Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་གཞུང་གིས་བོད་དང་ཐེ་ཝན་གཉིས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གནང་དགོས།

Tibetan News Headlines

  • Dalai Lama received Kalu Rinpoche and more than 400 devotees in an audience
  • Tibetans hold peace rally calling for the release of Panchen Lama on the anniversary of his abduction
  • Tibet Museum celebrates International Museum Day with art exhibition by local Tibetan artists and writers
  • Central Tibetan Administration congratulates new Co-Chair for Australian Parliamentary Group for Tibet, Senator Barbara Pocock
  • Interview on CTA’s scholarship and excellence award

རེས་གཟའ་པ་སངས། ༢༠༢༤།༠༥།༡༧

  • ༸གོང་ས་མཆོག་གིས་དེ་རིང་ཀར་ལུ་རིན་པོ་ཆེ་དབུས་པའི་དད་ལྡན་ཆོས་ཞུ་བ་ ༤༠༠ ལྷག་ལ་མཇལ་ཁ་སྩལ་འདུག
  • དགོས་འདུན་དོན་ཚན་བཞིའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཏོན་དགོས་པའི་ཞི་བའི་གོམ་བགྲོད།
  • རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི།
  • ལྕམ་སྐུ་ Barbara Pocock ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གསར་པར་བསྐོ་བཞག་བྱུང་བར་འཚམས་འདྲི།
  • བོད་མིའི་སྒྲིག་འཛུགངས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅིུས་ཀྱི་བསླབ་པ་ཐར་སོན་པ་རྣམས་ལ་སློབ་ཡོན་ཇི་ཡོད་སྐོར་བཅར་འདྲི།

རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་རིང་མིན་འཛམ་གླིང་སྟོབས་ཆེན་རྒྱལ་ཉི་ཤུའི་ G20 ལྷན་ཚོགས་འཚོགས་ལ་ཉེ་བ་དང་བསྟུན།  རྒྱ་ནག་གཞུང་གིས་ས་བཀྲ་གསར་པ་ཞིག་འགྲེམས་སྤེལ་བྱས་པའི་ནང་རྒྱ་གར་གྱི་ཨ་རུ་ནཱ་ཅལ་དང་ཨག་སའི་ཅིན་གཉིས་རྒྱ་ནག་གི་ས་ཁོངས་ཡིན་པར་མངོན་གསལ་བྱས་པར་མ་ཟད། ལྷག་པར་རྒྱ་ནག་ཕྱོགས་ནས་རྒྱ་གར་གྱི་ས་མཚམས་ཁག་ཏུ་དངོས་སུ་སིམ་འཛུལ་བྱེད་ཀྱི་ཡོད་མེད་སོགས་ཀྱི་གནད་དོན་དང་འབྲེལ་རྒྱ་གར་གྱི་ཐབས་བྱུས་དཔྱད་ཞིབ་པ་དང་ཕྱི་འབྲེལ་མི་སྣའི་དབར་དེང་སྐབས་བགྲོ་གླེང་ཚ་ཚ་འུར་འུར་གནང་བཞིན་པ་ལྟར་བགྲོ་གླེང་དེ་དག་གི་ཁྲོད་ཁ་སང་ཕྱི་དྲོ་ NDTV བརྙན་འཕྲིན་གྱི་བགྲོ་གླེང་སྐབས་རྒྱ་གར་གྱི་གཞུང་ཚབ་ཟུར་པ་ལྕམ་སྐུ་ Manju Seth མཆོག་གིས་རྒྱ་གར་གྱི་ངོས་ནས་རྒྱ་ནག་ལ་གདོང་ལེན་གནང་ཐབས་ཡག་ཤོས་གཅིག་ནི་བོད་དང་ཐེ་ཝན་གཉིས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གནང་དགོས་པར་གསུངས་འདུག

ཉེ་ཆར་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གིས་རྒྱ་ནག་གི་ཉིན་རེའི་གསར་ཤོག་བརྒྱུད་རྩོད་རྙོག་ཅན་གྱི་ས་བཀྲ་ཞིག་འགྲེམས་བྱས་པའི་ཐོག་རྒྱ་གར་བྱང་ཤར་ Arunachal མངའ་སྡེ་དང་། Aksai Chin ས་ཁུལ་གཉིས་རྒྱ་ནག་གི་མངའ་ཁོངས་ཡིན་པར་རྣམ་པ་ཤུགས་ཆེ་བསྟན་ཡོད་ཀྱང་། རྒྱ་གར་གཞུང་གི་ངོས་ནས་དེ་ནི་རྒྱ་ནག་གི་རྒྱུན་ལྡན་སྐད་ཆ་ཞིག་ལས་འཛམ་གླིང་མི་མང་དང་རྒྱ་གར་གཞུང་གི་ངོས་ནས་ཁུངས་ལྡན་མིན་པའི་གནད་དོན་དེ་ཛ་དྲག་ཅིག་ལ་ངོས་འཛིན་གནང་གི་མེད་པ་དང་། ཕྱི་སྲིད་བློན་ཆེན་ S JaiShankar མཆོག་གིས་རྒྱ་ནག་གི་ངོས་ནས་ས་བཀྲ་ཞིག་ཆེད་བཏོན་བྱས་པ་ཙམ་གྱིས་ས་ཁུལ་དེ་དག་རྒྱ་ནག་གི་མངའ་ཁུལ་ཡིན་ཚུལ་བཤད་པ་དེ་ནི་དེ་སྔའི་གཤིས་ཀ་ཞིག་ལས་ཁུངས་ལྡན་མ་ཡིན་པའི་ས་བཀྲ་ཞིག་ཆེད་བཟོ་བརྒྱུད་རྒྱ་ནག་གི་ས་ཁོངས་སུ་བཅུག་ཀྱང་དེ་ནི་རྒྱུ་མཚན་ཡང་དག་ཅིག་གཏན་ནས་མ་རེད་ཅེས་གསུངས་ཡོད།   

