Tibetan Royal Year of 2151 | Year of the Wood Dragon

McMahon Line ས་ཐིག་དེ་རྒྱལ་སྤྱིའི་ས་མཚམས་སུ་ངོས་འཛིན་དགོས་པའི་གྲོས་ཆོད་གྲོས་འཆར་ཆེད་བཏོན།

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

ཁ་སང་ཨ་རིའི་གྲོས་ཚོགས་གོང་མར་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jeff Markley ལགས་དང་སྐུ་ཞབས་ Bill Haggerty ལགས་རྣམ་གཉིས་ཀྱིས་འཕགས་བོད་གཉིས་ཀྱི་ས་མཚམས་ཀྱི་ས་ཐིག་ McMahon Line ཞེས་པ་དེ་རྒྱལ་སྤྱིའི་ས་མཚམས་ལ་ངོས་འཛིན་གནང་དགོས་པའི་གྲོས་ཆོད་གྲོས་འཆར་བསྣམས་པ་དང་འབྲེལ་ཨ་རུ་ནཱ་ཅལ་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ས་ཁུལ་ཡིན་པ་བཤད་འདུག

དེ་རིང་ Hidustan Times གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་ཨ་རིའི་གྲོས་ཚོགས་གོང་མར་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jeff Markley ལགས་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Bill Haggerty ལགས་རྣམ་གཉིས་ཀྱིས་ཨ་རིའི་ངོས་ནས་རྒྱ་དཀར་ནག་གཉིས་དབར་རྩོད་རྙོག་ཡོད་པའི་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་གྱི་ས་ཁུལ་རྣམས་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ས་ཁུལ་ཡིན་པའི་བཞེངས་ཕྱོགས་ཁ་གསལ་བཟོ་དགོས་པ་དང་། འཕགས་བོད་གཉིས་ཀྱི་ས་མཚམས་ཀྱི་ས་ཐིག་ McMahon Line དེ་བཞིན་རྒྱལ་སྤྱིའི་ས་མཚམས་ལ་ངོས་འཛིན་གནང་དགོས་ཞེས་གྲོས་ཆོད་གྲོས་འཆར་ཆེད་བཏོན་གནང་ཡོད།

ཨ་རིའི་གྲོས་ཚོགས་གོང་མར་གྲོས་ཆོད་ཆེད་བཏོན་གནང་མཁན་སྐུ་ཞབས་ Jeff Merkley ལགས་ལ་མཚོན་ན་ CECC ཞེས་པའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་ཡིན་པ་དང་། སྐུ་ཞབས་ Bill Haggerty ལགས་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་ཡིན་པ་རེད།

ཐེངས་འདིའི་གྲོས་འཆར་དང་འབྲེལ་ཏེ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་སུ་གྲོས་འཆར་གྱི་མཚོན་དོན་དངཤུགས་རྐྱེན་སྐོར་བཅར་འདྲི་ཞུས་སྐབས་ཨ་རིའི་གཞུང་གིས་འཕགས་བོད་ས་མཚམས་ལ་དོ་སྣང་ཡོད་པ་མངོན་གསལ་དོད་པོ་ཞིག་ཆགས་ཡོད་པ་དང་། ཨ་རིས་ McMahon Line ཞེས་པའི་ས་མཚམས་ཀྱི་ས་ཐིག་དེ་གལ་ཆེར་ངོས་འཛིན་གནང་བ་དེས་ཤུགས་ལ་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་མཚོན་གྱི་ཡོད་ཅེས་གསུངས་སོང་།

རྒྱ་དཀར་ནག་དབར་གྱི་ད་ལྟའི་འབྲེལ་ལམ་གྱི་གནས་བབ་དང་། ཨ་རི་དང་རྒྱ་གར་དབར་གྱི་ད་ལྟའི་འབྲེལ་ལམ་གྱི་གནས་བབ་བཅས་ལས་རྒྱལ་ཁབ་གསུམ་གྱི་ཐབས་བྱུས་ཀྱི་ཐོག་ནས་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་བཞིན་ཡོད་པར་མ་ཟད། རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་རྐྱེན་གྱིས་རྒྱ་གར་ཙམ་མིན་པར་ཨ་རིར་དོ་ཕོག་ཆེན་པོ་ཞིག་འགྲོ་ཡོད་སྟབས་ཨ་རིས་བོད་ཀྱི་གནད་དོན་ལ་ཚད་མཐོའི་ཐོག་ནས་ཐུགས་སྣང་གནང་གི་ཡོད་པར་གསུངས་ཡོད།

གཞི་རྩའི་ཟླ་བ་སྔོན་མར་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jeff Markley ལགས་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Bill Haggerty ལགས། དེ་བཞིན་སྐུ་ཞབས་ John Cornyn ལགས་བཅས་གྱིས་རྒྱ་དཀར་ནག་གཉིས་ཀྱི་གནད་དོན་དང་འབྲེལ་ Reaffirming the state of Arunachal Pradesh as Indian Territory and condemning the People’s Republic of China’s provocations in South Asia ཞེས་པའི་གྲོས་ཆོད་གྲོས་འཆར་ཞིག་བསྣམས་ཡོད་པ་དང་། སྐབས་དེར་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་གྱི་ས་ཁུལ་རྣམས་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ས་ཁུལ་ཡིན་པའི་བཞེངས་ཕྱོགས་ཁ་གསལ་དགོས་པ་དང་འབྲེལ་ཏེ། རྒྱ་གར་གྱི་ས་ཁོངས་བདག་དབང་ལ་རྒྱབ་སྐྱོར་གནང་དགོས་པ། ས་མཚམས་ས་ཁུལ་དུ་གྲོང་ཚོ་གསར་བསྐྲུན། ཨ་རུ་ནཱ་ཅལ་གྱི་གྲོང་ཁྱེར་ཁག་གཅིག་ལ་རྒྱ་ཡིག་ཐོག་མིང་གསར་པ་བཏགས་པའི་ས་ཁྲ་འདོན་སྤེལ་བྱས་པ། དེ་བཞིན་འབྲུག་གི་ས་ཁུལ་དུའང་བཙན་འཛུལ་བྱེད་བཞིན་པ་བཅས་ངན་བྱུས་རྣམས་ལ་སྐྱོན་བརྗོད་ནན་པོ་གནང་ཡོད་པ་རེད། པར་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་གནས།

གསར་གནས།