ཀྲང་ཡི་ལགས་ཀྱི་གནད་དོན་དེ་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཀྱི་ནག་ཉེས་ཇི་ལྟར་ཆགས་ཀྱི་ཡོད་པའི་དྲི་བ་བཏང་འདུག

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

ཉེ་ལམ་ཕྱི་ཟླ་ ༧ པའི་ཚེས་ ༡ ཉིན་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཡིན་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་ Zhang Yi ཀྲང་ཡི་ལགས་བོད་ཀྱི་རྒྱལ་ས་ལྷ་སར་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་པའི་ཁྲོད། གདན་ས་སེ་རར་མཆོད་མཇལ་དུ་ཕེབས་སྐབས་སྐད་བརྡ་མ་འཕྲོད་པའི་བོད་རིགས་བུད་མེད་ཅིག་ལ་༸གོང་ས་མཆོག་གི་སྐུ་པར་ཞིག་བསྟན་པའི་གནད་དོན་དང་འབྲེལ་ནས་ལྷ་ས་སྤྱི་བདེ་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་པ་མ་ཟད། ཉིན་ཤས་རྗེས་ཁོང་གི་ཐོག་ལ་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཀྱི་ནག་ཉེས་བཙུགས་ཡོད་པའི་ཁྲོད། ཡུ་རོབ་རྒྱལ་ཁབ་ Netherlands ནང་དུ་བཅའ་བཞུགས་ཁོང་གི་བུ་ Zhang Hongyuan ལགས་ཀྱིས། ཁོང་གི་ཕ་ཀྲང་ཡི་ལགས་ཀྱིས་སྐད་བརྡ་མ་འཕྲོད་པའི་བུད་མེད་ཅིག་ལ་༸གོང་ས་མཆོག་གི་སྐུ་པར་བསྟན་པ་མ་གཏོགས་༸གོང་ས་མཆོག་གི་སྐོར་ལ་བཀའ་མོལ་གང་ཡང་གསུངས་མེད་པ་དང་། མི་སུ་ཞིག་ལ་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་དགོས་སྐོར་བཤད་མེད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ལོ་མང་སྔོན་ནས་བོད་རང་བཙན་དོར་ཏེ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་བཞིན་ཡོད་པ་ལྟར། ཁོང་གི་པཱ་ལགས་ཀྱི་གནད་དོན་དེ་རྒྱལ་ཁབ་ཁ་བྲལ་གྱི་གནད་དོན་ཇི་ལྟར་ཆགས་ཀྱི་ཡོད་པའི་དྲི་བ་བཏང་འདུག

Chinese Activist Zhang Yi Arrested for Showing Dalai Lama Photo; Son Recalls Years Spent Preparing for the Moment
Photo: Zhang Hongyuan

དེ་ཡང་དེ་རིང་ Human Rights in China ཞེས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་དྲྭ་གནས་ཐོག་ Netherlands ནང་དུ་བཅའ་བཞུགས་ཀྲང་ཡི་ལགས་ཀྱི་བུ་ Zhang Hongyuan ལགས་ལ་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་སྤེལ་འདུག་པའི་ནང་དུ། Zhang Hongyuan ལགས་ཀྱིས་རྒྱ་གཞུང་གིས་རྒྱ་ནག་གི་ཉེས་དོན་ཁྲིམས་ཡིག་དོན་ཚན་ ༡༠༣ ལུང་འདྲེན་གྱིས་ཀྲང་ཡི་ལགས་ལ་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཀྱི་ནག་ཉེས་བཙུགས་ཡོད་པ་འགྲེལ་བརྗོད་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་མང་སྔོན་ནས་བོད་རང་བཙན་དོར་ཏེ་རྒྱ་ནག་གཞུང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད་ཀྱང་རྒྱ་ནག་གཞུང་གི་ངོས་ནས་༸གོང་ས་མཆོག་ལ་དུས་རྟག་ཏུ་ཁ་བྲལ་བར་ངོས་འཛིན་བྱས་ཏེ་༸གང་ཉིད་ཀྱི་སྐུ་པར་ཙམ་ལའང་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་ཐེར་འདོན་དང་། གནས་སྟངས་འདིའི་ཁྲོད་ནས་ཀྱང་ད་ལན་ཁོང་གི་པཱ་ལགས་ལ་རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་བཙུགས་པ་དེ་ངོས་ལེན་བྱེད་ཐབས་མེད་པ་གསུངས་འདུག

