བཞུགས་སྒར་དུ་༸རྒྱལ་བའི་འཕྲོད་བཞེས་སླད་ཆོས་ལུགས་རིས་མེད་ཀྱི་མཆོད་འབུལ་འཚོགས་པ།

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

བཞུགས་སྒར་རྡ་རམ་ས་ལར་ཆོས་ལུགས་རིས་མེད་ཀྱི་སྐུ་ཚབ་ཁག་གཅིག་ལྷན་འཛོམས་ཐོག ༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་གསལ་ཐང་དང་མགོན་པོ་༸གང་ཉིད་སྐུ་ཚེ་ཞབས་པད་བརྟན་ཕྱིར་མཆོད་འབུལ་སྨོན་ལམ་འཚོགས་འདུག

Dharamsala hosts interfaith prayers for Dalai Lama’s health & well-being

དེ་ཡང་དེ་རིང་ Tribune གསར་ཁང་གི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཆོས་ལུགས་མཐུན་འབྲེལ་དང་འཛམ་གླིང་ཞི་བདེ་སླད་རྡ་རམ་ས་ལའི་ཧིན་རྡུའི་ཚོགས་པས།  ཁ་སང་རེས་གཟའ་ཉི་མའི་ཉིན་ཀ་ཅ་རིར་རྟེན་གཞི་བྱས་པའི་ Hanuman ལྷ་ཁང་གི་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་སྔར་ལས་གསལ་ཐང་དང་མགོན་པོ་༸གང་ཉིད་མཆོག་སྐུ་ཚེ་ཞབས་པད་བརྟན་ཕྱིར་ཧིན་རྡུའི་ཆོས་ལུགས་ཀྱི་ལམ་ལུགས་ལྟར་ Havan Puja འམ་སྦྱིན་སྲེག་གི་ཆོ་ག་གོ་སྒྲིག་ཞུས་པ་མ་ཟད།  རྡ་སའི་ཉེ་འཁོར་གྱི་ཆོས་ལུགས་རིས་མེད་ཀྱི་སྐུ་ཚབ་རྣམ་པ་གདན་ཞུས་ཀྱིས་དམིགས་བསལ་མཆོད་འབུལ་གོ་སྒྲིག་ཞུས་པ་དང་།  སྐབས་དེར་ནང་པ་དང་།  ཧིན་རྡུ། དེ་བཞིན་ཡི་ཤུ་སོགས་ཆོས་ལུགས་རིས་མེད་ཀྱི་སྐུ་ཚབ་རྣམས་ལྷན་འཛོམས་གནང་འདུག

སྨོན་ལམ་སྐབས་ཧི་མ་ཅལ་མངའ་སྡེའི་སློབ་གྲྭའི་ཤེས་ཡོན་སྡེ་ཚན་གྱི་ཚོགས་གཙོ་དང་སྨོན་ལམ་གསུང་འདོན་གྱི་གོ་སྒྲིག་པའི་གཙོ་འགན་བཞེས་མཁན་སྐུ་ཞབས་ Dr. Rajesh Sharma ལགས་ཀྱིས།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་མཛད་པ་འཕྲིན་ལས་དེ་བཞིན་འཛམ་གླིང་ཞི་བདེ་དང་བྱམས་བརྩེ། འཚེ་བ་མེད་པ། དེ་བཞིན་འགྲོ་བ་མིའི་རིན་ཐང་སོགས་ཀྱི་ཐོག་ནས་མཚོན་པར་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་དང་སྦྲགས།  ཆོས་ལུགས་མཐུན་སྒྲིལ་དང་འགྲོ་བ་མིའི་རིན་ཐང་བཅས་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱེད་དམ་བཅའ་གཙོ་བོ་ཞིག་ཡིན་པ་གསལ་སྟོན་གནང་བ་མ་ཟད།  རྒྱ་གར་གྱི་Vasudhaiva Kutumbakam ཞེས་པའི་ལྟ་གྲུབ་ལུང་འདྲེན་གྱིས་ཆོས་དང་དད་པ་བྱེད་ས་མི་འདྲ་བ་ཡོད་ཀྱང་། འགྲོ་བ་མིའི་རིན་ཐང་དང་བྱམས་བརྩེ།  དེ་བཞིན་སྙིང་རྗེ་བཅས་ནི་མིའི་དགོས་མཁོ་གིཅག་འགྱུར་ཡིན་པ་དང་དེ་ནི་མཐུན་སྒྲིལ་གྱི་གཞི་རྩ་ཡིན་པ་ནན་བརྗོད་གནང་འདུག

མ་ཟད་སྐུ་ཞབས་ Dr. Rajesh Sharma ལགས་ཀྱིས་ཚོགས་ལུགས་ཀྱི་ལས་འགུལ་བརྒྱུད་ནས་སྤྱི་ཚོགས་ལ་ཕན་ཐོགས་དང་མཐུན་སྒྲིལ་ཡོང་དགོས་པ་དང་། ད་ལྟའི་ཆར་འཛམ་གླིང་ནང་རྙོག་གླེང་དང་འཁྲུག་རྩོད་འབྱུང་བཞིན་པའི་སྐབས་དེར་བྱམས་བརྩེ་དང་ཞི་བདེའི་བསླབ་བྱ་ནི་སྔར་ལས་དགོས་གལ་ཆེ་བ་ཞིག་ཡིན་པ་མ་ཟད། མ་འོངས་གཞོན་སྐྱེས་རྣམས་ལའང་ཆོས་ལུགས་རིས་མེད་ལ་གུས་བརྩི་ཞུ་དགོས་པའི་སློབ་གསོ་སྤྲད་དགོས་པ་གསུངས་འདུག

རྩ་བའི་སྨོན་ལམ་གསུང་དོན་དེ་བཞིན་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་གསལ་ཐང་དང་མགོན་པོ་༸གང་ཉིད་མཆོག་སྐུ་ཚེ་ཞབས་པད་བརྟན་ཕྱིར་འཚོགས་གནང་བ་ཞིག་ཡིན་པ་མ་ཟད།  གོ་ལ་ཡོངས་ལ་བྱམས་བརྩེ་དང་ཞི་བདེ།  དེ་བཞིན་ཆོས་ལུགས་མཐུན་སྒྲིལ་བཅས་ཀྱི་ཆེད་དུ་འཚོགས་གནང་བ་ཞིག་དང་།  ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞི་ཡོད་པ་ལས་གཉིས་པ་ནི་འཛམ་གླིང་ནང་གི་ཆོས་ལུགས་ཚང་མ་མཐུན་སྒྲིལ་ཡོང་རྒྱུ་དེ་ཡིན་པ་དང་འབྲེལ།  སྨོན་ལམ་དེའི་བརྒྱུད་ནས་ཆོས་ལུགས་མཐུན་སྒྲིལ་ཡོང་རྒྱུར་དམིགས་པ་ཞིག་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།