Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

༸གོང་ས་མཆོག་དབུ་བཞུགས་ཀྱིས་༸གང་ཉིད་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ ༢༦ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ།

༸གོང་ས་མཆོག་དབུ་བཞུགས་ཐོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་དང་བོད་མིའི་སྒྲིག་འཛུགས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་འདུག

མང་གཙོ་གོང་སྤེལ་བསྟི་གནས་ཁང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་དང་བོད་མིའི་སྒྲིག་འཛུགས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་འདུག དེ་ཡང་ཁ་སང་ཟླ་ ༦ ཚེས་ ༡༥ ཉིན་གྱི་སྔ་དྲོར་ཨ་རིའི་ཕོ་བྲང་དཀར་པོའི་ས་ཁྲའི་ལས་ཁུངས་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་རྣམ་གཉིས་མཇལ་འཕྲད་མཛད་ཟིན་པའི་ཉིན་རྒྱབ་ཏུ་མགོན་པོ་༸གང་ཉིད་མཆོག་ནས་ཁུལ་དེར་རྟེན་གཞི་བྱས་པའི་ National Endowment for Democracy ཞེས་མང་གཙོ་གོང་སྤེལ་བསྟི་གནས་ཁང་གི་ལས་ཁུངས་སུ་ཆིབས་སྒྱུར་དང་སྦྲགས མང་གཙོ་དང་རེ་བ་ཞེས་པའི་བགྲོ་གླེང་གི་ཚོགས་མགོན་དུ་དབུ་བཞུགས་མཛད་ཡོད་པ་དང་། སྐབས་དེར་ མང་གཙོ་གོང་སྤེལ་བསྟི་གནས་ཁང་དེས་བསྐལ་བཟང་གི་དུས་ཚོད་དམ་འཛིན་ཆེན་པོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་དང་བོད་མིའི་སྒྲིག་འཛུགས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་འདུག མཛད་རིམ་གྱི་ཐོག་མར་ཚོགས་པ་དེའི་ཚོགས་གཙོ་ Carl Gershman ལགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག རྒྱ་གཞུང་གི་བཙོན་ཁང་ནང་གློ་བུར་དུ་༸སྐུ་འདས་གྲོངས་སུ་གྱུར་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆེ་དམ་པ་ཁོང་གིས་བོད་མིའི་འཐབ་རྩོད་ཁྲོད་མི་རིགས་ཀྱི་ལ་རྒྱ་དང་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཐད་ལ་རླབས་ཆེན་གྱི་མཛད་རྗེས་བསྐྱངས་པར་ཆེ་བསྟོད་དང་སྦྲགས། Democracy Service Medal འམ་མང་གཙོ་ཞབས་ཞུའི་གཟེངས་རྟགས་འབུལ་བཞེས་གནང་འདུག གཟེངས་རྟགས་དེ་བཞུགས་སྒར་གནས་སྡོད་རིན་པོ་ཆེ་མཆོག་གི་ཚ་བོ་དགེ་བཤེས་འཇམ་དབྱངས་ཉི་མ་ལགས་ནས་བཞེས་ཡོད་པ་དང་། སྐབས་དེར་དགེ་བཤེས་ཉི་མ་ལགས་ཀྱིས་ཚོགས་པ་དེའི་ངོས་ནས་རིན་པོ་ཆེའི་མཛད་རྗེས་ཁག་ལ་ངོས་འཛིན་གྱིས་གཟེངས་རྟགས་གནང་བར་རིན་པོ་ཆེའི་འབྲེལ་ཡོད་ནང་མི་དང་ཁོང་གི་རྗེས་འཇུག་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་དང་སྦྲགས། གཟེངས་རྟགས་འདི་རིན་པོ་ཆེ་གཅིག་པུ་ཙམ་མ་ཡིན་པར་རིན་པོ་ཆེ་དང་འདྲ་བའི་རྒྱ་གཞུང་གིས་བཙོན་འོག་ཏུ་ཡོད་པའི་བོད་མི་ཡོངས་ལ་ཐོབ་པ་ཞིག་ཏུ་ངོས་འཛིན་ཞུ་ཡི་ཡོད་པ་གསུངས་འདུག གཞན་ཡང་མང་གཙོ་གོང་སྤེལ་བསྟི་གནས་ཁང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་བཞིན་མང་གཙོའི་ལམ་ལུགས་ཚད་ལྡན་ཐོག་སྐྱོད་བཞིན་པར་ངོས་འཛིན་གྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་ཀྱང་འབུལ་བཞེས་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་འབྲེལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་མང་གཙོ་ཚད་ལྡན་ཐོག་སྐྱོད་བཞིན་ཡོད་པ་མ་ཟད།...

