Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

༸སྐུའི་འཕྲོད་བཞེས་སྔར་བཞིན་གསལ་ཐང་ཡིན་པས་ཐུགས་བློ་བདེ་བོ་གནང་རོགས།

༸སྐུའི་འཕྲོད་བཞེས་སྔར་བཞིན་གསལ་ཐང་ཡིན་པས་ཐུགས་བློ་བདེ་པོ་གནང་རོགས་ཞེས་གསུངས་པ།

བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་ཁ་ཉིན་ཟླ་ ༢ ཚེས་ ༧ ཉིན་ཛ་དྲག་གསལ་བསྒྲགས་ཤིག་སྤེལ་བ་བརྒྱུད་རིས་མེད་དགོན་སྡེ་ཁག་དང་སེར་སྐྱ་མང་ཚོགས་ཐུན་མོང་ལ་༸རྒྱལ་བའི་སྐུ་ཕྱྭ་དང་བོད་འབངས་སྤྱིའི་བདེ་ཐབས་ལ་དམིགས་པའི་དགེ་བསྐུལ་གནང་བ་དང་འབྲེལ་ཏེ། བོད་མིའི་མང་ཚོགས་ཁྲོད་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭའི་ཐོག་ལ་ཐུགས་འཚབ་དང་ཁག་ཅིག་གིས་༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་སྔར་བཞིན་གསལ་ཐང་ཡིན་མིན་ཐོག་དགོངས་ཚུལ་འདྲ་མིན་གསུང་མཁན་བྱུང་ཡོད་སྟབས། ཆོས་རིག་ལས་ཁུངས་ཀྱིས་ཁ་སང་སླར་ཡང་དེའི་ཐད་ཡོངས་ཁྱབ་གསལ་བཤད་ཤིག་སྤེལ་ནས་དགེ་བསྐུལ་གྱི་ཛ་དྲག་གསལ་བསྒྲགས་ལ་དམིགས་ཡུལ་ངན་འཆང་བྱེད་མཁན་རེ་ཟུང་གིས་མང་ཚོགས་མགོ་རྨོངས་གཞིའི་འགྲེལ་ལོག་དང་བཤད་ལོག་ཅི་རིགས་ཀྱི་སྒོ་ནས་དཀྲོག་གཏམ་འདྲ་མིན་འགྲེམས་སྒྲོག་བྱས་དང་བྱེད་བཞིན་པ་ནི་ཁུངས་ལུང་གཞི་རྩ་མེད་པའི་གཏམ་འཆལ་རང་ཡིན་པར་གསུངས་པ་མ་ཟད། དེ་རིང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཞུགས་སྒར་དུ་བོད་ཀྱི་འགྲེམས་སྟོན་ཁང་གསར་པ་དབུ་འབྱེད་ཀྱི་གསུང་བཤད་གནང་སྐབས་ད་ལྟའི་ཆར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་སྔར་བཞིན་གསལ་ཐང་ཡིན་པས་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་ཐུགས་ཁྲལ་གནང་མི་དགོས་པར་ཐུགས་བློ་བདེ་བོ་གནང་རོགས་ཞེས་གསུངས་སོང་།ཆོས་རིག་ལས་ཁུངས་ཀྱི་ཡོངས་ཁྱབ་གསལ་བཤད་ནང་དུ། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་རྩིས་འབྲས་དང་བླ་ལྷའི་བཀའ་ལུང་དགོངས་དོན་བཀའ་ཡིག་ཞིག་ཕེབས་པ་བཞིན། དགེ་བསྐུལ་གྱི་ཛ་དྲག་གསལ་བསྒྲགས་ཤིག་སྤེལ་བ་ལ་དམིགས་ཡུལ་ངན་འཆང་བྱེད་མཁན་རེ་ཟུང་གིས་མང་ཚོགས་མགོ་རྨོངས་གཞིའི་འགྲེལ་ལོག་དང་། བཤད་ལོག་ཅི་རིགས་ཀྱི་སྒོ་ནས་དཀྲོག་གཏམ་འདྲ་མིན་འགྲེམས་སྒྲོག་བྱས་དང་བྱེད་བཞིན་པ་ནི་ཁུངས་ལུང་གཞི་རྩ་མེད་པའི་གཏམ་འཆལ་རང་རེད་ཅེས་གསུངས་པ་དང་ཆབས་ཅིག