Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་སུ་བོད་མིའི་སྐུ་ཚབ་ཀྱི་གསུང་བཤད་སྐབས་རྒྱ་ནག་གིས་བར་འཚང་།

Tibetan News Headlines

  • Dalai Lama meets with Estonian parliamentarians and Tibet support group delegation
  • International community calls China to provide evidence of Panchen Lama’s whereabouts and wellbeing
  • Its solely a pilgrimage and religious visit: Sakya Gongma Trichen rinpoche on recent visit to Bhutan
  • Tibetan spiritual leader grants an audience to 200 devotees from Nepal
  • Xi Jinping tells Antony Blinken US should avoid ‘vicious competition’ with China
  • US jails Chinese man who threatened student activist
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༤།༢༦

  • ༸གོང་ས་མཆོག་གིས་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མཇལ་ཁ་སྩལ་བ།
  • རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་གར་ཡོད་ཕྱིར་བསྒྲགས་དགོས་པའི་ནན་སྐུལ་གནང་འདུག
  • འབྲུག་ཡུལ་དུ་ཆིབས་བསྒྱུར་མཛད་པ་ནི་ཆོས་ཕྱོགས་ཀྱི་ལས་དོན་ཁོ་ནའི་ཆེད་དུ་ཡིན་པ་བཀའ་བསྩལ་སོང་།
  • ༸གོང་ས་མཆོག་གིས་བལ་པོའི་མི་སེར་༢༠༠ བརྒལ་བ་ལ་མཇལ་ཁ་སྩལ་བ།
  • ཞི་ཅིན་ཕིང་གིས་ཨ་རྒྱ་གཉིས་མཐུན་གྲོགས་ལས་ཁ་གཏད་བྱ་མི་རུང་ཞེས་བརྗོད་འདུག
  • མང་གཙོའི་ལས་འགུལ་བ་ཞིག་ལ་འཇིགས་སྐུལ་བྱས་རྐྱེན་རྒྱའི་སློབ་མ་ཞིག་ལ་ཁྲིམས་ཐག་བཅད་པ།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

སུད་སི་ Geneva གྲོང་ཁྱེར་དུ་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༧ ནས་ཟླ་ ༤ ཚེས་ ༣ བར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༢ འཚོགས་བཞིན་པ་དང་བསྟུན། ཁ་སང་ལྷན་ཚོགས་དེའི་ཐོག་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་རྒྱ་གཞུང་གིས་བོད་ནང་རིག་གཞུང་རྩ་གཏོར་གྱི་ཛ་དྲག་གནད་དོན་གླེང་སློང་གནང་བའི་སྐབས་རྒྱ་ནག་གཞུང་གི་སྐུ་ཚབ་ནས་བར་འཚང་གིས་འགོག་རྒོལ་བྱས་ཡོད་ཀྱང་། བོད་དོན་གསུང་བཤད་མུ་མཐུད་མཇུག་སྐྱོང་གནང་ཡོད་པ་རེད་འདུག

ཁ་སང་ཕྱི་ཚེས་ ༡༥ ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་རྒྱལ་ཁབ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གནས་སྟངས་གྲོས་བསྡུར་གྱི་ལས་རིམ་སྐབས་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ Society for Threatened Peoples ཞེས་གཞུང་འབྲེལ་མིན་པའི་ཚོགས་པའི་ངོ་ཚབ་གནང་སྟེ། རྒྱ་གཞུང་གིས་བོད་ནང་འབྲོག་པ་རྣམས་བཙན་གྱིས་གནས་སྤོ་གཙོས་པའི་བོད་ཕྲུག་བྱིས་པ་རྣམས་བཅའ་སྡོད་སློབ་གྲྭར་བཙན་འཇུག་བྱེད་བཞིན་པ། དེ་བཞིན་ཉེ་ལམ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་རྣམས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྡོག་རོལ་ཐད་ཉམས་ཞིབ་འབྲུ་དོན་སོགས་གླེང་སློང་གནང་སྐབས། རྒྱ་ནག་སྐུ་ཚབ་ནས་བར་འཚང་གིས་འགོག་རྒོལ་ཐེངས་གཉིས་བྱས་ཏེ་ཁོང་ Society for Threatened Peoples ཚོགས་པའི་སྐུ་ཚབ་མིན་སྐོར་དང་། ཁ་བྲལ་རིང་ལུགས་པ། དེ་བཞིན་རྒྱ་ནག་གི་ས་ཁྱོན་བདག་དབང་ལ་སྣང་ཆུང་དང་། རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་ལས་འགལ་གྱི་ཡོད་ཚུལ་བཤད་དེ་བོད་དོན་གསུང་བཤད་འཕྲལ་དུ་མཚམས་འཇོག་བྱེད་དགོས་སྐོར་བཤད་ཡོད་པ་དང་། ཨ་རི་གཞུང་གི་སྐུ་ཚབ་ནས་སྐབས་དེར་བོད་དོན་གསུང་བཤད་མུ་མཐུད་གནང་དགོས་གལ་ཡིན་པའི་རྒྱབ་སྐྱོར་དང་། ལྷན་ཚོགས་དེའི་གཙོ་འཛིན་གཞོན་པའི་བཀའ་ཁྲོལ་འོག་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་གསུང་བཤད་མུ་མཐུད་མཇུག་སྐྱོང་གནང་ཡོད་པ་རེད།

སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་བོད་དོན་གསུང་བཤད་ཁྲོད། རྒྱལ་ཚོགས་ཀྱི་ཆེད་མཁས་པ་རྣམ་པས་བོད་ནང་གི་གནས་སྟངས་ཐད་ཉམས་ཞིབ་ཀྱི་འབྲུ་དོན་གསལ་བཏོན་གནང་བར་ཐུགས་རྗེ་ཆེ་ཞུ་དང་འབྲེལ། དེའི་ནང་རྒྱ་གཞུང་གིས་བོད་མི་འབྲོག་པ་གཙོས་པའི་བོད་མི་གཞན་རྣམས་གནས་སྤོ་བྱེད་པའི་སྲིད་བྱུས་ལག་བསྟར་དང་། ཉེ་བའི་ལོ་ཤས་ནང་རྒྱ་ནག་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་གིས་གཙོས་པའི་བོད་ལྗོངས་ཡོངས་ཀྱི་ནང་དུ་གཏན་འཇགས་བཅའ་སྡོད་སློབ་གྲྭ་དང་དེའི་ནང་བོད་ཕྲུག་གི་གྲངས་འབོར་ཧ་ཅང་འཕར་བཞིན་ཡོད་པའི་བློ་འཚབ་གནང་ཡོད་པའི་སྐོར། དེ་བཞིན་རྒྱ་དམར་གྱིས་བོད་ཀྱི་གྲོང་གསེབ་ཁག་གི་སློབ་གྲྭ་དེ་དག་ཕྱིར་བསྡུ་བྱས་ཏེ། དེའི་ཚབ་ཏུ་རྒྱ་ནག་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭ་ཆེད་འཛུགས་ཀྱིས་བོད་ཕྲུག་ས་ཡ་ ༡ ལྷག་རང་ཉིད་ཀྱི་ཁྱིམ་དང་ཁ་བྲལ་བཏང་སྟེ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྒྱ་ནག་ཅན་དུ་བསྒྱུར་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ལས་ཡོངས་སུ་འགལ་བའི་གནད་དོན་ཐོག་ནན་བརྗོད་གནང་འདུག

ཁོང་གི་ད་དུང་། ཟླ་བ་སྔོན་མའི་ནང་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་ཐོབ་ཐང་ཚོགས་ཆུང་གིས་རྒྱ་ནག་ཐོག་བསྐྱར་ཞིབ་ཚོགས་རྗེས་མཐའ་མའི་མཇུག་སྡོམ་ཐོག་བོད་ནང་རིག་གཞུང་ཐོབ་ཐང་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་ཤུགས་ཆེར་བྱེད་བཞིན་ཡོད་པའི་བློ་འཚབ་མངོན་གསལ་གནང་ཡོད་སྐོར་དང་། རྒྱ་གཞུང་ནས་བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་དེ་དག་མཚམས་འཇོག་དགོས་པ་དང་ཆབས་ཅིག ཆོས་དད་རང་མོས་ལ་དམ་བསྒྲགས་དང་དགོན་སྡེ་ཁག་གཏོར་བཤིག་མཚོན་པའི་འབྲོག་པ་རྣམས་བཙན་གྱིས་གནས་སྤོ་བྱེད་པའི་སྲིད་བྱུས་རྣམས་འཕྲལ་མར་མཚམས་འཇོག་གནང་དགོས་སྐོར་གསུངས་པ་རྣམས་བསྐྱར་ནན་གནང་འདུག

