Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

གཉན་རིམས།

ཝུ་ཧན་གྲོང་ཁྱེར་དུ་མི་མང་ཁྲི་ཚོ་མང་པོས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག

ཏོག་དབྱིབས་གཉན་རིམས་ཆེས་ཐོག་མར་མཆེད་ས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་ཁ་ཉིན་ཚེས་ ༨ ཉིན་ལས་རིགས་འདྲ་མིན་གཉེར་མཁན་རྒས་ཡོལ་དུ་ཕྱིན་ཟིན་པའི་མང་ཚོགས་ཁྲི་ཚོ་དུ་མས་ས་གནས་སྲིད་གཞུང་གི་ལས་ཁུངས་མདུན་དུ་ངོ་རྒོལ་བྱས་འདུག་པ་དང་། དེའང་སྔ་ལོའི་ཕྱི་ཟླ་བཅིུག་གི་ཟླ་མཇུག་ཏུ་ཝུ་ཧན་གཙོས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་འདྲ་མིན་ནང་མང་ཚོགས་དུ་མས་རྒྱ་ནག་གཞུང་གི་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ལ་མི་འདོད་པའི་རྣམ་པའི་ཐོག་ནས་ངོ་རྒོལ་ཤུགས་ཆེར་བྱས་པའི་རྗེས་སུ་འདི་ལོ་ནང་དེ་ལྟར་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ཐོག་མ་དེ་ཆགས་ཡོད།ཝུ་ཧན་ནང་དུ་ལས་རིགས་འདྲ་མིན་གཉེར་མཁན་རྒས་ཡོལ་དུ་ཕྱིན་ཟིན་པའི་མང་ཚོགས་རྣམས་ལ་སྲིད་གཞུང་གིས་ཟླ་རེར་རྒྱ་སྒོར་ ༢༦༠ རེ་སྨན་བཅོས་ཀྱི་གུན་གསབ་ཚུལ་དུ་སྤྲོད་སྲོལ་ཡོད་པ་དེ་ལྟར་ཡང་། ཉེ་ཆར་ཟླ་ ༢ ཚེས་ ༡ ནས་བཟུང་སྒྲིག་གཞི་དེར་བཅོས་བསྒྱུར་གྱིས་རྒྱ་སྒོར་ ༨༨ དང་འགའ་ཞིག་ལ་རྒྱ་སྒོར་ ༨༢ རེ་བཅས་སྨན་བཅོས་ཀྱི་གུན་གསབ་ལྡབ་གཅིག་མར་ཆག་པའི་གནས་སྟངས་བྱུང་འདུགཁ་སང་ The Guardian སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་དང་སྤྱི་ཚོགས་དྲ་ལམ་ཐོག་གནས་ཚུལ་ཐོན་ཁག་ལ་གཞིགས་ན། ཁ་ཉིན་ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོ་ཚོུད་ ༨ པ་ནས་དུས་ཐུང་རིང་ལ་ཝུ་ཧན་ས་གནས་སྲིད་གཞུང་གི་ལས་ཁུངས་མདུན་དུ་དེ་སྔ་ལས་རིགས་འདྲ་མིན་ནང་ཕྱག་ལས་གནང་མཐར་ད་ཆ་རྒས་ཡོལ་དུ་ཕྱིན་པའི་མང་ཚོགས་ཁྲི་ཚོ་བརྒལ་བ་འདུ་འཛོམས་ཀྱིས་ཝུ་ཧན་གྲོང་ཁྱེར་སྤྱི་ཁྱབ་པའི་ངོས་ནས་སྨན་བཅོས་གུན་གསབ་རོགས་དངུལ་གཅོག་ཆ་བྱེད་དོན་གང་ཡིན་གསལ་བཤད་དགོས་པ་དང་། ཚེས་ ༨...