གསལ་བསྒྲགས་ཀྱི་མགོར་ཛ་དྲག་ཅེས་བྲིས་པ་དེ་ཡང་སྤྱི་རིམ་སྨིན་སྒྲུབ་ཞུ་རྒྱུ་དུས་ཚོད་ཀྱིས་ཉེ་བར་གཏུགས་ཡོད་པའི་ཆ་ནས་བཀོད་པ་མ་གཏོགས། གནས་སྟངས་བྱེ་བྲག་པར་དམིགས་ཏེ་ཛ་དྲག་ཅེས་བཀོད་པ་ཞིག་མིན་ཞེས་ཡོངས་ཁྱབ་གསལ་བཤད་གནང་འདུག རྩ་བའི་ཆོས་རིང་ལས་ཁུངས་ཀྱིས་དེ་སྔོན་བོད་ཀྱི་རིས་མེད་དགོན་སྡེ་ཁག་དང་སེར་སྐྱ་མང་ཚོགས་ཀྱི་མཚན་ཐོག་སྤེལ་བའི་གསལ་སྒྲགས་ནང་། ༸རྒྱལ་བའི་སྐུ་ཕྱྭ་མཛད་འཕྲིན་རྒྱས་པ་དང་བོད་འབངས་བདེ་ཐབས་སུ་དམིགས་ཏེ་བོད་ཟླ་དང་པོ་ནང་ཚུད་བོད་མིའི་སྡོད་སྒར་སོ་སོ་ནས་རྟེན་ཁྲུས་ཡུལ་ཁྲུས་དང་འབྲེལ་བསངས་གསོལ་དང་རླུང་རྟ་དར་འཛུགས། སྲུང་མ་སྤྱིའི་འཕྲིན་བསྐུལ། རང་རང་སོ་སོའི་འཁོས་ཀ་དྲག་ཞན་ལ་དཔག་པའི་དགེ་སྒྲུབ་གནང་གལ་ཆེ་སྟབས། ས་གནས་སོ་སོའི་འགོ་འཛིན་ཁྱབ་ཁོངས་ཀྱི་ཚོགས་སྐྱིད་སྡེ་ཁག་གིས་སྲོག་བླུ་དང་ངན་སློང་ལ་སྦྱིན་གཏོང་། བྱིས་པར་གསོལ་ཚིགས་གཏོང་བ། ཡང་ན་བརྔན་པ་ཐུམ་སྒྲིལ་བགོས་འགྲེམས་སོགས་རྒྱ་གང་ཆེ་ངེས་གནང་ཡོང་བའི་ཞུ་བསྐུལ་དང་། དེ་ལྟར་གནང་ཐུབ་ཚེ་སྤྱི་སྒེར་གཉིས་སྨན་ཡོང་རྒྱུའི་ལམ་སྟོན་གནང་ཡོད་པ་རེད། ཆོས་རིག་ལས་ཁུངས་ཀྱི་ངོས་ནས་ད་ཐེངས་ཀྱི་ཡོངས་ཁྱབ་གསལ་བཤད་ནང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས། རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ། བོད་མིའི་སྤྱི་མཐུན་བསོད་ནམས་གསོག་སྤེལ་དང་། མང་ཚོགས་བདེ་ཐབས་ཀྱི་ཆེད་དུ་རྒྱུན་འཕར་ཞབས་རིམ་ཁག་སྨིན་སྒྲུབ་ཞུ་རྒྱུ་ཆོས་རིག་ལས་ཁུངས་ཀྱི་ལས་འགན་ཁོངས་སུ་ཡོད་པ་བཞིན་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་སྤྱི་རིམ་ཕེབས་སྒོ་རྣམས་འཕྲལ་མྱུར་ཁུངས་སོ་སོར་བཀོད་མངགས་དང་གསལ་བསྒྲགས་ཞུ་སྒོ་འཚེམས་མེད་ཞུ་མུས་ཡིན་པ་དེ་དེ་བཞིན་ཞུས་པ་ཞིག་ཡིན་སྐོར་གསུངས་པ་མ་ཟད། ཐེངས་འདིའི་ཞབས་རིམ་གྱི་དམིགས་ཡུལ་༸རྒྱལ་བའི་སྐུ་ཕྱ་མཛད་འཕྲིན་རྒྱས་པ་དང་།...

