Tibetan Royal Year of 2151 | Year of the Wood Dragon

གསེར་རྟ་བླ་རུང་སྒར་གཏོར་བཤིག་གི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་དང་ཞུ་འབོད་ཀྱི་ལས་འགུལ་སྤེལ་བ།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

ཁ་སང་ཟླ་ ༡༠ ཚེས་ ༡༩ ཉིན་ Global Day of Action For Larung Gar ཞེས་རྒྱ་གཞུང་གིས་བོད་གསེར་རྟ་བླ་རུང་སྒར་གཏོར་བཤིག་གི་ཛ་དྲག་གནས་བབ་ལ་རྒྱལ་སྤྱིའི་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོ་ཞེས་སྲུང་བརྩི་ཞུས་པའི་ཁྲོད། འཛམ་གླིང་རྒྱལ4་ཁབ་ཁག་ ༡༢ ནང་གི་གྲོང་ཁྱེར་ ༢༧ ཙམ་གྱི་ནང་དུ་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་དང་ངོ་རྒོལ་སྐད་འབོད་སོགས་ལས་འགུལ་རྣམ་པ་འདྲ་མིན་གྱི་ཐོག་ནས་གསེར་རྟ་བླ་རུང་སྒར་དུ་ཛ་དྲག་གི་ལས་གཞི་སྤེལ་བཞིན་པ་འཕྲལ་མར་མཚམས་འཇོག་དགོས་པའི་ལས་འགུལ་རྒྱ་ཆེ་སྤེལ་གནང་འདུག

དེའང་ཁ་སང་ཕྱི་དྲོ་དྷ་རྨ་ས་ལ་དང་ལྡི་ལི། བྱང་ཨ་རི་ནང་གི་གྲོང་ཁྱེར་ ༦ དང་ལྷོ་ཨ་རི་ནང་གི་གྲོང་ཁྱེར་ ༩ དང་ཡུ་རོབ་རྒྱལ་ཁབ་འདྲ་མིན་གྱི་གྲོང་ཁྱེར་ ༨ དེ་བཞིན་ཨེ་ཤེ་ཡ་ནང་གི་ཉི་ཧོང་དང་ཐེ་ཝན་སོགས་འ8ཛམ་གླིང་ཕྱོགས་གང་སར་ཆོས་འབུལ་སྨོན་ལམ་དང་ངོ་རྒོལ་སྐད་འབོད་སོགས་ཀྱི་བརྒྱུད་རྒྱ་གཞུང་གིས་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གཏོར་བཤིག་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་འདི་བཞིན་ཛ་དྲག་གི་ལས་གཞི་འཕྲལ་མར་མཚམས་འཇོག་དགོས་པ། དེ་ནི་བོད་མིའི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་གསལ་བཏོན་གྱིས་ཡིག་ངག་གཉིས་ཀྱི་ཐོག་ནས་ཡུལ་སོ་སོའི་མང་ཚོགས་ལ་གོ་རྟོགས་སྤེལ་བ་དང་། རྒྱལ་སྤྱིའི་རང་དབང་ལྡན་པའི་ཚོགས་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོས་རྒྱ་གཞུང་ལ་དགོན་པ་གཏོང་བཤིག་གི་ལས་དོན་སྤེལ་བཞིན་པ་གང་མྱུར་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་དགོས་པར་ཆེས་ཛ་དྲག་གི་འབོད་སྐུལ་ཞུས་འདུག

དེ་མཚུངས་སུ་ཁ་སང་ཨ་རིའི་གྲོས་ཚོགས་ཀྱི་ Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ JimMcgovern ལགས་དང་ Joseph Pitts ལགས་རྣམ་གཉིས་ཀྱིས་ཡུལ་དེའི་རྒྱ་ནག་གཞུང་ཚབ་བརྒྱུད་རྒྱ་ནག་ལ་ཕྱག་བྲིས་ཤིག་ཕུལ་བའི་ནང་རྒྱ་14671080_10154118050477582_1557433056447619849_nནག་གཞུང་གི་ངོས་ནས་བླ་རུང་སྒར་གཏོར་བཤིག་གི་ལས་དོན་ཐོག་རྟོག་ཞིབ་ནན་པོ་བྱེད་དགོས་པ་དང་། བོད་མི་ཚོར་ཆོས་དད་རང་དབང་སྤྲོད་དགོས་སྐོར་གསུངས་པ་དང་འབྲེལ་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ངོས་ནས་གནད་དོན་དེའི་ཐོག་ཞིབ་འཇུག་མུ་མཐུད་བྱེད་བཞིན་ཡོད་སྐོར་སོགས་གསུངས་འདུག

དེ་བཞིན་ཡང་ཨ་རིའི་ Massachusetts མངའ་ཁུལ་གྱི་ North Hampton གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ David J. Narkewicz ལགས་ཀྱིས་ North Hampton གྲོང་ཁྱེར་གྱི་ངོས་ནས་བླ་རུང་སྒར་ལ་རྒྱལ་སྤྱིའི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་ཡོད་པའི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་པའི་ན0ང་བླ་རུང་སྒར་གཏོར་བཤིག་དང་བཙན་དབང་གིས་སློབ་གཉེར་བ་ཕྱིར་ཕུད་བྱས་ཡོད་པའི་གནད་དོན་དེས་རྒྱ་གཞུང་གིས་བོད་མིའི་ཆོས་ཕྱོགས་ཀྱི་གནང་སྒོར་དམ་བསྒྲགས་བྱེད་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་པ་མངོན་གསལ་གནང་འདུག

ཁོང་ནས་ད་རེས་རྒྱ་ནག་ཐབས་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་མིང་ཐོག་ལ་ཕུལ་བའི་ཞུ་སྙན་ཐོག་དགའ་སྤོབས་ཆེན་པོས་མཚན་རྟགས་བཀོད་གནང་འདུག

རྩ་བའི་རྒྱ་གཞུང་གིས་ལས་གཞི་དེའི་ཁྲོད་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་བཙུན་ ༢༢༠༠ ཐམ་པ་ཕྱིར་ཕུད་བྱས་ཏེ་སང་ཕོད་ནང་དགོན་པའི་གྲྭ་བཙུན་ཁྱོན་ ༥༠༠༠ ལ་ཚོང་འཛིན་བྱ་གཏན་འཁེལ་ཡོད་པ་རེད་འདུག

 

འབྲེལ་ཡོད་གསར་གནས།

གསར་གནས།