འདས་པའི་གཟའ་འཁོར་ནང་བོད་མི་བཅིུས་ལ་གཉན་རིམས་ཕོག་པ་བྱུང་འདུག

ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ ༡༩ ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༩༢ པ་སྤེལ་བའི་ཐོག་ད་ཆ་རྒྱ་གར་གྱི་མངའ་སྡེ་མི་ཉུང་བ་ཞིག་གི་ནང་དུ་ཏོག་དབྱིབས་གཉན་རིམས་ ༡༩ འི་རྣམ་པ་འགྱུར་བའི་གཉན་སྲིན་གསར་པ་ Omicron ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པའི་གནས་སྐབས་འདིར་འདས་པའི་གཟའ་འཁོར་ནང་བོད་མི་ ༡༡ ལ་ཏོག་དབྱིབས་ནད་གཞི་ཕོག་ཡོད་པར་གསུངས་སོང་།གསར་འགོད་གསལ་བསྒྲགས་ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས་སྙན་སེང་དང་རེ་སྐུལ། དེ་བཞིན་འདས་པའི་དུས་ཡུན་ལས་སློབ་གསོ་གང་ལེན་དགོས་པ་སོགས་དོན་ཚན་བརྒྱད་ངོ་སྤྲོད་གནང་བ་དང་སྦྲགས་ཏེ། ཁོང་གིས་རྣམ་པ་འགྱུར་བའི་གཉན་སྲིན་གསར་པ་ Omicron ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་ཡོད་ཀྱང་རྒྱལ་སྤྱིའི་ཁྲོད་ཀྱི་མཁས་དབང་མང་པོས་དེར་ཛ་དྲག་དེ་ཙམ་མེད་སྐོར་གསུང་བཞིན་ཡོད་པ་དེ་ལྟར་ནའང་། གཉན་སྲིན་གསར་པའི་ཁྱབ་གདལ་གྱི་མྱུར་ཚད་མགྱོགས་པོ་ཡོད་སྟབས་གཟབ་ནན་གནང་དགོས་པར་གསུངས་སོང་། དེ་བཞིན་ཁོང་གིས་བོད་ཕྲུག་ཚོའི་ཕ་མས་ཕྲུ་གུ་ལོ་ན་ ༡༥ ནས་ ༡༨ བར་ཡིན་པ་ཚོར་རྒྱ་གར་གཞུང་གི་ངོས་ནས་སྔོན་ཁབ་རྒྱག་རྒྱུའི་གསལ་བསྒྲགས་གནང་སྐབས་ཐོ་གཞུང་ཏག་ཏག་འབུལ་ལམ་ཞུ་ཐུབ་ཕྱིར་ས་གནས་འགོ་འཛིན་དང་ཉེ་འཁོར་གྱི་སྨན་ཁང་ཁག་ལ་མིང་ཐོ་འགོད་གལ་དང་མི་རྒན་པའི་ཁྲོད་ནས་སྔོན་ཁབ་མ་རྒྱག་པའི་གནས་སྟངས་བྱུང་ཡོད་སྟབས་ངེས་པར་དུ་སྔོན་ཁབ་རྒྱག་དགོས་པའི་གཞེན་སྐུལ་གནང་ཡོད།སྤྱིར་འདས་པའི་གཟའ་འཁོར་ནང་བཙན་བྱོལ་འདུས་སྡོད་རྒྱ་བལ་གཉིས་ནང་ཏོག་དབྱིབས་གཉན་རིམས་ ༡༩ འི་ནད་གཞི་ཕོག་པ་འཕྲོད་བསྟེན་ལས་ཁུངས་སུ་གྲངས་ཐོ་འབྱོར་བ་དེ་མི་གྲངས་ ༡༢...

ལྡི་ལིར་གཉན་རིམས་སྔོན་འགོག་གི་ཉེན་བརྡ་སེར་པོའི་བཀའ་རྒྱ་བསྒྲགས་པ།

འདས་པའི་ཉིན་གྲངས་གཉིས་ཀྱི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཏོག་དབྱིབས་གཉན་རིམས་གསར་པ་ཕོག་པའི་ནད་པ་གྲངས་ ༥༠༠ ཙམ་ཞིག་ཐོན་ཡོད་སྟབས་ཁ་སང་ཕྱི་ཚེས་ ༢༨ ཉིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Arvind Kejriwal མཆོག་གིས་རྒྱལ་ས་ལྡི་ལི་ནང་ནད་ཡམས་ཁྱབ་གདལ་འགོག་ཕྱིར་ Yellow Alert ཞེས་ཉེན་བརྡ་སེར་པོ་ཞེས་པའི་བཀའ་རྒྱ་བཏང་ཡོད་པ་རེད།ཉེན་བརྡ་སེར་པོ་ཞེས་པ་དེ་ནི་ནད་ཡམས་སྔོན་འགོག་གནང་ཐབས་ཤིག་ཡིན་པ་དང་ཉེན་བརྡ་དེའི་འོག་དེ་རིང་ནས་རྒྱལ་ས་ལྡི་ལི་ནང་དགོང་དྲོའི་ཚོུད་ ༡༠ ནས་སྔ་དྲོའི་ཆུ་ཚོད་ ༥ བར་ཐེམ་སྤང་བཀའ་རྒྱ་བསྡམས་ཏེ་ཕྱིར་སྐྱོད་མི་ཆོག་པ་དང་། ཟ་ཁང་་དང་ཆང་ཁང་། དེ་བཞིན་སྤྱི་སྤྱོད་སྐྱེལ་འདྲེན་གྱི་སྣུམ་འཁོར། Metro སྤྱི་སྤྱོད་གླ་འཁོར་སོགས་ཀྱི་ནང་མང་ཚོགས་བརྒྱ་ཆ་ ༥༠ ལྷག་ལས་འགྲུལ་སྐྱོད་མི་ཆོག་པ། ལྷག་པར་དུ་གློག་བརྙན་ཁང་དང་ཚོགས་ཁང་། ལུས་སྦྱོང་ཁང་། བསྐུ་མཉེ་ཁང་...

དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་བཀག་སྐྱིལ་ས་ཚིགས་ལ་ངོས་འཛིན་གནང་བ། 

བཞུགས་སྒར་དུ་རྟེན་གཞི་བྱས་པའི་དྷ་སྟེང་བོད་ཕྲུག་ཁྱིམ་སྡེར་ཏོག་དབྱིབས་གཉན་རིམས་ནད་གཞི་ཕོག་མཁན་མི་གྲངས་ ༡༡ ཐོན་པ་ལྟར་དྷརྨ་ས་ལའི་ས་གནས་རྫོང་དཔོན་གཞོན་པའི་ལས་ཁུངས་ཀྱིས་སློབ་གྲྭ་དེ་ཕན་ཚུན་འགྲོ་འོང་ཐད་དམ་དྲག་གིས་བཀག་སྐྱིལ་ས་ཚིགས་ལ་ངོས་འཛིན་གྱིས་ཡོངས་གྲགས་གནང་འདུག ཁ་སང་ཕྱི་ཚེས་ ༡༦ ཉིན་བཏང་བའི་བཀོད་ཁྱབ་ནང་ད་ཆ་དྷ་སྟེང་བོད་ཁྱིམ་ནང་དུ་གང་བྱུང་ཕེབས་ཐོན་གནང་མི་ཆོག་པ་དང་སློབ་གྲྭའི་ཉེ་འཁོར་དུ་དུག་སེལ་མཚོན་པའི་རྒྱལ་སྒོར་ཚ་བ་བརྟག་དཔྱད་གནང་རྒྱུ། སློབ་གྲྭར་གནས་བཞུགས་གནང་མཁན་དང་ཛ་དྲག་གི་བསྐྱོད་དགོས་པ་ཚོ་ངེས་པར་དུ་ཁ་རས་གྱོན་དགོས་པ། ལྷག་པར་འདུ་འཛོམས་རིགས་དང་ལས་ཁུངས་སྒོ་འབྱེད་མི་ཆོག་པ་སོགས་ཕྱི་ཚེས་ ༢༥ བར་དེ་འབྲེལ་གྱི་བཀོད་ཁྱབ་ལག་བསྟར་གནང་དགོས་པའི་གསལ་བསྒྲགས་ཤིག་གནང་ཡོད། གཞི་རྩའི་ཉེ་ལམ་ཧི་མཱ་ཅལ་མངའ་སྡེ་གཞུང་གིས་ཟླ་ ༡༡ ཚེས་ ༡༠ ཉིན་ནས་བཟུང་གཞི་རིམ་བར་མ་དང་ཚེས་ ༡༥ ནས་གཞི་རིམ་འོག་མའི་འཛིན་གྲྭ་ཁག་དངོས་སུ་འགོ་འཛུགས་རྒྱུར་ཐག་གཅོད་གནང་ཡོད་པ་ལྟར་ད་ཆ་ས་གནས་ཀྱི་སློབ་གྲྭ་ཁག་འགོ་འཛུགས་ཟིན་པའི་གནས་སྟངས་གྱུར་ཡོད། དེའི་ཁྲོད་ཧི་མཱ་ཅལ་མངའ་སྡེ་གཞུང་གིས་བཀོད་ཁྱབ་བཏང་བར་ཉེ་ལམ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ཚོགས་ཟིན་པ་རེད།རྒྱ་གར་གྱི་མངའ་སྡེ་མང་པོའི་ནང་སློབ་གྲྭ་འགོ་འཛུགས་གནང་བ་དང་སྦྲགས།  བདུན་ཕྲག་སྔོན་མར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐོག་ཤེས་རིག་ལས་ཁུངས་དང་འབྲེལ་ཡོད་ཚན་པ་ཡོངས་ཀྱིས་སློབ་གྲྭ་ཁག་ཏུ་ནད་ཡམས་སྔོན་འགོག་གི་བྱེད་སྒོར་ཐུགས་སྣང་གནང་དགོས་པ་དང་སློབ་ཕྲུག་རྣམས་ལ་ནད་ཡམས་དང་འབྲེལ་གོ་རྟོགས་སྤེལ་རྒྱུ། དེ་བཞིན་ཕ་མ་ཚོའི་ངོས་ནས་སོ་སོའི་ཕྲུ་གུར་ཁ་རས་དང་དུག་སེལ་སོགས་བསྐུར་དགོས་པ། ལྷག་པར་དུ་འཛིན་ཁང་དང་གསོལ་ཚིགས་ཁང་སོགས་སུ་རླུང་འགྲོ་ཡག་པོ་དགོས་པ་དང་ཆམ་པའི་ནད་རྟགས་མངོན་ཚེ་ངེས་པར་དུ་བརྟག་དཔྱད་གནང་དགོས་སྐོར་ཀྱི་ལམ་སྟོན་གནང་ཡོད།