༸གོང་ས་མཆོག་དབུ་བཞུགས་ཐོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་རྒྱུ།

རྒྱ་ནག་གཞུང་གི་བཙོན་ཁང་ནང་གློ་བུར་དུ་སྐུ་འདས་གྲོངས་སུ་གྱུར་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་རྒྱུ་ཡིན་འདུག དེ་ཡང་རིང་མིན་ཟླ་བ་འདིའི་ཕྱི་ཚེས་ ༡༣ ནས་འགོ་འཛུགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་རྒྱ་ས་ཝ་ཤིང་ཊོན་ཌི་སི་ Washington DC གཙོས་པའི་ཨ་རིའི་མངའ་སྡེ་ཆེ་ཁག་ Colorado དང་ Indiana དེ་བཞིན་ Utah བཅས་ཀྱི་ནང་ལ་ཆིབས་བསྒྱུར་བསྐྱང་གཏན་ཁེལ་བ་དང་བསྟུན། ཁུལ་དེའི་རྒྱལ་སར་རྟེན་གཞི་བྱས་པའི་ National Endowment For Democracy འམ་མང་གཙོ་གོང་སྤེལ་ཚོགས་པས་ཕྱི་ཚེས་ ༡༥ ཉིན་༸གང་ཉིད་མཆོག་དབུ་བཞུགས་ཐོག་མང་གཙོའི་ལས་འགུལ་བ་ཁག་ཅིག་དབར་མང་གཙོའི་ལྟ་གྲུབ་དང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་སྐོར་ལ་བཀའ་བསྡུར་གྱི་མཛད་རིམ་ཞིག་གོ་སྒྲིག་གནང་གི་ཡོད་པ་རེད། སྐབས་དེར་ཚོགས་པ་དེས་རྒྱ་གཞུང་གི་བཙོན་ཁང་ནང་གློ་བུར་དུ་སྐུ་འདས་གྲོངས་སུ་གྱུར་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆེ་མཆོག་གིས་བོད་མིའི་འཐབ་རྩོད་ཁྲོད་མི་རིགས་ཀྱི་ལ་རྒྱ་དང་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཐད་ལ་རླབ་ཆེན་གྱི་མཛད་རྗེས་བསྐྱངས་པར་ཆེད་བསྟོད་དང་སྦྲགས། Democracy Service Medal...

