Tibetan Royal Year of 2151 | Year of the Wood Dragon

Lipulekh ལའི་འཕགས་བོད་ཚོང་ལམ་སྒོ་མོ་དབྱེ་དགོས་པའི་ཞུ་སྐུལ།

Tibetan News Headlines

  • More than 1700 Tibetan monks in Ngaba forced to attend boarding school
  • Uzra Zeya, Pema Khandu join well-wishers in wishing the Dalai Lama a speedy recovery
  • Dharamshala hosts Tibetan youth convention to foster Tibetan democracy
  • Uttarakhand CM visits Dhondupling Clement town to hear Modi’s ‘Mann Ki Baat’
  • China’s Panchen visits Jokhang Temple in ‘Chinese city of Lhasa’
  • Potala XI Odisha wins first-Ever APFA gold cup tournament

རེས་གཟའ་ཟླ་བ། ༢༠༢༤།༠༧།༠༡

  • རྔ་བ་ཁུལ་གྱི་གྲྭ་ཕྲུག་ ༡༧༠༠ ལྷག་བཙན་དབང་གི་སློབ་འཇུག་བྱས་པ་སོགས་ཀྱི་བོད་མིའི་ཐོག་ཕྱོགས་གང་ས་ནས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ།
  • ༸གོང་ས་མཆོག་གི་ཞབས་པུས་བརྗེ་འགྱུར་གྱི་གཤག་བཅོས་ལེགས་གྲུབ་བྱུང་བ།
  • བོད་རིགས་ན་གཞོན་འདུ་འཛོམས་ཐེངས་དང་པོ་དབུ་འཛུགས།
  • ཨུ་ཏྟར་ཁན་ཌི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་ཆེད་ཕེབས་གནང་བ།
  • རྒྱ་དམར་གྱི་པཎ་ཆེན་རྒྱལ་མཚན་ནུར་བུ་ལྷ་སའི་ཇོ་ཁང་དུ་གནས་གཟིགས།
  • ཨོ་རི་ས་གཞིས་ཆགས་ལ་ཨ་ཕ་གསེར་གྱི་ཕོར་པའི་རྐང་སྤོལ་རྩེད་འགྲན་གྱི་མཐའ་མའི་རྒྱལ་ཁ་ཐོབ་པ།

རྒྱ་གར་གྱི་ Uttrakhand མངའ་སྡེའི་ Pithoragarh རྫོང་གྱི་ས་གནས་རྒྱ་གར་ཚོང་པ་རྣམས་ཀྱིས་རྒྱ་གར་དབུས་གཞུང་ནས་རྒྱ་ནག་དང་འབྲེལ་མོལ་བརྒྱུད་ཁུལ་དེའི་ Lipulekh ལ་བརྒྱུད་པའི་འཕགས་བོད་གཉིས་དབར་གྱི་སྲོལ་རྒྱུན་གྱི་ཚོང་ལམ་དེ་སླར་ཡང་སྒོ་མོ་དབྱེ་དགོས་པའི་ཞུ་སྐུལ་གནང་བཞིན་འདུག

Lipulekh pass

དེའང་ཕྱི་ལོ་ ༡༩༦༢ ལོའི་རྒྱ་དཀར་ནག་གཉིས་དབར་གྱི་དམག་འཁྲུག་རྗེས་ནས་བཟུང་སྒོ་བརྒྱབ་པའི་ Lipulekh ལའི་འཕགས་བོད་ཚོང་ལམ་དེ་བཞིན་ ༡༩༩༢ ལོར་སླར་ཡང་སྒོ་ཕྱེ་ཡོད་ཀྱང་། ཕྱི་ལོ་ ༢༠༡༩ ལོའི་ཏོག་དབྱིབས་ནད་ཡམས་ཁྲོད་རྒྱ་ནག་གཞུང་གིས་ཚོང་ལམ་དེ་སླར་ཡང་སྒོ་བརྒྱབ་སྟེ་ད་ཆ་ལོ་ལྔ་ཙམ་འགྲོ་ཡི་ཡོད་པ་རེད།

