བླ་རུང་སྒར་དུ་གཏོར་བཤིག་གྱི་རླབས་རྒྱུན་གསར་པ་དེ་རྔོན་པས་སྲོག་ཆགས་གསོད་པར་གྲ་སྒྲིག་བྱེད་པ་དང་འདྲ་བ་ཡིན་སྐོར་ཉེན་བརྡ།

Tibetan News Headlines

  • Kharchu Pema Garbha Dharma Centre and All Himalayan Buddhists Salbari offers ‘Tenshug’ to the Dalai Lama
  • Tibetans Attempt to Stop Poaching by Chinese Police Officers; reprimanded by Local Officers
  • China Orders Removal of Former Abbot Lobsang Tenpa from Ragya Monastery’s Abbot Lineage
  • Chinese Authorities Coerce Tibetans in Ngari into Mandatory Road Construction
  • 2026 Tibet Forum Calls for Repeal of China’s Ethnic Unity Law in Five-Point Declaration
  • Chinese Official Sentenced to Death over Disclosure of State Secrets to Foreign Intelligence
  • Alalamo: New Gorshey Song “Kowa Laso” by Tenzin Yeshi  (Yema) and Tenzin Dolma

ཪེས་གཟའ་མིག་དམར། ༢༠༢༦།༡༡།༢༤

  • ༸གོང་ས་མཆོག་ལ་མཁར་ཆུ་པདྨ་གརྦྷ་ཆོས་ཚོགས་ཀྱི་ངོས་ནས་བརྟན་བཞུགས་བསྟར་འབུལ།
  • རྒྱ་མི་ཉེན་རྟོགས་པས་བོད་ཀྱི་སྟོང་ལ་ཉེ་བའི་རི་བདག་ལ་རྔོན་རྒྱག་པར་ས་གནས་བོད་མིས་ངོ་རྒོལ།
  • མགོ་ལོག་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་དགོན་པ་དེ་ཉིད་ཀྱི་མཁན་རབས་ནས་ཕྱིར་འཐེན་དགོས་པའི་བཙན་བཀའ་བཏང་འདུག
  • མངའ་རིས་ས་ཁུལ་གྱི་ཡུལ་མི་རྣམས་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་ནང་བཙན་སྐུལ་བྱེད་བཞིན་པ།
  • མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ཕྱིར་འཐེན་དགོས་པ་སོགས་ཀྱི་དོན་ཚན་ལྔ་གཏེན་འབེབས་ཐོག་ ༢༠༢༦ ལོའི་གངས་ལྗོངས་གླེང་སྟེགས་ཚོགས་འདུ་མཇུག་སྒྲིལ།
  • རྒྱལ་ཁབ་ཀྱི་གསང་བ་མཁོ་སྤྲོད་བྱས་རྐྱེན་རྒྱ་གཞུང་གི་ལས་བྱེད་ཅིག་ལ་སྲོག་ཐོག་ཁྲིམས་ཐག་བཅད་པ།
  • ཨ་ལ་ལ་མོ་ལེ་ཚན། སྒྱུ་རྩལ་བ་བསྟན་འཛིན་ཡི་ཤེས་ལགས་དང་ལྷན་ཀོ་བ་ལ་སོ་ཞེས་པའི་སྒར་གཞས་གསར་པའི་སྐོར་བཅར་འདྲི།

