Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ཀླད་རྩའི་ཚན་རིག་དང་ནང་པའི་སེམས་ཁམས་རིག་པའི་རྒྱལ་སྤྱིའི་ལྷན་ཚོགས་ཚོགས་པ།

ཀླད་རྩའི་ཚན་རིག་དང་ནང་པའི་སེམས་ཁམས་རིག་པའི་རྒྱལ་སྤྱིའི་ལྷན་ཚོགས་ཚོགས་པ།

དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་རྒྱལ་ས་ལྡི་ལིའི་  India Habitat    ལྟེ་གནས་ཁང་དུ་ཀླད་རྩའི་ཚན་རིག་དང་ནང་པའི་སེམས་ཁམས་རིག་པའི་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོགས་ཀྱི་འདུག་པ་དང་། ལྡི་ལི་བོད་ཁང་གིས་གོ་སྒྲིག་གནང་པའི་རྒྱལ་སྤྱིའི་ལྷན་ཚོགས་དེའི་ཐོག་རྒྱ་གར་དང་ཨ་མི་རི་ཀ ཡོ་རོབ་སོགས་ནས་གྲགས་ཅན་ཚན་རིག་པ་ཁག་གཅིག་དང་ནང་ཆོས་ཀྱི་སེམས་ཁམས་རིག་པའི་མཁས་པ་མང་དག་ཞིག་ནས་ལྷན་ཞུགས་གནང་འདུག། ལྡི་ལི་བོད་ཁང་གི་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱི་འགྲེལ་བརྗོད་གནང་པར་ཚན་རིག་པ་དང་ནང་པའི་མཁས་པའི་བར་གྱི་རྒྱལ་སྤྱིའི་བགྲོ་གླེང་ལྷན་ཚོགས་དེ་ནི། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར། ཆོས་ཁས་ལེན་མིན་ལ་ལྟོས་མེད་སེམས་བཟང་པོ་བྱེད་རྒྱུ་དེ་རང་གཞན་གཉིས་ཀྱི་ཁེ་ཕན་སྒྲུབ་པའི་ཐབས་ལམ་ཞིག་ཡིན་སྟབས། སེམས་བཟང་གི་བྱ་སྤྱོད་དེ་རང་ཆས་སུ་ཡོང་ཐབས་སླད་མི་ཚང་མར་རྒྱུ་མཚན་དང་ངེས་པ་རྙེད་ཐུབ་པའི་འགྲེལ་བཤད་ཅིག་དགོས་ཀྱི་ཡོད་པར་བརྟེན་ཚོགས་འདུ་འདི་ལྟ་བུའི་ཐོག་ནས་གཟུགས་ཅན་གྱི་ཀླད་པའི་སྐོར་ཚན་རིག་གི་འགྲེལ་བཤད་དང་། ནང་སེམས་ཁམས་ཀྱི་སྐོར་ནང་ཆོས་ཀྱི་འགྲེལ་བརྗོད་གནང་པའི་བརྒྱུད་མང་ཚོགས་ལ་བཟང་སྤྱོད་ཀྱི་གོ་རྟོགས་ཁྱབ་སྤེལ་ཐུབ་པའི་རེ་གནང་གི་ཡོད་པ་གསུངས་སོང་། རྒྱལ་སྤྱི་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ལྡི་ལི་ Ambedkar  གཙུག་ལག་སློབ་གྲྭ་ཆེན་མོའི་ཉེ་བའི་རིགས་བདག་སློབ་དཔོན་  Shyam B Menon  མཆོག་ཆེད་ཕེབས་གནང་འདུག་པ་དང་། སྐབས་དེར་ཁོང་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་བདེ་དོན་སླད་མཛད་འཕྲིན་རླབས་ཆེན་སྐྱོང་བཞིན་པ་དེ་དག་ལ་ཡི་རང་བསྔགས་བརྗོད་ཞུས་པ་དང་སྦྲགས། ལོ་རྒྱུས་ཀྱི་ཐོག་ནས་བོད་མིར་ཆབ་སྲིད་ཀྱི་གོད་ཆག་ཆེན་པོ་ཞིག་ཕོག་ཡོད་ ཀྱང་། ༸གོང་ས་མཆོག་ནས་བཙན་བྱོལ་ཆིབས་བསྒྱུར་བསྐྱངས་པ་དེས་རྒྱ་གར་གཞུང་མང་གཉིས་ལ་གོ་སྐབས་དང་རེ་བ་ཆེན་པོ་ཞིག་གནང་ཡོད་པར་འགྲེལ་བརྗོད་གནང་པ་དང་ཆབས་ཅིག་ཏུ་ལྷན་ཚོགས་དེ་ལྟར་གནང་པར་ཡི་རང་བསྔགས་བརྗོད་ཀྱང་གནང་ཡོད་པ་རེད། ཀླད་རྩའི་ཚན་རིག་དང་ནང་པའི་སེམས་ཁམས་རིག་པའི་རྒྱལ་སྤྱིའི་ལྷན་ཚོགས་དེའི་ཐོག་གཟུགས་ཅན་ཀླད་པའི་འགྲོ་ལུགས་འགྲོ་སྟངས་སྐོར་བཀའ་མོལ་གནང་མཁན་ཁོངས་སུ་ཨ་མི་རི་ཀའི་ཚན་རིག་པ་  Dr. Ceon Ramon མཆོག་དང་།...

Latest news

- Advertisement -spot_img