དེའང་ཁོང་གིས་བོད་ནང་ཡུལ་སྐོར་སྤྲོ་འཆམ་ལ་སླེབས་པའི་མི་ཞིག་གིས་སྐད་ཀྱི་གོ་བརྡ་མ་འཕྲོད་པའི་བུད་མེད་ཅིག་ལ་ངོ་ཤེས་གཏང་རྒྱུའི་སླད་དུ་༸གོང་ས་མཆོག་དང་ལྷན་དུ་སྐུ་པར་མགྲོན་པའི་རང་གི་གྲོགས་པོའི་པར་བསྟན་པ་དང་། བུད་མེད་དེས་སྐུ་པར་དེར་ལྟ་ཡང་མ་ནུས་པ་བཅས་ལ་གཞིགས་ཏེ། ཁོང་གི་ག་རེ་ཁ་བྲལ་གཏོང་ཐབས་བྱས་པ་རེད་ཅེས་དྲི་བ་བཏང་འདུག་པ་མ་ཟད།  ཀྲང་ཡི་ལགས་ཀྱིས་ངོ་རྒོལ་རྔམ་སྟོན་གོ་སྒྲིག་བྱས་པ་དང་གཏམ་བཤད་སྤེལ་བ། དེ་བཞིན་བོད་རང་བཙན་ལ་རྒྱབ་སྐྱོར་བླང་ཐབས་སོགས་གང་ཡང་མ་བྱས་པར། མི་ངོ་མ་ཤེས་པ་ཞིག་ལ་པར་བསྟན་ཏེ་བཀའ་མོལ་གནང་ཐབས་གཅིག་པོ་བྱས་པ་དང་།  ཁོང་གི་སྐུ་པར་ནང་དུ་ཡོད་པའི་གང་ཟག་དེ་ངོ་ཤེས་པ་དང་འབྲེལ། གཞན་ལ་བསྟན་ཙམ་བྱས་པ་གཅིག་པོ་ཡིན་པ་གསུངས་འདུག

Chinese Activist Zhang Yi Arrested for Showing Dalai Lama Photo; Son Recalls Years Spent Preparing for the Moment
Photo: Zhang Hongyuan

Zhang Hongyuan ལགས་ཀྱིས་ད་དུང་ད་ལན་ཀྲང་ཡི་ལགས་ལྷ་སར་འཛིན་བཟུང་བྱས་པའི་རྗེས་སུ་ཕྱི་ཟླ་ ༧ པའི་ཟླ་མཇུག་ཏུ་ཝུ་ཧན་ས་གནས་རྫོང་སྤྱི་བདེ་ལས་ཁུངས་ཀྱི་མི་སྣ་ཀྲང་ཡི་ལགས་ཀྱི་སྤུན་མཆེད་ཀྱི་ཁྱིམ་དུ་སླེབས་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དང་བརྒྱུད་ལམ་ཁག་གིས་ཀྲང་ཡི་ལགས་ཀྱི་གནད་དོན་སྐོར་གནས་ཚུལ་སྤེལ་བ་རྣམས་ཀྱི་འདྲ་པར་བསྟན་ཏེ། ཁོང་གི་སྤུན་མཆེད་ལ་ཀྲང་ཡི་ལགས་ཀྱི་བུ་དང་ལྷན་དུ་ཕྱི་ཕྱོགས་ལ་འབྲེལ་བ་བྱས་པ་དང་གནས་ཚུལ་ཕྱི་གྱར་བྱས་ཡོད་མིན་གྱི་འདྲི་རྩད་བྱས་པ་མ་ཟད། Zhang Hongyuan ཉིན་གཅིག་རྒྱ་ནག་ལ་ཕྱིར་ལོག་མ་བྱས་དཀའ་མེད་ཡིན་སྟབས། ཕྱི་ཕྱོགས་ལ་དྲིལ་བསྒྲགས་ལོག་པ་མ་བྱས་པར་ཁ་ཁུ་སིམ་པོར་བསྡད་དགོས་པའི་སྡིགས་ར་སྐུལ་བ་སོགས། རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྣམས་ཀྱི་ཁ་བཀག་རྒྱུའི་ཐབས་བྱུས་གཅིག་མཚུངས་བེད་སྤྱོད་བྱས་ཡོད་པ་ལུང་འདྲེན་དང་སྦྲགས། ཁོང་ཚོ་ངའི་ཨ་ཁུའི་ཁྱིམ་དུ་བར་བསྐྱོད་པ་དེ་ནས་གནད་དོན་དེའི་ཐོག་འཇིགས་སྣང་སྐྱེ་བཞིན་ཡོད་པ་གསལ་པོ་ཡིན་སྟབས། ཁོང་ནས་ངེས་པར་དུ་རྒྱལ་སྤྱིའི་ཁྲོད་དེའི་སྐོར་གླེང་སློང་གང་མང་བྱེད་རྒྱུ་ཡིན་པ་དང་། ཁོང་གི་ཁ་ཁུ་སིམ་པོར་བསྡད་པ་དེས་ཁོང་གི་པཱ་ལགས་ཀྱི་བདེ་འཇགས་ལ་ཕན་ཐོགས་རྒྱུ་ལས་ལྡོག་སྟེ་དྲང་བདེན་མིན་པའི་བཙོན་འཇུག་ཁྲིམས་ཐག་བཅད་རྒྱུ་ལས་སླ་བ་བཟོ་རྒྱུ་ཡིན་པ་གསུངས་འདུག