རྒྱ་ནག་གཞུང་གིས་བོད་ཤར་ཕྱོགས་སུ་ཡོད་པའི་འཛམ་གླིང་ནང་གི་བོད་བརྒྱུད་ནང་བསྟན་གྱི་བཤད་གྲྭ་ཆེ་ཤོས་གསེར་རྟ་བླ་རུང་སྒར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིོག་འོག་ཆབ་སྲིད་སློབ་གསོ་ཞེས་པ་བཙན་འགེལ་གྱིས་ལག་བསྟར་བྱས་པ་དང་བསྟུན།  གྲ་བཙུན་གྱི་སྡོད་ཁང་གཏོར་བཤིག་གྱི་རླབས་རྒྱུན་གསར་པ་ཞིག་སྤེལ་བཞིན་ཡོད་པའི་ཁྲོད།  བླ་རུང་སྒར་དགོན་པའི་དཔེ་ཁྲིད་དགེ་རྒན་བགྲེས་པ་ཞིག་གིས་སྔ་ས་ནས་གྲྭ་བཙུན་རྣམས་ལ་ད་ལྟའི་གཏོར་བཤིག་གི་ལས་འགུལ་སྤེལ་མཁན་དབང་འཛིན་པ་ཚོ་ནི་རྔོན་པས་སྲོག་ཆགས་གསོད་པར་གྲ་སྒྲིག་བྱེད་པ་དང་འདྲ་འདུག་ཅེས།  ལས་འགུལ་དེ་ནི་ཁ་ཁུ་སིམ་པོའི་ཐོག་མོ་མངོན་པར་བྱས་ཏེ་གློ་བུར་དུ་མདའ་གཅིག་འཕེན་པ་དང་གཅིག་མཚུངས་ཡིན་པའི་ཉེན་བརྡ་བཏང་འདུག

Like a hunter preparing to kill an animal’: Source on New Wave of Demolitions at Larung Gar
Photo: Tibet Watch

དེ་ཡང་ཟླ་བ་སྔོན་མ་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་རྒྱ་གཞུང་གིས་བོད་ཁམས་དཀར་མཛེས་གསེར་རྟ་རྫོང་དུ་ཆགས་པའི་བླ་རུང་སྒར་ནང་བསྟན་སློབ་གླིང་དུ་གྲྭ་ཤག་བསྐྱར་དུ་གཏོར་བཤིག་གི་ལས་དོན་འགོ་འཛུགས་བྱས་ཡོད་པ་མ་ཟད། གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་རང་སོ་སོའི་ཕ་ཡུལ་གྱི་དགོན་པ་སོགས་ལ་ཕྱིར་ལོག་བྱ་དགོས་པ་ལས། མུ་མཐུད་བླ་རུང་སྒར་ལ་སྡོད་མི་ཆོག་པའི་བཀའ་ཁྱབ་བཏང་བ་དང་། ད་དུང་ཁུལ་དེའི་གྲྭ་བཙུན་གཙོས་ཡུལ་མི་རྣམས་ལ་དམ་དྲག་དང་། ས་གནས་གཞན་གྱི་མཆོད་མཇལ་བ་རྣམས་དགོན་པའི་ནང་མི་གཏོང་བར་དམ་དྲག་ཤུགས་ཆེན་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།

ཁ་སང་ཕྱི་ཚེས་ ༡༡ ཉིན་བོད་གནས་ལྟ་ཞིབ་ཁང་གིས་རང་གི་དྲྭ་གནས་ཐོག་བླ་རུང་སྒར་གཏོར་བཤིག་དང་འབྲེལ་བའི་གནས་ཚུལ་གསར་པ་ཞིག་སྤེལ་བའི་ནང་།   ཕྱི་ཟླ་ ༧ པའི་ནང་བྱས་འགོ་བརྩམས་པའི་གཏོར་བཤིག་གི་ལས་གཞི་དེའི་རྨང་གཞིའི་འཐབ་བྱུས་དེ་བཞིན་ཟླ་བ་གསུམ་གྱི་སྔོན་ལ་ལྟེ་གནས་ཁང་དུ་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་ལག་བསྟར་འོག་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་དགོས་པའི་ཆབ་སྲིད་སློབ་གསོའི་བརྒྱུད་ནས་བཏིང་ཟིན་པ་དང་།  བྱ་འགུལ་དེའི་ཆ་ཤས་སུ་འདས་པའི་ཕྱི་ཟླ་ ༤ པའི་ནང་རྒྱ་ནག་དཔོན་རིགས་ཚོས་གྲ་ཤག་ཁག་ཏུ་སྐོར་སྐྱོད་ཀྱིས་དགེ་འདུན་པ་ ༤༠༠ ལྷག་དམིགས་འབེན་དུ་བཟུང་ནས་གཞུང་འབྲེལ་སྲིད་བྱུས་དང་རྒྱལ་སྲུང་གོ་རྟོགས་སྤེལ་གྱི་ཡོད་ཁུལ་གྱིས་དེ་དག་ལ་སྐུལ་འདེད་གཏོང་ཆེད་རྒྱལ་ཁབ་བདེ་འཇགས་ཀྱི་ལག་དེབ་དང་སྦྱར་ཡིག་སོགས་དྲིལ་བསྒྲགས་ཀྱི་རྒྱུ་ཆ་བརྒྱ་ཕྲག་མང་པོ་བཀྲམ་ཡོད་པ་རེད་འདུག

