིས་སེར་སྐྱ་མང་ཚོགས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་སྩལ་ཡོད་པ་རེད། 

ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་སྐབས་དེ་དུས་སྦོལ་ཀོབ་ནས་རྒྱང་ཐག་སྤྱི་ལེ་ ༥༠ ཙམ་གྱི་སར་ཆགས་པའི་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ནང་རྟེན་གཞི་བྱས་པའི་དཔལ་ལྡན་གསང་ཆེན་སྨད་རྒྱུད་གྲྭ་ཚང་དུ་ཆིབས་བསྒྱུར་གྱིས་དེ་གར་ཉིན་གཉིས་རིང་སྐུ་བཞུགས་མཛད་ཡོད་པ་དང་།  དེའི་ཁྲོད་རྒྱུད་སྨད་གྲྭ་ཚང་ནས་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་།  དཔལ་ལྡན་སྨད་རྒྱུད་པའི་བཤད་སྒྲུབ་འཆད་ཉན་གྱི་བསྟན་པའི་བདག་པོར་མངའ་གསོལ་བའི་གཟེངས་རྟགས་ཤིག་ཀྱང་འདེགས་འབུལ་ཞུས་ཡོད་པ་རེད། 

འབྲེལ་ཡོད་གསར་གནས།

གསར་གནས།