༸སྐུའི་འཕྲོད་བཞེས་སྔར་བཞིན་གསལ་ཐང་ཡིན་པས་ཐུགས་བློ་བདེ་བོ་གནང་རོགས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་སྔར་བཞིན་གསལ་ཐང་ཡིན་པས་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་ཐུགས་ཁྲལ་གནང་མི་དགོས་པར་ཐུགས་བློ་བདེ་བོ་གནང་རོགས་ཞེས་གསུངས་ཀྱི་འདུགདེ་ཡང་ད་ལྟའི་འཛམ་བུ་གླིང་སྤྱི་དང་སྒོས་སུ་གནས་ཡུལ་རྒྱ་གར་གྱི་ནང་དུ་ཏོག་དབྱིབས་གཉན་རིམས་དང་གཉན་རིམས་གྱི་ངོ་བོ་འགྱུར་བ་ཨོ་མི་ཀི་རོན་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་པ་མ་ཟད་བཞུགས་སྒར་དྷ་རམ་ས་ལར་འདས་པའི་བདུན་ཕྲག་ཁ་ཤས་ཀྱི་ནང་དུ་ནད་དུག་ཕོག་མཁན་ཕོན་ཆེར་བྱུང་ཡོད་སྟབས། ༸གོང་ས་མཆོག་གི་དྲྭ་ལམ་གྱི་མཛད་འཆར་ཁག་གནས་སྐབས་སུ་ཕྱིར་འགྱངས་གནང་བའི་ཁྲོད་གཞིས་བྱེས་གཉིས་སུ་གནས་བཞུགས་བོད་མི་རྣམས་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་ཀྱི་གནས་བབ་དང་འབྲེལ་བའི་ཐོག་ལ་ཐུགས་ཁྲལ་ཆེན་པོ་གནང་བཞིན་ཡོད་སྟབས། དེ་རིང་འདི་ག་རླུང་འཕྲིན་ཁང་གིས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་སུ་ཞལ་པར་བརྒྱུད་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཕྲོད་བཞེས་སྐོར་བཀའ་འདྲི་ཞུ་སྐབས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་སྔར་བཞིན་གསལ་ཐང་ཡིན་པས་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་ཐུགས་ཁྲལ་གནང་མི་དགོས་པར་ཐུགས་བློ་བདེ་བོ་གནང་རོགས་ཞེས་གསུངས་ཀྱི་འདུགདེ་བཞིན་བདུན་ཕྲག་སྔ་མའི་ནང་རྒྱ་གར་གྱི་གསར་འགྱུར་སྡེ་ཁག་ཅིག་གི་ནང་དུ་དགའ་ལྡན་ཕོ་བྲང་གི་སྐོར་སྲུང་བར་ཏོག་ནད་ཕོག་པའི་གནས་ཚུལ་ཐོན་པ་ནི་རྒྱ་གར་བའི་སྐོར་སྲུང་ཡིན་པ་ངོ་སྤྲོད་གནང་བ་དང་སྦྲགས། རྒྱ་གར་གཞུང་ནས་ཉེ་བའི་ཚེས་ ༡༠ ནས་མདུན་ཐོན་ཞབས་ཞུ་བ་དང་ལོ་ན་ ༦༠ ཡན་ལ་སྔོན་ཁབ་གསུམ་པ་སྟེ་ནུས་ཤུགས་སྨན་ཁབ་སྐྱོན་འགོ་ཚུགས་ཡོད་སྟབས། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་སྔོན་ཁབ་གསུམ་པ་བཞེས་གནང་མཛད་རྒྱུའི་སླད་འབྲེལ་ཡོད་ཚོར་འབྲེལ་བ་གནང་ནས་གང་མགྱོགས་བཞེས་ཐུབ་རྒྱུའི་རེ་བ་གནང་བཞིན་ཡོད་པ་གསུངས་སོང་། གཤམ་ལ་འདི་ག་རླུང་འཕྲིན་ཁང་ནས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པ་དེར་གསན་རོགས་གནང་།

Latest news

- Advertisement -spot_img