མ་ཟད་བཙན་བྱོལ་དུ་ཡོད་པའི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས།  ཟླ་སྔོན་མའི་ནང་བླ་རུང་སྒར་གཏོར་བཤིག་གི་བྱ་འགུལ་འགོ་འཛུགས་མ་བྱས་སྔོན་དུ།  དགོན་པའི་དཔེ་ཁྲིད་དགེ་རྒན་བགྲེས་པ་ཞིག་གིས་གྲྭ་བཙུན་ཚོར།  མི་འགའ་ཤས་ཀྱིས་ད་ལྟ་དུས་ཚོད་ཞི་འཇམ་ཞིག་ཏུ་སྣང་གི་ཡོད་པར་དོན་དག་ཚབས་ཆེན་རིགས་གང་ཡང་འབྱུང་གི་མ་རེད་ཅེས་བསམ་སྲིད་ཀྱང་།  འདི་ལྟ་བུའི་ཞི་འཇམ་གྱི་གནས་སྟངས་ནི་གྲ་སྒྲིག་གི་དུས་ཚོད་ཅིག་ཡིན་པ་ལས། དོན་དག་གང་ཡང་མེད་པའི་དོན་མིན་ཞེས།  ཆེས་སེམས་འཚབ་བྱ་དགོས་པའི་དུས་ནི་ཡོད་ཚད་ལྷིང་འཇགས་ཡིན་པའི་སྐབས་དེ་ཡིན་པ་དང་།  དེ་ནི་རྔོན་པ་ཞིག་གིས་སྲོག་ཆགས་གསོད་པར་གྲ་སྒྲིག་བྱེད་པ་དང་འདྲ་སྟེ།  གློ་བུར་དུ་མདའ་གཅིག་གློད་པའི་སྔོན་དུ་ཁ་ཁུ་སིམ་པོར་མི་མངོན་པར་བྱེད་ཀྱི་ཡོད་པ་དཔེ་མཚོན་དུ་བཀོད་དེ།  ད་ལྟའི་ཆར་ཚང་མས་ངང་སྒུག་གིས་བཟོད་བསྲན་བྱ་དགོས་སྐོར་གསུངས་ཡོད་པ་མངོན་གསལ་གནང་འདུག

Like a hunter preparing to kill an animal’: Source on New Wave of Demolitions at Larung Gar
Photo: Tibet Watch

