Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

༸གོང་ས་མཆོག་གིས་སྦེང་ལོར་ནང་གི་རྒྱལ་ཁབ་ ༢༠ ཙམ་གྱི་དོན་གཅོད་ཚོར་འཇིག་རྟེན་ཀུན་ཁྱབ་འགན་ཁུར་དང་བྱམས་བརྩེའི་སྐོར་བཀའ་སྩལ་མཛད་པ།

༸གོང་ས་མཆོག་གིས་སྦེང་ལོར་ནང་ཁྲིམས་ཀྱི་སློབ་གཉེར་ཁང་ཆེ་གྲས་ཤིག་ལ་ཆིབས་བསྒྱུར་མཛད་པ།

དེ་རིང་ཟླ་ ༡༢ ཚེས་ ༡༥ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྦེང་ལོར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་ཡོངས་ནང་གི་ཁྲིམས་ཀྱི་སློབ་གཉེར་ཁང་སྙན་སྒྲགས་ཆེ་ཤོས་ National Law School of India University ཞེས་པ་དེར་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་རེད། དེ་རིང་ཟླ་ ༡༢ ཚེས་ ༡༥ ཉིན་སྦེང་ལོར་ནང་གི་སྙན་སྒྲགས་ཆེ་བའི་ཁྲིམས་ཀྱི་སློབ་གཉེར་ཁང་དེའི་ངོས་ནས་ལོ་ཤས་གོང་༸གང་ཉིད་མཆོག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་མཛད་རྒྱུར་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་མཆོག་སྦེང་ལོར་དུ་ཆིབས་བསྒྱུར་གནང་པ་དང་བསྟུན་སློབ་གཉེར་ཁང་དུ་དངོས་སུ་ཆིབས་བསྒྱུར་བཀྲིན་ཆེ་བ་བསྐྱངས་ཏེ་དགེ་ལས་སློབ་གཉེར་བ་རྣམས་ལ་བླང་དོར་གྱི་བཀའ་སློབ་བསྩལ་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་དགེ་ལས་སློབ་གཉེར་བ་རྣམས་ལ་དུས་རབས་ ༢༡ པ་འདི་ཞི་བདེ་ལྡན་པའི་དུས་རབས་ཤིག་ཏུ་བསྐྲུན་རྒྱུའི་ཐད་གཞོན་སྐྱེས་ཚོར་འོས་འགན་ཆེན་པོ་ཡོད་སྐོར་བཀའ་སྩལ་གནང་པ་དང་འབྲེལ། འཕགས་བོད་གཉིས་ཟེར་ནས་ལོ་རྒྱུས་ཐོག་ནས་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་པ་དང་དེ་ནི་ཧ་ལམ་ཆོས་དང་ལྟ་གྲུབ་ཀྱི་ཆ་ནས་ང་ཚོ་དབར་དམིགས་བསལ་གྱི་འབྲེལ་བ་ཞིག་ཆགས་ཡོད་སྐོར་བཀའ་བསྩལ་མཛད་འདུག དེ་རིང་༸གང་ཉིད་མཆོ་གིས་སྦེང་ལོར་ནང་གི་མཛད་འཆར་མཐའ་མ་བསྐྱངས་གྲུབ་བསྟུན། སང་ཉིན་ཕྱི་ཚེས་ ༡༦ ཉིན་༸གོང་ས་མཆོག་མཁའ་ལམ་བརྒྱུད་མོན་གྷོ་ཕྱོགས་སུ་ཆིབས་བསྒྱུར་མཛད་རྒྱུ་རེད་འདུག རྩ་བའི་༸གོང་ས་མཆོག་གིས་མོན་གྷོ་བོད་མིའི་གཞིས་སྒར་དུ་བོད་ཀྱི་ལོ་རྒྱུས་ནང་ཆེས་ཐོག་མ་ཆགས་པའི་དགེ་བཤེས་མའི་བསླབ་པ་མཐར་སོན་གྱི་བཙུན་ ༢༠...