༸གོང་ས་མཆོག་དབུ་བཞུགས་ཐོག་སྲིད་སྐྱོང་མཆོག་གིས་དམ་འབུལ་བཞེས་གནང་པ།

དེ་རིང་ཟླ་ ༥ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཚོུད་ ༩།༣༠ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཛད་སྒོའི་གཙོ་མགོན་དུ་དབུ་བཞུགས་གཙོས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་གཙོས་རྒྱུན་ལས་རྣམ་པ། གནད་ཡོད་སྐུ་མགྲོན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། གཞུང་འབྲེལ་མིན་པའོ་ཚོགས་ཁག་གི་སྐུ་ཚབ། དེ་བཞིན་བཞུགས་སྒར་ཁུལ་དུ་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་སེར་སྐྱ་མང་ཚོགས་བཅས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་སྲིད་སྐྱོང་མཆོག་གིས་ལས་འཁུར་དང་གསང་རྒྱའི་དམ་འབུལ་གྲུབ་བསྟུན། དམ་འབུལ་མ་དེབ་ཐོག་མཚན་རྟགས་བཀོད་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཐོག་མར་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་ནས་བཀྲིས་པའི་འཚམས་འདྲི་ཞུས་པ་དང་སྦྲགས། མགོན་པོ་མཆོག་ནས་བདག་ཅག་བོད་འབངས་རྣམས་ལ་ཐུགས་རྗེའི་སྐྱབས་འོག་ནས་ནམ་ཡང་མི་འདོར་བར་ཐུགས་བརྩེ་བ་ཆེན་པོས་དམ་འབུལ་གྱི་མཛད་སྒོའི་ཚོགས་དགོན་དུ་ཆིབས་སྒྱུར་བསྐྱངས་པར་བཀྲིན་བླ་མེད་དུ་ཆེ་ཞེས་དང་། བཀའ་ཤག་གིས་ངོས་ནས་༸གང་ཉིད་ཀྱི་༸སྐུ་ཚེའི་རིང་བོད་མིའི་མངོན་འདོད་འགྲུབ་ཐུབ་པ་ཡོང་ཆེད་བཀའ་ཤག་ནས་འབད་བརྩོན་ཞུ་སྒོ་འཐུས་ཤོར་མེད་པ་ཞུ་རྒྱུའི་དམ་བཅའ་ཕུལ་གནང་སོང་། སྲིད་སྐྱོང་མཆོག་གིས་རྒྱ་ཆེ་མང་ཚོགས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། ལྷག་དོན་ཕྱག་སྦྲེལ་བཀའ་བློན་རྣམས་པ་དང་སྲི་ཞུ་ལས་བྱེད་ཡོངས་ནས་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་སྤྱིའི་ཐད་ནས་ནུས་པ་མཉམ་སྤུངས་གནང་པར་བསྔགས་བརྗོད་གནང་པ་དང་ཆབས་ཅིག འབྱུང་འགྱུར་བཀའ་ཤག་སྐབས་བཅོ་ལྔ་པའི་ལས་ཡུན་རིང་རང་ནུས་གང་ལྕོགས་ལྷག་བློ་ཆེ་བསྐྱེས་ཀྱིས་ཞབས་ཕྱི་ཞུ་རྒྱུའི་ཁས་ལེན་ཞུ་གནང་པ་མ་ཟད།  བཀའ་ཤག་གི་གཞི་རྩའི་ལྟ་གྲུབ་གསུམ་ལ་རྒྱབ་རྟེན་དུ་བཟུང་སྟེ། སྔར་གྱི་ལས་འཆར་མུ་མཐུད་མཇུག་སྐྱོང་ཐོག་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་སྔར་ལྷག་ནུས་པ་ཐོན་པ་ཡོང་ཆེད་ལས་གཞི་གསར་པ་དུས་ནས་དུས་སུ་འབད་བརྩོན་ཞུ་རྒྱུ་དང་། གཞིས་བྱེས་རྒྱ་ཆེ་མང་ཚོགས་ནས་ཀྱང་ཆོས་ཁ་དང་ལུང་ཚན། ཆོས་ལུགས་བཅས་ཀྱི་དབྱེ་བ་མེད་པར་ཕུགས་ཀྱི་བསམ་འདུན་གཅིག་ཡིན་པ་དང་། བོད་རིགས་སྤུན་ཟླ་ཡིན་པའི་འདུ་ཤེས་བརྟན་པོར་བཟུང་སྟེ་མུ་མཐུད་རྒྱབ་སྐྱོར་དང་ཕྱར་གྲུ་མཉམ་འདེགས་གནང་བའི་རེ་བ་གནང་བཞིན་ཡོད་པ་གསུངས་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་གི་༸སྐུ་མདུན་དུ་ད་ལན་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་བརྒྱུད་རིམ་ཁྲོད་བོད་མིའི་ཡ་རབས་བཟང་སྤྱོད་དང་འགལ་བའི་བྱ་སྤྱོད་ཐལ་བ་སོགས་ལ་བརྟེན་ནས་ལྷ་དགོངས་དཀྲུག་པ་བྱུང་ཡོད་སྟབས།...

༸གོང་ས་མཆོག་དབུ་བཞུགས་ཐོག་སྲིད་སྐྱོང་གི་དམ་འབུལ་མཛད་སྒོ་ཚོགས་རྒྱུ་རེད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་གོང་མའི་ཕྱི་ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་སླར་ཡང་སྲིད་སྐྱོང་དུ་འདེམས་ཐོན་བྱུང་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་ཚོུད་ ༩།༣༠ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཛད་སྒོའི་གཙོ་མགོན་དུ་དབུ་བཞུགས་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་གནང་གཏན་འཁེལ་ཡོད་པ་རེད་འདུག