མ་ཟད་ཁོང་གིས་སྔ་ལོ་ ༢༠༢༢ ནང་པེ་ཅིང་ Olympic རྩེད་འགྲན་དང་འབྲེལ་ནས། རྒྱལ་ཚོགས་ཀྱི་ཆེད་མཁས་པ་རྣམས་ལ་འཛམ་གླིང་གི་རྩེད་འགྲན་ཆེ་ཤོས་ཨོ་རྩལ་དེའི་བརྒྱུད་ནས་རྩེད་མོར་མཉམ་ཞུགས་གནང་མཁན་དང་ལས་རིགས་ཞུགས་མཁན་རྣམས་ཀྱི་རིག་གཞུང་ཐོབ་ཐང་རྡོག་རོལ་ཕྱིན་པ་དེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་དང་མཐུན་པ་ཇི་ལྟར་འགན་ལེན་གནང་གི་ཡོད་དམ་ཞེས་བཀའ་འདྲི་ཞུས་འདུག

འདི་ག་རླུང་འཕྲིན་ཁང་ནས་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་རྩ་བའི་སུད་སི་བོད་ཀྱི་དོན་གཅོད་ངོས་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་དང་སྤེལ་བཞིན་ཡོད་པའི་ཁྲོད་རྒྱ་ནག་གིས་འཇིག་སྐུལ་བྱེད་ཀྱི་ཡོད་ཀྱང་དེར་གདོང་ལེན་གྱིས་སླད་མར་མུ་མཐུད་བོད་དོན་ལས་འགུལ་སྤེལ་འཆར་ཡོད་པ་མ་ཟད། ལྷག་པར་དུ་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡ ནས་ ༡༢ བར་འཚོག་འཆར་ཡོད་པའི་ Universal Periodic Review (UPR) ཞེས་རྒྱལ་ཚོགས་སུ་འཛམ་གླིང་ཁྱོན་ཡོངས་ཀྱི་དུས་བཀག་བསྐྱར་ཞིབ་ཚོགས་ཆེན་ཐེངས་ ༤༣ པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ནས་བོད་དོན་ཞུ་གཏུག་ལས་འགུལ་མུ་མཐུད་སྤེལ་འཆར་ཡོད་པ་གསུངས་སོང་།

གཞི་རྩའི་ཉེ་སྔོན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Mao Ning ཟེར་བས་ཉེ་ལམ་ཕྱི་ཟླ་ ༢ ཚེས་ ༦ ཉིན་རྒྱལ་ཚོགས་ཀྱི་ཆེད་མཁས་པ་ཁག་གཅིག་གིས་བོད་ནང་རིག་གཞུང་རྩ་གཏོར་གྱི་སྲིད་བྱུས་ཐོག་རྒྱ་ནག་ལ་སྐྱོན་འཛུགས་བྱས་པ་དེ་བདེན་པ་མིན་པ་དང་འབྲེལ། སྐྱོན་འཛུགས་དེ་ནི་རྒྱ་ནག་གི་མིང་རྗེས་ངན་པ་བཟོ་ཆེད་ཡིན་ཚུལ་སོགས་བཤད་འདུག མ་ཟད་བོད་འདི་བཞིན་ས་ཚད་མཐོ་བོ་དང་མི་འབོར་རྣམས་ས་ཕྱོགས་གང་སར་གྲམ་ཡོད་པར་བརྟེན། འབྲོག་པའི་བོད་ཕྲུག་རྣམས་སློབ་གྲྭ་ཆེད་རྒྱང་ཐག་རིང་པོར་འགྲོ་དགོས་པ་དང་། གལ་ཏེ་སློབ་ཕྲུག་ཡོད་སའི་ས་གནས་ཚང་མར་སློབ་གྲྭ་རྒྱག་དགོས་བྱུང་ཚེ། དགེ་རྒན་དང་ཤེས་ཡོན་སྤུས་ཚད་ལྡན་པའི་དགོས་མཁོ་སྐོང་ཐུབ་ངེས་དཀའ་ཁག་ཡིན་ཚུལ་བཤད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།