ཉེ་ལམ་རྒྱ་ནག་གཞུང་གིས་བལ་ཡུལ་དང་མཉམ་འབྲེལ་གྱི་གྲོས་མཐུན་བཞག་པ་ནང་གསལ་བལ་བོད་གཉིས་དབར་གྱི་ས་མཚམས་ཁག་༡༤ སླར་ཡང་སྒོ་དབྱེ་རྒྱུ་གསལ་སྒྲགས་བྱས་ཡོད་པའི་ཁྲོད་། Pithoragarh རྫོང་གི་ས་གནས་ཀྱི་ཚོང་དཔོན་རྣམས་ཀྱིས། དེ་སྔ་ཏོག་དབྱིབས་ནད་ཡམས་ཁྲོད་ཕྱོགས་གཉིས་ཀྱི་ས་མཚམས་གློ་བུར་དུ་སྒོ་རྒྱག་སྐབས་ཚོང་པ་མང་པོས་རང་ཉིད་ཀྱི་དངོས་ཟོག་འབོར་ཆེན་ཞིག་བོད་པུ་ཧྲེང་ཕྱོགས་སུ་བཞག་ནས་ཕྱིར་ལོག་བྱས་དགོས་པ་བྱུང་ཡོད་པ་ལྟར། དངོས་ཟོག་དེ་དག་གི་གནས་སྟངས་ལ་སེམས་འཚབ་དང་འབྲེལ་ཕྱོགས་གཉིས་དབར་གྱི་ཚོང་ལམ་དེ་སླར་ཡར་སྒོ་དབྱེ་དགོས་པའི་ཞུ་སྐུལ་གནང་བཞིན་འདུག

Lipulekh-Pass

དར་ཆུ་ལའི་འཕགས་བོད་ས་མཚམས་ཚོང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ Jeewan singh Rongkali ལགས་ཀྱིས་རྒྱ་གར་གྱི་ Times of India གསར་ཤོག་ཐོག་འགྲེལ་བརྗོད་གནང་དོན་ལྟར་ན། ཁོང་རྣམ་པས་རྒྱ་གར་དབུས་གཞུང་ལ་རྒྱ་ནག་དང་ལྷན་ Lipulekh ལའི་ཚོང་ལམ་དེ་སྒོ་འབྱེད་ཀྱི་ཡོད་པའི་གནད་དོན་སྐོར་གྲོས་མོལ་དགོས་པའི་ཞུ་སྙན་ ༢༢ ཙམ་བཏང་ཟིན་ཡང་ད་ལྟའང་དེ་འབྲེལ་ཡར་ལན་གང་ཡང་འབྱོར་མེད་པ་དང་། Pithoragarh རྫོང་གི་ Darchula ཁོ་ནའི་ཚོང་པ་རྣམས་ཀྱིས་ཕྱི་ལོ་ ༢༠༡༩ ལོའི་ཏོག་དབྱིབས་ཁྲོད་བོད་པུ་ཧྲེང་ཁུལ་དུ་རྒྱ་གར་གྱི་སྒོར་མོ་འབུམ་ ༡༥ ཙམ་གྱི་རིན་ཐང་ལྡན་པའི་དངོས་ཟོག་བཞག་ནས་ཕྱིར་ལོག་བྱས་དགོས་བྱུང་ཡོད་པ་བརྗོད་འདུག