ནོར་གླིང་ཁུལ་གྱི་བོད་མི་ ༣༣ ཙམ་ལ་གཉན་རིམས་ཕོག་རྐྱེན་བཀག་སྐྱིལ་གྱི་ས་ཚིགས་སུ་བཞག་པ།

དྷརྨ་ས་ལའི་ཉེ་འདབས་སུ་རྟེན་གཞི་བྱས་པའི་ནོར་བུ་གླིང་ཁར་གནས་བཞུགས་བོད་མི་ ༣༣ ཙམ་ལ་གཉན་རིམས་ཕོག་འདུག་ཀྱང་ནད་གཞི་ཕོག་མཁན་རྣམས་ཀྱི་གནས་སྟངས་ཛ་དྲག་གང་ཡང་མི་འདུག ཟླ་བ་འདིའི་ཕྱི་ཚེས་ ༡༧ ཉིན་རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དི་མཆོག་གི་འཁྲུངས་སྐར་དང་བསྟུན་བདེ་ལེགས་སྨན་ཁང་གིས་རིན་མེད་ཐོག་ཏོག་དབྱིབས་ནད་གཞི་ཕོག་ཡོད་མེད་ཀྱི་བརྟག་དཔྱད་གནང་སྐབས་ནོར་བུ་གླིང་ཁའི་ཁྱབ་ཁོངས་ནས་བོད་མི་ ༩ ལ་ནད་གཞི་ཕོག་ཡོད་པར་ཤེས་རྟོགས་བྱུང་ཡོད་པ་དང་། ཕྱོགས་མཚུངས་ཕྱི་ཚེས་ ༢༠ ཉིན་བསྐྱར་དུ་མི་བརྒྱད་དང་། དེ་བཞིན་ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང་གཉིས་ཟུང་འབྲེལ་གྱིས་མི་ ༩༥ ལ་བརྟག་དཔྱད་གནང་འབྲས་སུ་མི་དགུར་ནད་རྟགས་ཐོན་པ་མ་ཟད། ཁག་ཅིག་ཛོ་ནཱལ་སྨན་ཁང་སོགས་ལ་བརྟག་དཔྱད་སླད་ཕེབས་སྐབས་མི་འགར་ནད་གཞི་ཐོན་པ་བྱུང་སྟེ་ཁྱོན་ཁ་སང་ཚེས་ ༢༢ བར་ནོར་བུ་གླིང་ཁ་ཁུལ་ནས་བོད་མི་ ༣༣ ཙམ་ལ་ནད་གཞི་ཕོག་འདུག་སྟབས། ད་ཆ་ནོར་བུ་གླིང་ཁ་དེ་  Containment Zone འམ་བཀག་སྐྱིལ་གྱི་ས་ཚིགས་སུ་ངོས་འཛིན་གྱིས་དམ་གནང་བར་བརྟེན་ནོར་གླིང་གི་ཉེ་འཁོར་དུ་འཁེལ་བའི་ས་ཁུལ་ལ་ཕེབས་རྒྱུ་སོགས་ཀྱི་གནང་སྒོ་ཁག་ཡོང་རྫོགས་བཀག་སྡོམ་གནང་མུས་ཡིན་པ་རེད།དེ་དོན་དྷ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པར་ནོར་བུ་གླིང་ཁར་གནས་བཞུགས་བོད་མི་ནད་གཞི་ཕོག་པ་རྣམས་ལ་ནད་རྟགས་ཕྲན་བུ་ཡོད་པ་མ་གཏོགས་ཛ་དྲག་གི་གནས་སྟངས་མེད་པ་དང་ད་ཆ་ཁོང་རྣམས་ཟུར་བཀག་དུ་བཞུགས་མུས་ཡིན་པ་རེད། འཕྲོད་བསྟེན་ལས་ཁུངས་དང་དབུས་ཛ་དྲག་ཚོགས་ཆུང་། བདེ་ལེགས་སྨན་ཁང་། དེ་བཞིན་ས་གནས་འགོ་འཛིན་ལས་ཁུངས་བཅས་ཐུན་མོང་གིས་ཁོང་རྣམས་ལ་ཉེར་མཁོའི་མཐུན་འགྱུར་ཁག་གནང་མུས་ཡིན་པར་གསུངས་ཡོད།གཞི་རྩའི་རྒྱ་གར་ནང་ནད་རླབས་གཉིས་པའི་སྐབས་གཉན་རིམས་ཕོག་མཁན་གྱི་གྲངས་ཐོ་ཇེ་མང་ཕྱིན་པ་དང་སྦྲགས་འདས་གྲོངས་སུ་གྱུར་མཁན་མང་དག་ཅིག་བྱུང་བར་བརྟེན་ས་གནས་སོ་སོར་ཐེམ་སྤང་གི་བཀོད་ཁྱབ་དང་། སློབ་གྲྭ་ཁག་ཕྱིར་བཤོལ་གནང་བ། འདུ་འཛོམས་རིགས་གནང་སྒོ་ཚང་མར་དམ་དྲག་གནང་ཡོད་པ་རེད།...

