ཧྥི་ལི་པིན་རྒྱལ་སྲུང་བློན་ཆེན་མཆོག་གིས་ཡོང་གྲགས་ཐོག་རྒྱ་གཞུང་གི་གནོན་ཤུགས་ལ་གདོང་ལེན།

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

རྒྱ་ནག་དང་ཧྥི་ལི་པིན་དབར་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་ཐོག་གདོང་ཐུག་ཤུགས་ཆེ་འབྱུང་བཞིན་པའི་ཁྲོད། ཁ་སང་ཧྥི་ལི་པིན་རྒྱལ་སྲུང་བློན་ཆེན་སྐུ་ཞབས་ Gilbert Teodoro མཆོག་གིས་ཡོང་གྲགས་སྒོ་ནས་རྒྱ་ནག་གི་གནོན་ཤུགས་ལ་གདོང་ལེན་དང་སྦྲགས་རྒྱ་ནག་གཞུང་ངོས་ནས་ངོ་ཚ་དང་བཟང་སྤྱོད་དགོས་པ་ནན་བརྗོད་གནང་འདུག

Philippines defence chief gets China's note mid-speech, fires salvo over South China Sea claims

དེ་ཡང་ཟླ་འདིའི་ཚེས་ ༧ ནས་ ༩ བར་ཁྱོན་ཉིན་གྲངས་ ༣ རིང་ལྷོ་ཀོ་རི་ཡའི་རྒྱལ་ས་ Seoul སོལ་ནང་འཚོག་བཞིན་པའི་ Seoul Defense Dialogue SDD ཞེས་སོལ་རྒྱལ་སྲུང་གི་གྲོས་མོལ་ཚོགས་འདུའི་ཐོག་ཧྥི་ལི་པིན་རྒྱལ་སྲུང་དྲུང་ཆེ་སྐུ་ཞབས་ Gilbert Teodoro མཆོག་གིས་གཏམ་བཤད་གནང་བཞིན་པའི་སྐབས་སུ། རྒྱ་ནག་རྒྱལ་སྲུང་ལས་ཁུངས་ཀྱི་ལས་བྱེད་གཅིག་གིས་གཏམ་བཤད་གནང་སར་བསྐྱོད་དེ་ཅོག་ཙེའི་མདུན་དུ་ཡི་གེ་གཅིག་བཞག་རྗེས། སྐུ་ཞབས་ Gilbert Teodoro མཆོག་གིས་ཡི་གེ་དེ་ཚོགས་བཅར་བ་ཚང་མའི་མདུན་ལ་ཀློག་ཡོད་ཅིང་། དེའི་ནང་རྒྱ་ནག་ངོས་ནས་ཕྱི་ལོ་ ༢༠༡༦ ལོར་གཏན་འབེབས་བྱས་པའི་ལྷོ་རྒྱ་ནག་རྒྱ་མཚོའི་ཐག་གཅོད་ལ་ངོས་ལེན་མེད་ཅེས་བཀོད་པ་དང་འབྲེལ། སྐུ་ཞབས་ Teodoro མཆོག་གིས་རྒྱ་ནག་ངོས་ནས་ངོ་ཚ་དང་ཡ་རབས་བཟང་སྤྱོད་དགོས་པ་ནན་བརྗོད་དང་འབྲེལ། ཡི་གེའི་དེའི་བརྒྱུད་ནས་རྒྱ་ནག་གིས་གླེང་སྟེགས་འདི་དང་རྒྱལ་སྤྱི་ཁྲིམས་གཉིས་ཀར་བརྩི་མེད་བཏང་བ་རེད་ཅེས་གསུངས་འདུག

སྤྱིར་རྒྱ་ནག་དང་། Philippines, Vietnam, Malaysia, Brunei དེ་བཞིན་ཐེ་ཝན་བར་ཆགས་པའི་ལྷོ་རྒྱ་ནག་རྒྱ་མཚོ་དེ་བཞིན་རྒྱལ་སྤྱིའི་ཚོང་ལམ་གཙོ་གྲས་ཤིག་ཆགས་ཀྱི་ཡོད་པ་དང་། རྒྱ་ནག་ངོས་ནས་རྒྱ་མཚོ་དེའི་ཐོག་གི་ Spratly Islands དང་ Scarborough Shoal ལྟ་བུའི་མཚོ་གླིང་གཙོས་ཆ་ཤས་རྒྱ་ཁྱོན་ཆེ་བའི་ཐོག་ལོ་རྒྱུས་ནས་བདག་དབང་ཡོད་ཚུལ་བརྗོད་དེ་འདས་པའི་ལོ་མང་ནས་དེའི་ཐོག་མཚོ་གླིང་དང་དམག་གི་ས་ཚིགས་འདྲ་མིན་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད།