༸གོང་ས་མཆོག་དབུ་བཞུགས་ཐོག་རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་དང་དེང་དུས་ཚན་རིག་ཅེས་པའི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་ཚོགས་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་གནའ་བོའི་རྒྱ་གར་ལྟ་གྲུབ་དང་དེང་ཚན་རིག་ཅེས་པའི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་ཚོགས་གནང་ཡོད་པ་རེད། དེ་རིང་ཟླ་ ༤ ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོར་ཚོུད་ ༩།༠༠ སྟེང་དཔའ་ལྡན་དགའ་ལྡན་ཕོ་བྲང་གི་ཡིག་ཚང་གིས་གོ་སྒྲིག་འོག བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་གིས་དབུ་བཞུགས་ཐོག རྒྱ་གར་གྱི་ཨང་རྩིས་མཁས་པ་སྐུ་ཞབས་ C.K. Raju ལགས་དང་། Italy འི་རྫས་སྦྱོར་རིག་པའི་མཁས་པ་སྐུ་ཞབས་ Pierluigi Luisi ལགས། འཇིག་རྟེན་ཁམས་དང་ཁོར་ཡུག་རིག་པའི་ཐོག་མཁས་པ་སྐུ་ཞབས་ Come Carpentier de Gourdon ལགས། Mumbai...

༸གོང་ས་མཆོག་དབུ་བཞུགས་ཀྱིས་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བའི་སྲུང་བརྩིའི་མཛད་སྒོ་ཚོགས་པ།  

དེ་རིང་ཟླ་ ༣ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཚོུད་ ༩།༣༠ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་མགྲོན་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གཙོས་པའི་སྐུ་མགྲོན་དུ་ཧི་མཱ་ཅལ་མངའ་སྡེའི་ནགས་ཚལ་བློན་ཆེན་སྐུ་ཞབས་ thakur singh bharmouri མཆོག་དང་ཧི་མཱ་ཅལ་མངའ་སྡེའི་ཚེའི་རིག་བྱེད་བློན་ཆེན་སྐུ་ཞབས་ Karan Singh  མཆོག ཧི་མཱ་ཅལ་མངའ་སྡེའི་ས་གནས་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ravi Thakur མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན། སྨན་རྩིས་ཁང་གི་དགེ་སློབ་ལས་བྱེད་རྣམས། དེ་བཞིན་རྡ་སར་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་སེར་སྐྱ་མང་ཚོགས་བཅས་འདུ་འཛོམས་ཀྱིས་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་...

༸གོང་ས་མཆོག་དབུ་བཞུགས་ཐོག་སེ་ར་ཐེག་ཆེན་གླིང་དུ་སེམས་དང་སྲོག་གི་ཚོགས་འདུ་ཐེངས་ ༣༠ དབུ་འཛུགས་གནང་པ།

