Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

༸གོང་ས་མཆོག་གིས་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྟ་སྐྱོང་སྡེ་ཚན་གྱི་གཙོ་འཛིན་མཆོག་ལ་འབར་མའི་ཁ་ཆེ་སྐྱབས་བཅོལ་ཚོར་གཟིགས་རྟོག་ཡོང་བར་འབོད་སྐུལ་གནང་འདུག

༸གོང་ས་མཆོག་ཡོ་རོབ་ལཊ་ཝི་ཡའི་རྒྱལ་ས་རི་གྷ་ནང་༸ཞབས་སོར་བདེ་བར་འཁོད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཨི་ཊ་ལི་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། དེ་རིང་སྔ་ཚོུད་ ༨།༠༠ ཙམ་ལ་ཡུལ་དེའི་གྲོང་ཁྱེར་ Pisa ནས་མཁའ་ལམ་བརྒྱུད་ Latvia འི་རྒྱལ་ས་ Riga ཕྱོགས་སུ་ཆིབས་ཐོན་མཛད་ནས་ཉིན་རྒྱབ་ཚོུད་ ༡༡།༣༠ ཐོག་མགོན་པོ་༸གང་ཉིད་མཆོག་ཁུལ་དེར་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། སྐབས་དེར་ཆིབས་སྒྱུར་གོ་སྒྲིག་ཞུ་མཁན་བོད་སྐྱོབ་ཚོགས་པའི་ཚོགས་མི་དང་ཁུལ་དེའི་དད་ལྡན་མང་ཚོགས་གཙོ་གྱུར་གྱི་ནང་སྲོག་དང་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་རྣམས་ནས་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སང་ཕྱི་ཚེས་ ༢༣ དང་ ༢༤ བཅས་ཉིན་གཉིས་རིང་ལ་རི་གྷ་གྲོང་གྱི་ Skonto ཚོགས་ཁང་དུ་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པ་དང་། ༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་བཀའ་ཆོས་བསྩལ་གྱི་ཡོད་པ་མ་ཟད། ཕྱི་ཚེས་ ༢༥ ཉིན་ལ་ཚོགས་ཁང་དེའི་ནང་དུ་ས་གནས་མང་ཚོགས་རྣམས་ལ་ས་མཚམས་མེད་པའི་མཐུན་སྒྲིལ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་བསྩལ་གྱི་ཡོད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་ནས་རྒྱལ་ས་རི་གྷ་ནང་གི་མཛད་འཆར་ཁྲོད།...

༸གོང་ས་མཆོག་གིས་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྟ་སྐྱོང་སྡེ་ཚན་གྱི་གཙོ་འཛིན་མཆོག་ལ་འབར་མའི་ཁ་ཆེ་སྐྱབས་བཅོལ་ཚོར་གཟིགས་རྟོག་ཡོང་བར་འབོད་སྐུལ་གནང་འདུག

ཉེ་བའི་ཆར་འབར་མའི་ཡུལ་གྱི་ཁ་ཆེའི་གྲངས་ཉུང་མི་རིགས་དང་ནང་པ་གྲངས་མང་མི་རིགས་དབར་ལ་དྲག་སྤྱོད་ཀྱི་འགལ་བ་བྱུང་ནས་རཱོ་ཧིན་གྷ་ཡ་ཁ་ཆེ་མི་གྲངས་འབུམ་ཁ་ཤས་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་ཌེ་ཤ་ནང་དུ་སྐྱབས་བཅོལ་དུ་འབྱོར་ཡོད་པ་མ་ཟད། ད་ལྟའི་ཆར་སྐྱབས་བཅོལ་བ་དེ་དག་གི་གནས་སྟངས་ཧ་ཅང་ཐབས་སྐྱོ་བོ་ངང་གནས་ཡོད་པ་རེད། བོད་མིིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་གིས་ཁ་སང་ཡོ་རོབ་རྒྱལ་ཁབ་ཨི་ཊ་ལི་ནང་དུ་མཛད་འཕྲིན་སྐྱོང་བཞིན་པའི་ཁྲོད། འབར་མའི་རཱོ་ཧིན་གྷ་ཡ་ཁ་ཆེའི་སྐྱབས་བཅོལ་བའི་གནས་སྟངས་དང་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྟ་སྐྱོང་སྡེ་ཚན་གྱི་གཙོ་འཛིན་སྐུ་ཞབས་ Filippo Grandi མཆོག་ལ་ཕྱག་བྲིས་ཤིག་གནང་འདུག མགོན་པོ་༸གང་ཉིད་མཆོག་གིས་འབར་མའི་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམ་པས་དཀའ་རྙོག་དེ་ཁུལ་དེའི་ནང་ཡོད་པའི་འབྲེལ་ཡོད་ཚང་མའི་ཁེ་ཕན་ལ་སྨིན་པའི་ཐབས་ལམ་ཞིག་འཚོལ་ནས་དཀའ་རྙོག་དེ་སེལ་རྒྱུར་ཐུགས་རེ་ཡོད་ཅེས་བཀའ་བསྩལ་འདུག ལྷག་པར་དུ་༸གང་ཉིད་མཆོག་གིས་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་སྡེ་ཚན་གྱི་གཙོ་འཛིན་མཆོག་གིས་སྣེ་ཁྲིད་འོག་ད་ལྟའི་ཆར་ཆེས་ཛ་དྲག་དང་ཡ་ང་བའི་འབར་མའི་ཁ་ཆེའི་སྐྱབས་བཅོལ་ཚོར་ངལ་སེལ་རོགས་སྐྱོར་དང་མཐུན་རྐྱེན་འབྱོར་སྤྲོད་གནང་བཞིན་པའི་ལས་དོན་ཁག་ལ་རྒྱབ་སྐྱོར་མཚོན་ཕྱིར་དགའ་ལྡན་ཕོ་བྲང་ཐེབས་རྩ་ནས་ཞལ་འདེབས་བསྩལ་རྒྱུ་ཡིན་ཞེས་བཀའ་བསྩལ་འདུག  

Latest news

- Advertisement -spot_img