Zhang Hongyuan ལགས་ཀྱིས་ཁོང་ཡུ་རོབ་རྒྱལ་ཁབ་ Netherlands ནང་དུ་གནས་སྤོ་བྱས་པའི་སྐབས་སུ་ཁོང་གི་པཱ་ལགས་ཀྲང་ཡི་སླར་ཡར་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ངེས་ཡིན་པའི་ཚོད་དཔག་གནང་ཐུབ་ཡོད་པ་དང་འབྲེལ། འདས་པའི་ལོ་གསུམ་ཙམ་གྱི་ནང་དུ་ Zhang Hongyuan ལགས་ཀྱིས་རྒྱལ་སྤྱིའི་གཞུང་ཚོགས་ཁག་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་དང་འབྲེལ་བ་བཟོས་ཏེ་གྲ་སྒྲིག་བྱེད་འགོ་བཙུགས་ཡོད་སྐོར་དང་འབྲེལ།   ཁོང་གི་པཱ་ལགས་ཀྲང་ཡི་ལགས་ཀྱི་ལོ་མང་རིང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཆེད་དུ་འཐབ་རྩོད་དྲན་གསོ་དང་འབྲེལ། ད་ལན་ཁོང་གི་ཕ་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་པ་དེ་ཁོང་གི་ངོས་ནས་སྔ་ས་ནས་སྔོན་དཔག་གནང་ཐུབ་ཡོད་པ་དང་། ཁོང་གི་ངོས་ནས་ Netherlands ནང་འདས་པའི་ལོ་གསུམ་ཙམ་ནས་ཉིན་མ་དེའི་ཆེད་དུ་གྲ་སྒྲིག་གནང་མུས་ཡིན་པའི་ཁྲོད། རང་གི་ཕ་གློད་བཀྲོལ་ཆེད་རྒྱ་ནག་ཕྱི་ཕྱོགས་ནས་ལས་འགུལ་སྤེལ་རྒྱུ་ཡིན་པ་གསུངས་འདུག

ཁོང་གིས་ལྷག་པར་དུ་ད་ལན་ཀྲང་ཡི་ལགས་སླར་ཡང་ཉེན་རྟོག་པས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོས་པའི་སྐབས་སུ། ཁོང་ལམ་སེང་རྒྱ་ནག་ནང་དུ་ཕྱིར་ལོག་གནང་རྒྱུའི་བསམ་བློ་བཏང་མེད་སྐོར་དང་འབྲེལ། ཁོང་ཕྱིར་ལོག་བྱས་པ་དེས་པཱ་ལགས་སྐྱོབ་ཐུབ་རྒྱུ་མིན་པ་ལས། པཱ་ལགས་དང་གཅིག་མཚུངས་ཀྱི་ཁོང་གི་ཁ་ཡང་བཀག་ངེས་དང་འབྲེལ། གནད་དོན་དེའི་སྐོར་ཕྱི་ཕྱོགས་ནས་སྐད་ཆ་བཤད་ཐུབ་མཁན་གཅིག་པོ་དེ་ཡང་མེད་པ་ཆགས་རྒྱུ་ཡིན་པ་དང་། Netherlands ནང་དུ་བཞུགས་ནས་ས་གནས་གཞུང་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག དེ་བཞིན་ཡུ་རོབ་ཁྱོན་དུ་ཡོད་པའི་ཁོང་གི་གྲོགས་པོ་རྣམས་ལ་འབྲེལ་བ་བྱེད་ཐུབ་རྒྱུ་ཡིན་པ་གསུངས་འདུག