དེ་རིང་ཕྱི་ཟླ་ ༡༢ ཕྱི་ཚེས་ ༡༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་བྱེས་ཀྱི་གདན་ས་སེ་ར་ཐེག་ཆེན་གླིང་དུ་ཕྱི་ནང་མཁས་དབང་ ༢༤ ལྷན་ཞུགས་ཀྱིས་སེམས་དང་སྲོག་གི་ཚོགས་འདུ་ཐེངས་ ༣༠ དབུ་འཛུགས་གནང་ཡོད་པ་རེད།    སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་མཆོག་༸སྐུ་ན་ཕྲ་བའི་དུས་ནས་ཚན་རིག་ལ་དོ་སྣང་ཡོད་པ་ཙམ་དུ་མ་ཟད། ལྷག་དོན་བཙན་བྱོལ་དུ་ཞབས་སོར་འཁོད་རྗེས་དེང་དུས་ཚན་རིག་པ་དང་མཇལ་འཕྲད་ཀྱིས་རིམ་བཞིན་ནང་པའི་ཚན་རིག་དང་དེང་དུས་ཚན་རིག་དབར་སེམས་དང་སྲོག་གི་ཚན་རིག་ཐོག་བགྲོ་གླེང་གནང་ནས་དུས་ལྟ་བར་བྱུང་རིམ་ཁག་ཞིབ་རྒྱས་ངོ་སྤྲོད་མཛད་པ་དང་སྦྲགས།    སངས་རྒྱས་པའི་ཆོས་པ་སྤྱི་དང་སྒོས་སུ་དཔལ་ན་ལེནྡྲའིི་ཆོས་རྒྱུད་འཛིན་མཁན་ཚོར་དེང་དུས་ཚན་རིག་གི་རིག་གསར་ཁག་ལ་ཞིབ་འཇུག་གིས་ཕན་ཐོགས་ཡོད་པ་ཙམ་དུ་མ་ཟད། དེ་མཚུངས་སུ་དེང་དུས་ཀྱི་ཚན་རིག་པར་ནང་པའི་གཞུང་ནས་གསུང་པའི་མྱོང་ཚོར་དང་འབྲེལ་བའི་སེམས་དོན་རིག་པའི་སྐོར་ནས་ཕར་ཕན་ཐོགས་ཡོད་སྟབས།  དེང་ཆར་རིམབཞིན་གདན་ས་ཁག་གི་ནང་ལ་ཚན་རིག་སློབ་སྦྱོང་གི་ལམ་སྲོལ་བཙུགས་ཏེ་གྲུབ་འབྲས་མི་དམན་པ་བྱུང་ཡོད་པའི་བཀའ་བརྩལ་གནང་ཡོད་པ་རེད། ད་དུང་མགོན་པོ་མཆོག་གིས་ཚག་གི་བགྲོ་གླེང་དེ་ལྟར་ཚོགས་པའི་དགོས་དམིགས་གཙོ་བོ་ནི་ཆོས་དད་ཡོད་མིན་ལ་མ་ལྟོས་པར་འགྲོ་བ་མིའི་རིགས་ལ་བདེ་སྐྱིད་བསྐྲུན་ཐབས་ཆེད་དུ་ཡིན་པའི་བཀའ་གནང་པ་མ་ཟད།  ད་ལྟ་ཚོགས་བཞིན་པའི་བགྲོ་གླེང་འདི་ནི་ཚན་རིག་དང་ནང་ཆོས་གཅིག་པོ་མིན་པར་དེང་དུས་དངོས་ཁམས་ཚན་རིག་དང་། ནང་པའི་སེམས་དོན་ཚན་རིག་བར་གྱི་བགྲོ་གླེང་ཞིག་ཡིན་སྐོར་བཀའ་སློབ་ཕེབས་འདུག   མགོན་པོ་༸གང་ཉིད་མཆོག་གིས་ད་ལན་གྱི་བགྲོ་གླེང་གི་ལས་དོན་འདིའི་ནང་མཉམ་ཞུགས་དང་འབད་བརྩོན་ཤུགས་ཆེ་གནང་མཁན་ཕྱི་རྒྱལ་གྱི་མཁས་པ་ཁ་ཤས་གཟུགས་གཞིའི་གནས་བབ་ཀྱི་རྐྱེན་པས་མཉམ་ཞུགས་གནང་ཐུབ་མེད་ཀྱང་། ཁོང་རྣམ་པས་བགྲོ་གླེང་ཐོག་ལྷན་ཞུགས་གནང་རྒྱུར་འབད་བརྩོན་གནང་པར་ཡི་རང་བསྔགས་བརྗོད་མཛད་པ་དང་སྦྲགས།  མ་འོངས་པར་བགྲོ་གླེང་ཐེངས་ ༣༤  དང་ ༣༥ སྐབས་ད་ལྟ་ཚོགས་ཞུགས་ཡོད་པ་ཁ་ཤས་མེད་པ་འགྱུར་སྲིད་པ་ཡིན་ཡང་།...

ཧུན་སུར་རབ་རྒྱས་གླིང་དུ་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ ༢༦ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ།