སྤྱིར་གསེར་རྟ་བླ་རུང་སྒར་དང་བོད་ཤར་ཕྱོགས་ཀྱི་དགོན་སྡེ་གལ་ཆེན་གཞན་ཡ་ཆེན་སྒར་དུ་ཕྱི་ལོ་ ༡༩༨༠ ཙམ་ནས་དགོན་པ་གསར་འཛུགས་རྗེས་ད་བར་ནང་ཆོས་བསླབ་པ་སློབ་གཉེར་ཆེད་དུ་རྒྱ་རིགས་ནང་བསྟན་ཉམས་ལེན་པ་སྟོང་ཕྲག་མང་པོ་འབྱོར་ཡོད་པ་དང་།  ལྟེ་གནས་དེ་དག་གིས་བོད་རྒྱ་གཉིས་ཀྱི་སྤྱི་ཚོགས་ཕན་ཚུན་འབྲེལ་མཐུད་ཀྱི་ཕྱག་ལས་ཀྱང་གནང་ཡོད་རུང་།  ཕྱི་ལོ་ ༢༠༠༡ ལོར་བླ་རུང་སྒར་གཏོར་བཤིག་གི་བྱ་འགུལ་ཐེངས་དང་པོའི་སྐབས་ཐོག་མ་རྒྱ་རིགས་ནང་པའི་གྲྭ་བཙུན་རྣམས་ཕྱིར་འབུད་བཏང་ཡོད་པ་མ་ཟད།  ད་ལྟའང་ཁུལ་དེར་ཡུལ་སྐོར་སྤྲོ་འཆམ་ལ་བསྐྱོད་མཁན་རྒྱ་རིགས་ཚོར་དམིགས་བསལ་གྱི་དམ་དྲག་ཇེ་ཤུགས་ཆེ་རུ་གཏོང་གི་ཡོད་པ་དང་།  འདས་པའི་ཕྱི་ཟླ་ ༦ པའི་ཚེས་ ༣༠ ཉིན་རྒྱ་རིགས་ཡུལ་སྐོར་བ་གཅིག་གིས་སྤྱི་ཚོགས་དྲྭ་ལམ་ཐོག་བརྙན་ཐུང་ཞིག་གི་བརྒྱུད་སྤྲོ་འཆམ་པ་ཚོར་ད་ཆ་བླ་རུང་སྒར་གྱི་ཁོར་ཡུག་གཙོ་བོའི་ནང་འཛུལ་ཞུགས་བྱེད་ཆོག་གི་མི་འདུག་ཅེས་ཕྱི་ལོ་ ༢༠༢༦ ལོའི་གསེར་རྟ་བླ་རུང་སྒར་གྱི་གནས་སྟངས་བསྡོམས་བརྒྱབ་ན།  ས་ཁུལ་དམ་དྲག་དང་།  དུས་ཚོད་དམ་དྲག  ཐ་ན་སྤྱི་སྤྱོད་རླངས་འཁོར་གྱི་དུས་ཚོད་རེའུ་མིག་ལའང་དམ་དྲག་ཡོད་པ་མངོན་གསལ་གནང་འདུག

ལྷག་པར་དུ་བོད་གནས་ལྟ་ཞིབ་ཁང་ལ་གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལྟར་ན།  བླ་རུང་སྒར་གྱི་གྲྭ་བཙུན་རྣམས་ད་ཆ་སྡོད་ཁང་གཏོར་བཤིག་གི་ཤུགས་རྐྱེན་འོག་ཐེབས་བཞིན་པ་མ་ཟད།  དོ་དག་རྣམས་ལ་རྒྱ་གཞུང་གིས་བཙན་བཀའ་བཏང་བ་ལྟར་རང་ཡུལ་སོ་སོའི་དགོན་པའི་ནང་ཕྱིར་ལོག་དགོས་ཀྱི་ཡོད་པར།  ཐབས་བྱུས་དེ་ནི་བླ་རུང་སྒར་དུ་གྲྭ་བཙུན་གྱི་གྲངས་འབོར་ཉུང་དུ་གཏོང་ཆེད་དུ་དམིགས་པ་ཞིག་མ་ཡིན་པར། དེ་ནི་དགོན་པའི་ནང་གི་དགེ་རྒན་དང་སློབ་མའི་དབར་གྱི་བླ་སློབ་ཀྱི་འབྲེལ་བ་མེད་པ་བཟོས་ནས་དགོན་པའི་གནས་བབ་ལ་གནོད་སྐྱོན་གཏོང་ཆེད་དུ་ཡིན་པ་གསལ་འདོན་ཙམ་མ་ཟད།  དགོན་པ་ནས་ཕྱིར་ལོག་ཟིན་པའི་གྲྭ་བཙུན་རྣམས་སྔར་ལྷག་སྲིད་གཞུང་གི་ཆབ་སྲིད་སློབ་གསོའི་བྱ་འགུལ་ནང་མཉམ་ཞུགས་བྱེད་དུ་བཅུག་གི་ཡོད་པ་ཐེར་འདོན་གནང་འདུག