གནད་དོན་དེ་དང་འབྲེལ་ནས་བརྙན་འཕྲིན་ལས་ཁང་དང་གསར་ཤོག་ཁག་གི་ནང་ས་མཚམས་དང་འབྲེལ་བའི་ཐོག་ཚ་ཚ་འུར་འུར་གྱིས་བགྲོ་གླེང་དང་དགོངས་ཚུལ་སྣ་ཚོགས་གསུངས་དང་གསུང་བཞིན་འདུག་པར་མ་ཟད། ལྷག་པར་རྒྱ་ནག་གཞུང་གི་ངོས་ནས་ཉེ་བའི་ཆར་ Aksai Chin ས་ཁུལ་ནས་ལ་དྭགས་བར་ཕུག་ལམ་བཟོས་ཡོད་པའི་ཟུང་སྐར་གྱི་པར་ལེན་ཁག་ཅིག་བསྟན་གི་ཡོད་པ་རེད།

ས་མཚམས་ཀྱི་གནད་དོན་དེ་དག་དང་འབྲེལ་ཏེ་ཁ་སང་ཕྱི་དྲོ་རྒྱ་གར་གྱི་ NDTV བརྙན་འཕྲིན་གྱི་ཧིཾདི་བགྲོ་གླེང་སྐབས་དེ་སྔོན་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་དང་Madagaskar སོགས་སུ་རྒྱ་གར་གྱི་གཞུང་ཚབ་གནང་མྱོང་མཁན་ལྕམ་སྐུ་ Manju Seth མཆོག་གིས་རྒྱ་ནག་གཞུང་གི་ངོས་ནས་ཡང་ནས་ཡང་དུ་ས་བཀྲ་འདི་ལྟ་བུ་ཕྱིར་བསྒྲགས་བྱས་ཏེ་བདེན་པ་མ་ཡིན་པའི་གནས་ཚུལ་ཞིག་བདེན་པ་བཟོ་ཐབས་བྱེད་ཀྱི་ཡོད་པ་དང་། རྒྱ་གར་གྱིས་དེ་ལྟ་བུའི་གནས་ཚུལ་ལ་ངོ་རྒོལ་བྱེད་ཀྱི་ཡོད་ཀྱང་གྲུབ་འབྲས་དེ་ཙམ་སོན་གྱི་མེད་སྟབས། ད་ཆ་ནུས་པ་ལྡན་པའི་ཐོག་ནས་གདོང་ལེན་གནང་དགོས་པས་ང་ཚོས་ངེས་པར་དུ་སྲིད་བྱུས་ལ་བསྒྱུར་བཅོས་བཏང་ནས་བོད་དེ་རྒྱ་ནག་གི་ཆ་ཤས་མིན་པ་དང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་དགོས་པར་མ་ཟད་ཐེ་ཝན་དེའང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གནང་དགོས་ཞེས་དགོངས་ཚུལ་གསུངས་ཡོད།   

གཞི་རྩའི་རྒྱ་གར་དང་རྒྱ་ནག་དབར་ས་མཚམས་ཀྱི་རྩོད་རྙོག་དང་འབྲེལ་ཏེ་འདས་པའི་ལོ་གསུམ་རིང་རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་བར་དོ་ཕོག་ཆེན་པོ་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ནས་ད་བར་རྒྱ་ཁབ་གཉིས་པོ་དབར་ལ་དྭགས་ཀྱི་ཤར་ཕྱོགས་ཁུལ་གྱི་ས་མཚམས་རྩོད་རྙོག་དང་འབྲེལ་གྲོས་མོལ་ཐེངས་ ༡༩ ལྷག་བྱས་ཡོད་ཀྱང་དོན་ཕན་ལྡན་པའི་གྲུབ་འབྲས་གང་ཡང་སོན་མེད་པར་མ་ཟད། ཉེ་ཆར་རྒྱ་གར་ཕྱོགས་འགལ་ཀོང་རེ་སི་ཚོགས་པའི་དབུ་ཁྲིད་སྐུ་ཞབས་ Rahul Gandhi མཆོག་ལ་དྭགས་སུ་ཕྱོགས་སྐྱོད་སྐབས་ཁུལ་དེའི་ས་གནས་ཁག་ཅིག་ནས་རྒྱ་ནག་གི་ས་ཆ་བཙན་ཟུང་བྱས་ཡོད་སྐོར་གསུངས་ཡོད་པ་དང་། རྒྱ་གར་གྱི་ཆར་དུས་ཀྱི་གྲོས་ཚོགས་ཐོག་ཨ་རུ་ནཱ་ཅལ་ཁུལ་གྱི་གྲོས་ཚོགས་ཚོགས་མི་ཞིག་གིས་ང་ཚོ་བོད་དང་ས་འབྲེལ་ཡོད་པ་ལས་རྒྱ་ནག་དང་ས་འབྲེལ་མེད་ཅེས་གསུངས་ཡོད་སྐོར་སོགས་འགྲེལ་བརྗོད་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།