འོན་ཀྱང་ཧྥི་ལི་པིན་ངོས་ནས་ཕྱི་ལོ་ ༢༠༡༣ ལོར་ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་རྙོག་དང་འབྲེལ་ UNCLOS ཞེས་རྒྱལ་ཚོགས་ཀྱི་མཚོ་ཁྲིམས་གཞིར་བཟུང་ཁྲིམས་གཏུག་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༢ ཉིན་ཁ་མཆུ་དེ་བཞིན་ཧྥིི་ལི་པིན་ལ་རྒྱལ་ཁ་ཐོབ་ཡོད་པ་དེ་ལྟར་ཡང་། རྒྱ་ནག་གཞུང་གིས་གོ་སྐབས་ནམ་ཡིན་ལ་ཁྲིམས་དེར་ངོས་ལེན་རྩ་བ་ནས་མེད་པའི་གསལ་བསྒྲགས་དང་གཏམ་བཤད་སྣ་མང་སྤེལ་ཡོད་ཀྱང་། ཉེ་ལམ་ཕྱི་ཟླ་ ༧ པའི་ཚེས་ ༡༢ ཉིན་ཨ་རི་གཙོས་པའི་རྒྱལ་ཁབ་ ༡༤ ཡིས་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་རྒྱ་ནག་ལ་བདག་དབང་རྩ་བ་ནས་མེད་པའི་སྤྱི་བསྒྲགས་ཤིག་ཀྱང་སྤེལ་ཡོད་པ་རེད།

ཁ་སང་ཧྥི་ལི་པིན་རྒྱལ་སྲུང་བློན་ཆེན་སྐུ་ཞབས་ Gilbert Teodoro མཆོག་གིས་ལྷོ་ཀོ་རི་ཡའི་སོལ་ནང་འཚོགས་པའི་རྒྱལ་སྲུང་གི་གྲོས་མོལ་ཚོགས་འདུའི་ཐོག་གཏམ་བཤད་གནང་བའི་ཁྲོད།  རྒྱ་ནག་གིས་ཅོག་ཙེའི་སྟེང་ཡི་གེ་བཞག་ཡོད་པ་དེའི་ནང་། རྒྱ་ནག་ངོས་ནས་ལྷོ་རྒྱ་ནག་རྒྱ་མཚོ་དང་འབྲེལ་བའི་ཕྱི་ལོ་ ༢༠༡༦ ལོའི་ཐག་གཅོད་ལ་ངོས་ལེན་དང་ངོས་འཛིན་གཉིས་ཀ་མེད་ཅེས་བརྗོད་ཡོད་པ་མ་ཟད། རྒྱ་ནག་ཕྱོགས་ནས་ལྷོ་རྒྱ་ནག་རྒྱ་མཚོ་དང་འབྲེལ་བའི་གནད་དོན་ལ་ལངས་ཕྱོགས་གཙང་མ་དང་བརྟན་པོ་ཡོད་པ་འགྲེལ་བརྗོད་བྱས་འདུག  ཧྥི་ལི་པིན་རྒྱལ་སྲུང་བློན་ཆེན་མཆོག་གིས་སྐབས་དེར་རྒྱ་ནག་གིས་ཕྱི་ལོ་ ༢༠༡༦ ལོར་ཐག་གཅོད་བྱུང་བའི་ལྷོ་རྒྱ་ནག་རྒྱ་མཚོ་དང་འབྲེལ་བའི་གནད་དོན་ལ་ངོས་ལེན་དང་ངོས་འཛིན་མ་བྱས་པའི་རྒྱུ་མཚན་ནི་རྒྱ་ནག་གཞུང་ཕམ་ཉེས་སུ་བྱུང་བའི་རྐྱེན་གྱིས་རེད་ཅེས་དང་། རྒྱ་ནག་གཞུང་གིས་འཛམ་གླིང་གི་གླེང་སྟེགས་ཤིག་གི་ཐོག་འདི་ལྟ་བུ་རྒྱལ་ཁབ་གཞན་ལ་གནོན་ཤུགས་སྤྲོད་ཐབས་བྱས་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་དང་མི་མཐུན་པ་རེད་ཅེས་གསུངས་བ་མ་ཟད། ད་ལན་རྒྱ་ནག་གཞུང་གིས་ཡི་གེ་བཞག་པ་དེས་རྒྱ་ནག་གཞུང་གི་རྒྱལ་ཁབ་གཞན་ལ་གཉའ་གནོན་བྱེད་བཞིན་པའི་དཔང་རྟགས་ཤིག་ཡིན་པར་དྲན་རྟེན་གྱི་ཚུལ་དུ་ཉར་གྱི་ཡིན་ཞེས་གསུངས་འདུག

གནད་དོན་དེ་བྱུང་བའི་ཉིན་གཅིག་གི་རྗེས་སུ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Mao Ning གྱིས་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་ཧྤི་ལི་ཕིན་གཞུང་ལ་སྐྱོན་བརྗོད་དང་སྦྲགས། ཧྥི་ལི་པིན་ཕྱོགས་ནས་ཤེས་བཞིན་དུ་རྩོད་གླེང་བླངས་ཀྱི་ཡོད་པ་དང་། དེ་ནི་ཀུན་སློང་ངན་པའི་བྱ་སྤྱོད་ཅིག་ཡིན་པ་འགྲེལ་བརྗོད་བྱས་འདུག་པ་མ་ཟད། ཧྥི་ལི་པིན་ངོས་ནས་ལྷོ་རྒྱ་ནག་རྒྱ་མཙོའི་ཐོག་རྫུན་བཤད་དེ་བཞིན་མཚམས་བཞག་དགོས་པ་བརྗོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།