མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
Search
VOICE OF TIBET
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Pulses PRO
Tibetan Royal Year of 2150 | Year of the Water Rabbit
中文
Facebook
RSS
Soundcloud
Twitter
Youtube
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Voice Of Tibet
text
འཚོལ་བཤེར།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
འཚོལ་བཤེར།
- Advertisement -
TAG
༸གོང་ས་མཆོག་གིས་སྤྱི་ལོ་གསར་པའི་ནང་བཀྲ་ཤིས་པའི་ཉི་མ་ཤར་རྒྱུའི་ཐུགས་ཚོར་བྱུང་ཞེས་བཀའ་སྩལ་བ།
༸གོང་ས་མཆོག
༸གོང་ས་མཆོག་གིས་སྤྱི་ལོ་གསར་པའི་ནང་བཀྲ་ཤིས་པའི་ཉི་མ་ཤར་རྒྱུའི་ཐུགས་ཚོར་བྱུང་ཞེས་བཀའ་སྩལ་བ།
vot.org
-
01/01/2023
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དེ་རིང་འདི་ག་གནས་མཆོག་རྡོ་རྗེ་གདན་དུ་རི་བོ་དགེ་ལུགས་པའི་ཆོས་བརྒྱུད་འཛིན་པ་ཡོངས་ཀྱིས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་ཕྱིར་བླ་མ་མཆོད་པའི་ཆོ་གའི་ཐོག་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད་པ་ལྟར། ༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ད་དུང་དགུང་གྲངས་བརྒྱ་ལྷག་ལྷག་བཞུགས་རྒྱུའི་དགོངས་པ་ཡོད་སྐོར་བཀའ་སྩལ་བ་མ་ཟད། སྤྱི་ལོ་གསར་པའི་ནང་བཀྲ་ཤིས་པའི་ཉི་མ་ཤར་རྒྱུའི་ཐུགས་ཚོར་བྱུང་ཞེས་བཀའ་སྩལ་སོང་།དེ་རིང་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོ་དངོས་གཞི་དབུ་འཛུགས་མ་གནང་གོང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་མགོན་པོ་༸གང་ཉིད་མཆོག་གི་མཚན་དང་དགོངས་གཞི་བཅས་པ་མི་མང་ཚང་མས་རྒྱུས་མངའ་ཡོད་པ་ཞིག་རེད་ཅེས་བཀའ་སྩལ་བ་དང་སྦྲགས་ཏེ་དགུང་གྲངས་བརྒྱ་ལྷག་༸སྐུ་འཚོ་བཞུགས་མཛད་རྒྱུ་ཡིན་ཞེས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་ཡོད།མང་ཚོགས་ཀྱི་ངོས་ནས་རྒྱུན་དུ་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉམས་བཞེས་གནང་སྟེ་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་དགོས་པའི་ལམ་སྟོན་སྩལ་བ་དང་ཆབས་ཅིག བོད་ལ་ད་བར་རྐྱེན་ངན་བར་ཆད་མང་དག་ཅིག་འཕྲད་ཡོད་ཀྱང་ད་ཆ་རྐྱེན་ངན་གྲོགས་ཤར་ལྟ་བུ་གྱུར་ནས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དང་རིག་གཞུང་ལ་འཛམ་གླིང་ནང་དམིགས་བསལ་དོ་སྣང་གནང་ཡུལ་ཞིག་ཆགས་ཡོད་པ་སོགས་བཀའ་སྩལ་སོང་།མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་ཆོས་དང་ཪིག་གཞུང་གཉིས་ནི་འཛམ་གླིང་གི་སྤྱི་ནོར་ཡིན་པ་བཀའ་སྩལ་དང་འབྲེལ། ང་ཚོ་ཚང་མས་དེ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་གནང་གལ་ཆེ་བ་དང་། དེ་རིང་སྤྱི་ལོ་གསར་པའི་ཚེས་ཤར་དང་བསྟུན་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དབུ་བཞུགས་ཐོག་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་འདི་ནི་མ་སྒྲིག་ལྷུན་གྲུབ་བྱུང་ཡོད་པར་བཀའ་སྩལ་བ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་ལ་སྤྱི་ལོ་གསར་པའི་ནང་བཀྲ་ཤིས་པའི་ཉི་མ་ཤར་རྒྱུའི་ཐུགས་ཚོར་བྱུང་ཞེས་བཀའ་སྩལ་ཡོད།བརྟན་བཞུགས་ཀྱི་མཛད་སྒོའི་མཇུག་ཏུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གནས་མཆོག་ཁྱད་པར་ཅན་རྡོ་རྗེ་གདན་དུ་བཀའ་ཆོས་སྩལ་རྒྱུ་བྱུང་བར་སྐལ་པ་བཟང་པོ་བྱུང་ཞེས་དང་། གཙོ་བོ་སེར་སྐྱ་མི་མང་གི་ངོས་ནས་དད་དམ་གཡོ་བ་མེད་པ་ཡོད་པ་དེས་སྤྱི་སྒེར་གྱི་རེ་སྨོན་བདེ་བླག་ཡོང་ངེས་ཡིན་སྐོར་བཀའ་སྩལ་བ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་ཡུན་དུ་བཞུགས་པའི་ཐོག་ནས་བསྟན་པའི་བྱ་བར་མཛད་པ་རྒྱ་གང་ཆེ་བསྐྱང་ཐུབ་པར་ཐུགས་སྨོན་མཛད་ཀྱི་ཡོད་ཅེས་བཀའ་སྩལ་ཡོད།རྩ་བའི་ཐེངས་འདིའི་བརྟན་བཞུགས་བསྟར་འབུལ་ཞུས་པ་འདི་ནི་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་འཛིན་པ་ཡོངས་ཀྱིས་ཆོས་དང་དུས། སྟོན་པ། གནས། འཁོར་བཅས་ཕུན་ཚོགས་ལྔ་ལྡན་གྱི་སྒོ་ནས་གསོལ་འདེབས་ཞུས་པ་ཞིག་ཡིན་པ་རེད།
Latest news
རེས་གཟའ་ཟླ་བ། ༢༠༢༣།༠༣།༢༠
20/03/2023
གྲོས་ཚོགས་ཀྱི་ལས་ཉིན་ལྔ་པ་ཡོངས་རྫོགས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོར་བཏང་བ།
20/03/2023
བོད་དང་ཁ་ཆེ་གཉིས་དབར་དམིགས་བསལ་འབྲེལ་བ་ཡོད་པར་བཀའ་སྩལ་བ།
20/03/2023
མོན་གྷོ་འདོད་རྒུ་གླིང་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༦ དབུ་འཛུགས།
20/03/2023
སུད་སི་ནང་བོད་མི་གཙོས་སྐྱབས་བཅོལ་ཞུ་མི་རྣམས་ཀྱི་དཀའ་ངལ་སེལ་ཆེད་གྲོས་ཆོད་གཏན་འབེབས།
20/03/2023
- Advertisement -
(Visited 2 times, 1 visits today)