༸གོང་ས་མཆོག་གིས་སྦེང་ལོར་ནང་གི་རྒྱལ་ཁབ་ ༢༠ ཙམ་གྱི་དོན་གཅོད་ཚོར་འཇིག་རྟེན་ཀུན་ཁྱབ་འགན་ཁུར་དང་བྱམས་བརྩེའི་སྐོར་བཀའ་སྩལ་མཛད་པ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀར་ནཱ་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་ནང་རྟེན་གཞི་བྱས་པའི་རྒྱལ་ཁབ་འདྲ་མིན་གྱི་དོན་གཅོད་མི་སྣ་བཅས་མི་གྲངས་ ༢༠༠ ལྷག་ལ་འཇིག་རྟེན་ཀུན་ཁྱབ་འགན་ཁུར་དང་བྱམས་བརྩེའི་སྐོར་བཀའ་སྩལ་གནང་འདུག ཁ་སང་ཟླ་ ༡༢ ཚེས་ ༦ ཉིན་ གྱི་སྔ་དྲོ་ཚོུད་ ༡༠ ཐོག་༸གོངས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྦེང་ལོར་ནང་སྙན་གྲགས་ཆེ་བའི་གསོལ་མགྲོན་ཁང་ (Hotel ITC Windsor) གི་ཚོགས་ཁང་ཆེན་མོའི་ནང་སྦེང་ལོར་ནང་རྟེན་གཞི་བྱས་པའི་ཕ་རན་སི་སོགས་རྒྱལ་ཁབ་ཁག་འདྲ་མིན་གྱི་སྐུ་ཚབ་དོན་གཅོད་རྣམ་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། ༸རྒྱལ་བའི་གསུང་འབུམ་ཕྱོགས་སྒྲིག་སྡེ་ཚན་གྱི་འགན་འཛིན་སེར་སྨད་ཡང་སྟེང་རིན་པོ་ཆེ་མཆོག ཨོ་སི་ཊོ་རི་ཡར་བཅའ་བཞུགས་གཉན་རྩེ་སྤྲུལ་སྐུ་བློ་བཟང་དམ་ཆོས་མཆོག དེ་བཞིན་རྒྱལ་ཁབ་ ༢༠ ཙམ་གྱི་གཞུང་འབྲེལ་གནད་ཡོད་མི་སྣ་བཅས་ཁྱོན་མི་གྲངས་ ༢༠༠ ལྷག་ལྷན་ཞུགས་ཡོད་པའི་ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོར་ཆིབས་སྒྱུར་གནང་ཡོད་པ་རེད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་འཛམ་གླིང་ཐོག་འཕྲད་བཞིན་པའི་དཀའ་ངལ་དེ་དག་སེལ་ཐབས་སུ་བཀའ་སློབ་སྩལ་དོན་ལ། དཀའ་ངལ་དེ་དག་འཕྲད་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་མི་རྣམས་ཀྱི་རྒྱུད་ལ་ངར་འཛིན་གྱིི་བློ་ཤུགས་ཆེ་ཡོད་པས་འཛམ་གླིང་གི་འགྲོ་བ་མི་ཕན་ཚུན་གཅིག་འགྱུར་གྱི་འདུ་ཤེས་དང་བསམ་བློ་མེད་པའི་དབང་གིས་བྱུང་བའི་དཀའ་རྙོག་ཞིག་ཡིན་པར་བཀའ་བསྩལ་མཛད་འདུག ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆོག་གིས་འཛམ་གླིང་འདིའི་སྟེང་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་ཚང་མ་མ་ལས་སྐྱེས་པ་གཅིག་མཚུངས་ཡིན་སྟབས། འགྲོ་བ་མི་རིགས་ཡོངས་རྫོགས་མི་གཅིག་གྱུར་ཡིན་པའི་འདུ་ཤེས་ངེས་པར་དུ་འཛིན་དགོས་པ་ལས་དེ་ལས་ལྡོག་ཏེ་དབུལ་ཕྱུག་དང་། ཤེས་ཡོན་ལྡན་མིན། གོ་གནས་མཐོ་དམའ།...

Latest news

- Advertisement -spot_img