  དེ་རིང་ཕྱི་ཟླ་ ༡༢ ཕྱི་ཚེས་ ༡༠ ཉིན་རྒྱ་གར་ལྷོ་ཕྱོགས་ཧུར་སུར་རབ་རྒྱས་གླིང་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཧྲིལ་པོ་ ༢༦ འཁོར་བའི་མཛད་སྒོར་སྐུ་མགྲོན་གཙོ་བོ་༸གོང་ས་མཆོག་དབུ་བཞུགས་ཀྱིས་གཙོས་པའི་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་གི་ཆོས་རྗེ་རྣམ་གཉིས། ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ།  བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག། ཨ་རིའི་གློག་བརྙན་ཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཅར་གྷིར་ལགས། རྒྱ་གར་ལྷོ་ཕྱོགས་མངའ་སྡེའི་མི་མང་ལམ་བཟོའི་བློན་ཆེན་སྐུ་ཞབས་ H.C Mahadevappa མཆོག་དང་མངའ་སྡེའི་བློན་ཆེན་གྱི་ཆབ་སྲིད་སློབ་སྟོན་པ་དང་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས H.P Manjunath མཆོག དེ་བཞིན་མང་ཚོགས་བཅས་ལྷན་འཛོམས་ཐོག་དུས་ཆེན་སྲུང་བརྩིའི་མཛད་སྒོ་ཚོགས་ཡོད་པ་རེད། མཛད་སྒོའི་ཐོག་མར་ཧུན་སུར་རབ་རྒྱས་གླིང་སེར་སྐྱ་མི་མང་ཡོངས་ཀྱི་ངོས་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་ཕྱིར་གསེརལས་གྲུབ་པའི་སྐལ་བཟང་མཆོད་ཀོང་ཞིག་༸གང་ཉིད་མཆོག་ལ་འབུལ་ལམ་ཞུས་ཡོད་པ་རེད།  སྐབས་དེར་༸གོང་ས་མཆོག་གིས་མཛད་སྒོའི་ཐོག་བཀའ་སློབ་གནང་དོན་ལ། དེ་སྔོན་མགོན་པོ་༸གང་ཉིད་མཆོག་ལ་ཞི་བདེའི་གཟེངས་རྟགས་འབུལ་སྐབས་དམིགས་བསལ་གྱི་ཐུགས་དགྱེས་ཚོར་གང་ཡང་བྱུང་མེད་ཀྱང་། དེ་ནི་འཚེ་མེད་ཞི་བ་དང་དྲང་བདེན་ལ་རྒྱབ་སྐྱོར་ཐོབ་པ་ཞིག་ཡིན་སྐོར་བཀའ་བསྩལ་གསུངས་གནང་ཡོད་པ་རེད། ད་དུང་མགོན་པོ་མཆོག་གིས་དེ་རིང་དུས་ཚོད་ཐུང་ཐུང་ཞིག་ནང་ལ་མཛད་སྒོ་གྲ་སྒྲིག་འཐུས་ཚང་གནང་བར་སྔགས་བརྗོད་གནང་པ་དང་ཆབས་ཅིག བོད་མི་རྣམས་བཙན་བྱོལ་དུ་གྱར་རྗེས་སྐབས་དེའི་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཇ་ལིང་ག་པ་མཆོག་གིས་ཐུགས་འཁུར་རྐང་བཞེས་ཀྱིས་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་གཉིས་ནས་བཙན་བྱོལ་བོད་མི་ཚོར་རླབས་ཆེན་གྱི་གཟིགས་སྐྱོང་རོགས་རམ་གནང་བའི་བཀའ་དྲིན་ལ་རྗེས་དྲན་གནང་པ་མ་ཟད། དེ་དག་ལ་བརྟེན་ནས་ས་གནས་དེའི་ནང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནང་རིེས་མེད་ཀྱི་ཆོས་སྡེ་ཁག་བཙུགས་ཐུབ་པ་བྱུང་ནས་བོད་མི་རིགས་ཀྱི་ངོ་བོ་ཆོས་དང་རིག་གཞུང་བཅས་པ་མི་ཉམས་རྒྱུན་འཛིན་བྱུང་བའི་བཀའ་བསྩལ་གནང་འདུག ལྷག་དོན་དུ་བོད་མི་ཚོས་སྤྱིར་རྒྱ་གར་དབུས་གཞུང་དང་སྒོས་སུ་མངའ་སྡེ་གཞུང་གི་བཀའ་དྲིན་ལ་རྗེས་དྲན་བྱེད་དགོས་པའི་བཀའ་སློབ་གནང་པ་དང་སྦྲགས། ༸གོང་ས་མཆོག་སྐུ་སྒེར་ངོས་ནས་ཀྱང་བོད་མིར་མཐུན་འགྱུར་རོགས་རམ་གནང་མཁན་རྒྱ་གར་དབུས་གཞུང་དང་མངའ་སྡེའི་བློན་ཆེན་རིམ་པ་ཁག་དང་།  དེ་རིང་གི་མཛད་སྒོར་དམིགས་བསལ་སྐུ་མགྲོན་དུ་ཆེད་ཕེབས་གནང་མཁན་རྒྱ་གར་གྱི་གནད་ཡོད་མི་སྣ་གཉིས་བཅས་ལ་ཐུགས་རྗེ་ཆེ་ཞེས་གསུང་གནང་མཛད་འདུག  

Latest news

- Advertisement -spot_img