མ་ཟད་འདས་པའི་ལོ་ནས་བཟུང་།  རྒྱ་ནག་དབང་འཛིན་པ་ཚོས་བླ་རུང་སྒར་དུ་དགེ་འདུན་པ་ཉར་ཆོག་པའི་གྲངས་ཚད་ ༡༠༠༠ དང་བཙུན་མའི་གྲངས་ཚད་ ༣༥༠༠ གཏན་འབེབས་བྱས་ཡོད་པ་དང་།  གྲངས་ཚད་དེ་ལས་བརྒལ་བའི་གྲྭ་བཙུན་ཚང་མ་ཕྱིར་འབུད་བཏང་ཟིན་ཡོད་པ་དེ་ལྟར་ཡང་།  དེ་སྔ་ཕྱི་ལོ་ ༢༠༡༦ ལོར་རྒྱ་གཞུང་གིས་བླ་རུང་སྒར་དུ་གྲྭ་བཙུན་ཉར་ཆོག་པའི་གྲངས་ཚད་དེ་ ༥༠༠༠ གཏན་འབེབས་བྱས་ཡོད་པ་དེ།  ད་ཆ་ཁྱོན་བསྡོམས་པའི་གྲྭ་བཙུན་གྱི་གྲངས་ཚད་ ༤༥༠༠ དེ་བཞིན་དེ་སྔོན་གྱི་གཏན་འབེབས་གྲངས་ཚད་ལས་ཉུང་བ་ཡིན་དུས།  དེས་འདས་པའི་ལོ་བཅུ་ལྷག་གི་ནང་རྒྱ་གཞུང་གིས་བླ་རུང་སྒར་གྱི་གྲྭ་བཙུན་ཉུང་དུ་གཏོང་རྒྱུའི་བྱུས་ངན་དེ་གཏན་འབེབས་ཀྱི་གྲངས་ཚད་ལས་རིམ་པས་མང་དུ་གཏོང་ཉེན་ཡིན་པ་མཚོན་གྱི་ཡོད་པ་གསུངས་འདུག

རྩ་བའི་རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་དུ་སྔོན་ཆད་སྡོད་ཁང་དང་གྲྭ་བཙུན་མང་དྲགས་པའི་རྒྱུ་མཚན་གྱིས་བདེ་འཇགས་མེད་ལུགས་དང་། གཞུང་ལམ་འཛུགས་སྐྲུན་གྱི་ལས་འཆར་སོགས་ལ་ཁ་གཡར་ནས་སྡོད་ཁང་གཏོར་བཤིག་བཏང་ཡོད་པ་གང་ལྟར་ཡང་།  འདི་ག་རླུང་འཕྲིན་ཁང་ལ་ཉེ་སྔོན་འབྲེལ་ཡོད་གནས་ཚུལ་ཡོང་ཁུངས་ཞིག་གིས་གསུངས་པ་ལྟར་ན། ཐེངས་འདིའི་གཏོར་བཤིག་ལས་གཞི་དེ་ནི་བླ་རུང་སྒར་དུ་སྐྱེད་མོས་ཚལ་དང་། མེ་ཏོག་ལྡུམ་ར་བཟོ་བསྐྲུན་ཆེད་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།