Chinese Activist Zhang Yi Arrested for Showing Dalai Lama Photo; Son Recalls Years Spent Preparing for the Moment
Photo: Zhang Hongyuan

Zhang Hongyuan ལགས་ཀྱིས་བཅར་འདྲིའི་ཁྲོད། རང་ཉིད་ཆུང་དུས་ཀྱི་བྱུང་བ་དྲན་གསོ་དང་འབྲེལ། ཁོང་གི་པཱ་ལགས་ Zhang Yi ལགས་ཀྱིས་དེ་སྔ་ཕྱི་ལོ་ ༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན་རྗེས་སུ་ཝུ་ཧན་ནང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་གནང་སྟེ། པེ་ཅིང་ནས་གོང་ཀྲུའུ་བར་བསྐྱོད་མཁན་གྱི་མེ་འཁོར་ལྕགས་ལམ་དེ་ཆུ་ཚོད་གཉིས་ཙམ་གྱི་རིང་ལ་བཀག་པའི་གནད་དོན་དང་འབྲེལ། རྒྱ་ནག་གཞུང་གིས་དུས་དེ་ནས་བཟུང་ཀྲང་ཡི་ལགས་ཀྱི་ཐོག་ལ་ལྟ་སྲུང་དམ་དྲག་དང་སུན་གཙེར་བཟོས་པ་མ་ཟད། ཁོང་ཡང་ཡང་འཛིན་བཟུང་བྱས་པའི་ཁར། དུས་རྒྱུན་བུ་བཙོན་ཁང་ནང་དུ་ལུས་ནས་ཕ་ཡི་ཉེན་རྟོག་ལས་ཁུངས་སུ་བསྐྱོད་སར་ Zhang Hongyuan ཁོང་ཆུང་དུས་ནས་རང་གི་པཱ་ལགས་གློད་བཀྲོལ་ཆེད་ཉེན་རྟོག་ཁང་དུ་ཡང་ཡང་བསྐྱོད་མྱོང་ཡོད་པ་དང་།  ཁོང་གི་པཱ་ལགས་ཀྱིས་ལས་འགུལ་དང་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལས་འགུལ་བ་གཞན་དང་འབྲེལ་བ་དང་རོགས་པ་བྱས་པ་སོགས་ཀྱི་རྐྱེན་པས་ཁོང་རང་ཉིད་འཛིན་བཟུང་བཀག་ཉར་དང་ལྟ་སྲུང་། སུན་གཙེར་སོགས་ཀྱི་དཀའ་ངལ་མྱངས་བ་མ་ཟད། ཁོང་གི་ནང་མི་བུ་ཕྲུག་རྣམས་ལ་ཡང་ཉེན་རྟོག་པས་སྡིགས་ར་དང་སུན་གཙེར་སྣ་ཚོགས་བཟོས་པའི་ཁྲོད། ཁྱིམ་ཚང་གི་དཔལ་འབྱོར་གནས་སྟངས་དང་བདེ་འཇགས་ལ་ཡང་ཉེན་ཁ་ཕྲད་པའི་རྐྱེན་གྱིས་སྐབས་རེ་རང་ཉིད་ཀྱི་པཱ་ལགས་ལ་མི་དགའ་བའི་བསམ་བློ་ཡང་བཅངས་མྱོང་ཡོད་པ་དེ་ལྟར་ཡང་། རྗེས་སུ་རིམ་པའི་ཁོང་གི་པཱ་ལགས་ཀྱིས་དེ་ལྟར་གནང་དགོས་པའི་དགོས་པ་རྒྱུ་མཚན་ཤེས་རྟོགས་དང་བསམ་ཤེས་ཐུབ་ཡོད་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།