སྐུ་ཞབས་ Rongkali ལགས་ཀྱིས་ད་དུང་འཕགས་བོད་གཉིས་དབར་གྱི་སྲོལ་རྒྱུན་གྱི་ཚོང་ལམ་དེ་སྒོ་རྒྱག་སྐབས་རྒྱ་གར་གྱི་ཚོང་པ་རྣམས་ཀྱིས་བལ་གཙོ་བོར་འགྱུར་བའི་རང་ཉིད་ཀྱི་དངོས་ཟོག་རྣམས་པང་ལེབ་ལས་གྲུབ་པའི་ཁང་ཆུང་དེ་འདྲའི་ནང་བཞག་ཡོད་སྟབས། ད་ཆ་དངོས་ཟོག་དེ་དག་བརྟན་པོར་གནས་ཡོད་མིན་གྱི་གནས་ཚུལ་ཁ་གསལ་གང་ཡང་མེད་པ་འགྲེལ་བརྗོད་དང་འབྲེལ། རབ་བྱུང་ན་Lipulekh འཕགས་བོད་ཚོང་ལམ་དེ་སླར་ཡང་སྒོ་མོ་དབྱེ་དགོས་པ་དང་དེ་ལྟར་མ་བྱུང་ནའང་། ཉུང་མཐར་ཉིན་ ༡༥ འི་དུས་བཀག་བཟོས་ཏེ་རྒྱ་གར་གྱི་ཚོང་པ་རྣམས་དུས་ཡུན་དེའི་ཁྲོད་བོད་པུ་ཧྲེང་ཁུལ་དུ་བསྐྱོད་ནས་རང་ཉིད་ཀྱི་དངོས་ཟོག་ཕྱིར་འདྲེན་བྱེད་བཅུག་དགོས་པའི་ཞུ་སྐུལ་གནང་འདུག

Lipulek-Pass-Trek

ཁོང་གིས་ད་དུང། Lipulekh ཚོང་ལམ་བརྒྱུད་རྒྱ་གར་གྱི་ཚོང་པ་ ༤༥༠ ལྷག་གིས་ཕྱི་ལོ་ ༡༩༩༢ ནས་བཟུང་བོད་ཀྱི་ནུབ་ཕྱོགས་ཁུལ་གྱི་གྲོང་གསེབ་ ༤༥ ལྷག་གི་ནང་དགོས་མཁོ་ཅན་གྱི་གཞི་རྩའི་དངོས་ཟོག་མཁོ་སྤྲོད་བྱེད་ཀྱི་ཡོད་པ་དང་། ལོ་ལྟར་ཚོང་ལམ་དེའི་བརྒྱུད་རྒྱ་གར་སྒོར་མོ་འབུམ་ ༡༥༠ ལྷག་ཙམ་གྱི་ཚོང་རྒྱག་གི་ཡོད་པའི་ཁྲོད་རྒྱ་གར་གཞུང་ལ་ཁྲལ་ཁོ་ནའི་ཚུལ་དུ་སྒོར་འབུམ་མང་པོ་ཕུལ་གྱི་ཡོད་པ་གསུངས་འདུག

ད་ཆ་རྒྱ་ནག་ངོས་ནས་བལ་ཡུལ་གཞུང་དང་གྲོས་མཐུན་བཞག་པ་གཞིར་བཟུང། ཕྱོགས་གཉིས་ཀྱི་ས་མཚམས་ཁག་ཏུ་གནས་འཁོད་མི་དམངས་ཀྱི་འཚོ་བ་ཡར་རྒྱས་གཏོང་ཐབས་དང་འགྲིམ་འགྲུལ་སོགས་སྟབས་བདེ་རུ་གཏོང་ཆེད་བལ་བོད་ས་མཚམས་ཀྱི་ཚོང་ལམ་༡༤ ཙམ་སྒོ་མོ་ཕྱེ་དང་འབྱེད་བཞིན་པའི་ཁྲོད། སྐུ་ཞབས་ Rongkali ལགས་ཀྱིས་རྒྱ་ནག་གཞུང་ནས་པུ་ཧྲེང་གྱི་ཁྲོམ་རྭ་དེ་བཞིན་བལ་ཡུལ་གྱི་ཚོང་པ་རྣམས་ལ་རྩིས་སྤྱོད་བྱེད་པའི་ཉེན་ཁ་ཡོད་པའི་སེམས་འཚབ་གནང་བཞིན་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།