Tibetan Royal Year of 2151 | Year of the Wood Dragon

Estonia འི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོ་ཁག་བོད་མིིའི་སྒྲིག་འཛུགས་ཀྱི་ལྟེ་གནས་ལ་བསྐྱོད་པར་རྒྱ་ནག་གི་སྐྱོན་བརྗོད།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

དེ་རིང་ཕྱི་ཟླ་ ༩ པའི་ཚེས་ ༢ ཉིན་བཞུགས་སྒར་རྡ་རམ་ས་ལར་ཚོགས་པའི་བོད་ཀྱི་མང་གཙོའི་དུས་དྲན་ཐེངས་ ༦༤ པའི་གཞུང་འབྲེལ་མཛད་སྒོའི་ཐོག Estonia འི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དབུས་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་ནས་ལྷན་བཞུགས་གནང་བ་ལྟར། Estonia འི་རྒྱལ་ས་ Tallinn ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་ནས་ཡུལ་དེའི་ཕྱི་སྲིད་ལས་ཁུངས་དང་གྲོས་ཚོགས་བཅས་ལ་ཆེད་དུ་ཡི་གེ་བཏང་སྟེ་གནད་དོན་དེར་སེམས་འཚབ་དང་འབྲེལ་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག

Estonia

དེའང་རྒྱ་ནག་གི་གཞུང་ཚབ་ཁང་གིས་ཡི་གེ་དེའི་ནང་། བོད་ལ་དབྱིན་སྐད་ཐོག་ Tibet ཞེས་པའི་ཚབ་ཏུ་ Xizang ཞེས་པའི་ཐ་སྙད་བཀོལ་སྤྱོད་དང་འབྲེལ། Xizang ཟེར་བ་དེ་ནི་གནའ་རབས་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། བཙན་བྱོལ་བོད་གཞུང་ཟེར་བ་དེ་ནི་ཆབ་སྲིད་ཀྱི་ཁ་བྲལ་ཤོ་ཁག་ཞིག་དང་རྒྱ་ནག་གི་རྩ་ཁྲིམས་ལས་འགལ་བའི་སྒྲིག་འཛུགས་ཤིག་ཡིན་པའི་སྐྱོན་འཛུགས་བྱས་པ་མ་ཟད། ༸གོང་ས་མཆོག་ཀྱང་བཙན་བྱོལ་དུ་བོད་དེ་བཞིན་རྒྱ་ནག་ནས་ཁ་བྲལ་གྱི་ལས་འགུལ་སྤེལ་མཁན་ཆབ་སྲིད་ཀྱི་བཙན་བྱོལ་བ་ཞིག་ཡིན་པའི་སྐྱོིན་འཛུགས་བྱས་འདུག

ཡི་གེ་དེའི་ནང་ Estonia འི་གཞུང་གིས་རྒྱ་ནག་ལ་བོད་དེ་བཞིན་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། བོད་རང་བཙན་ལ་རྒྱབ་སྐྱོར་གྱི་ལས་འགུལ་རིགས་ལ་རྒྱབ་སྐྱོར་བྱ་རྒྱུ་མེད་པའི་ཁས་ལེན་བྱས་ཡོད་པ་དྲན་སྐུལ་དང་འབྲེལ། ཡུལ་དེའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཁག་གཅིག་བཙན་བྱོལ་བོད་གཞུང་གི་ལྟེ་གནས་ལ་བསྐྱོད་པ་དེ་ནི་ཁས་ལེན་དེ་དག་ལ་རྩིས་མེད་རྡོག་རོལ་དང་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་བྱུས་ཤིག་ཆགས་ཀྱི་ཡོད་པ་བརྗོད་འདུག

Estonia

རྒྱ་ནག་གི་གཞུང་ཚབ་ཁང་གིས་ད་དུང་ཡི་གེ་དེའི་བརྒྱུད་ Estonia འི་ཕྱི་སྲིད་ལས་ཁུངས་ནས་ཡུལ་དེའི་གྲོས་ཚོགས་ལ་རྒྱ་ནག་གི་བདག་དབང་དང་ས་ཁོངས་གོང་བུར་བརྩི་བཀུར་ཞུ་དགོས་པ་མ་ཟད། བོད་ཀྱི་གནད་དོན་ཐད་ཡིག་ངག་གཉིས་ཀའི་ཐོག་ཡིད་གཟབ་དང་བཙན་བྱོལ་བོད་གཞུང་ཟེར་བ་དང་ལྷན་དུ་འབྲེལ་བ་ཅི་འདྲ་ཞིག་ཀྱང་བྱ་རྒྱུ་མེད་པའི་སྐུལ་དེད་བཏང་དགོས་པའི་ནན་སྐུལ་བྱས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།