གཉན་རིམས་ཁྱབ་གདལ་རྐྱེན་པས་སླར་བོད་མིའི་སྒྲིག་འཛུགས་བརྒྱ་ཆ་ལྔ་བཅུའི་ཐོག་ནས་ཕྱག་ལས་གནང་རྒྱུ་དབུ་འཛུགས།

བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་སྲི་ཞུ་བའི་ཁྲོད་ཏོག་དབྱིབས་ནད་གཞི་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་པར་བརྟེན་སྲི་ཞུ་བའི་ཁྲོད་ལ་དེ་འབྲེལ་ནད་གཞི་ཡོད་མེད་བརྟག་དཔྱད་དབུ་འཛུགས་གནང་སྟེ་སྲི་ཞུ་བ་ཚོ་བརྒྱ་ཆ་ལྔ་བཅུའི་ཐོག་ནས་ཕྱག་ལས་གནང་རྒྱུ་རེད་འདུགའདས་པའི་གཟའ་འཁོར་ནས་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་སྐྱིད་ཁུལ་དང་ Forsyth Ganj ནས་བོད་མི་ཁག་ཅིག་ལ་ཏོག་དབྱིབས་ནད་གཞི་ཕོག་པའི་གནས་ཚུལ་བསྟུད་མར་བྱུང་བ་དང་འབྲེལ། འཕྲོད་བསྟེན་ལས་ཁུངས་ཀྱིས་ཟླ་བ་འདིའི་ཚེས་ ༡༥ ནས་ལྷན་ཁང་ཁག་གི་སྲི་ཞུ་བ་ཡོངས་ལ་ནད་གཞི་དེ་ཕོག་ཡོད་མེད་ཀྱི་བརྟག་དཔྱད་དབུ་འཛུགས་གནང་དོན་ལྟར་དེ་རིང་བར་ཁྱོན་སྲི་ཞུ་བ་ ༤༥༣ ཙམ་ལ་བརྟག་དཔྱད་གནང་ཟིན་པའི་ཁྲོད་ནད་གཞི་ཕོག་མཁན་ ༡༥ བྱུང་ཡོད་སྟབས་སྲི་ཞུ་བ་དེ་དག་དབུས་སྣེ་ལེན་ཁང་གི་གཉན་རིམས་གསོ་བཅོས་ཁང་དུ་ཕེབས་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་དབུས་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ད་ཆ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་སྐྱིད་གཙོས་བཞུགས་སྒར་ཁུལ་ནས་སླར་ནད་གཞི་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་པར་བརྟེན་ལས་ཁུངས་ཁག་གི་སྲིད་ཞུ་བའི་ལས་བཅར་ཞུ་ཕྱོགས་ཐད་ལ་དམིགས་བསལ་དགོངས་པ་བཞེས་ཏེ་སྲི་ཞུ་བ་ཚོ་བརྒྱ་ཆ་ལྔ་བཅུའི་ཐོག་ནས་ལས་བཅར་ཞུ་གཏན་འཁེལ་ཡོད་སྐོར་གསུངས་སོང་།རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་ COVID19 ལས་དོན་ཚོགས་ཆུང་གིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ཐེངས་ ༧༧ ནང་དོན་ལྟར་ན་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་བཙན་བྱོལ་བོད་མིའི་འདུས་སྡོད་ཁག་ཏུ་འདས་པའི་རེས་གཟའ་ཕུར་བུ་བར་ནད་གཞི་གསར་པ་ཕོག་མཁན་མི་གྲངས་ ༣༦ བྱུང་བ་དང་དེའི་ཁོངས་ནས་བོད་མིའི་སྒྲིག་འཛུགས་བསྟི་གནས་གངས་སྐྱིད་དང་ Forsyth Ganj ནས་ནད་གཞི་ཕོག་མཁན་བོད་མི་ཁག་ཅིག་བྱུང་ཡོད་ཀྱང་ནད་གཞི་ཕོག་མཁན་རེ་ཟུང་མ་གཏོགས་གཞན་རྣམས་ལ་ནད་རྟགས་མངོན་གསལ་མེད་པ་་རེད། འོན་ཀྱང་ད་ཆ་ས་གནས་སུ་སླར་ནད་གཞི་ཕོག་མཁན་བྱུང་བར་བརྟེན་དབུས་སྣེ་ལེན་ཁང་དུ་ཏོག་དབྱིབས་གཉན་རིམས་གསོ་བཅོས་ཁང་བསྐྱར་དུ་སྒོ་འབྱེད་གནང་ཡོད་པ་མ་ཟད། ནད་གཞི་ཕོག་པ་རྣམས་དེ་མ་ཐག་ཏུ་སྒྲིག་འཛུགས་ཀྱིས་གོ་སྒྲིག་ཞུས་པའི་གཉན་རིམས་གསོ་བཅོས་ཁང་དུ་ཕེབས་དགོས་པའི་བཀོད་ཁྱབ་གནང་འདུགགཞི་རྩའི་ད་བར་བཙན་བྱོལ་འདུས་སྡོད་སྤྱི་ཚོགས་ནང་ནད་གཞི་ཕོག་མཁན་ཁྱོན་མི་གྲངས་ ༦༢༧༩...

འདས་པའི་བདུན་ཕྲག་ནང་བོད་མི་ ༣༦ ལ་ཏོག་དབྱིབས་ནད་གཞི་ཕོག་འདུག

འདས་པའི་གཟའ་འཁོར་ནང་བཙན་བྱོལ་བོད་མིའི་འདུས་སྡོད་དུ་བོད་མི་ ༣༦ ལ་ཏོག་དབྱིབས་ནད་གཞི་ཕོག་འདུག་པ་དང་སྦྲགས། ནད་གཞི་ཕོག་མཁན་རྣམས་ནས་ས་གནས་སུ་ཡོད་པའི་ཕྱི་ལུགས་དང་བོད་ལུགས་གཉིས་ཀྱི་སྨན་པར་བསྟེན་གཏུག་གནང་བའི་ཐོག་ཟས་སྤྱོད་ཚུལ་ལྡན་བསྟེན་དགོས་པའི་གཞེན་སྐུལ་གནང་སོང་། ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ COVID19 ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༧༧ པ་སྤེལ་བ་དང་སྦྲགས། ཚོགས་ཆུང་གི་འབྲེལ་མཐུད་པ་གསོ་རིག་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་ནད་ཡམས་དང་འབྲེལ་གནས་སྟངས་སོགས་ཀྱི་སྐོར་སྙན་གསེང་ཞུས་སྐབས། ཁོང་གིས་སྔོན་ཁབ་དང་འབྲེལ། རྒྱ་གར་ནང་ཁ་སང་བར་སྔོན་ཁབ་རིམ་པ་དང་པོ་དང་གཉིས་ཀ་བརྒྱབ་ཟིན་པ་དེ་བོད་མི་གྲངས་ ༣༣༢༠༦ དང་དེ་བཞིན་རིམ་པ་དང་པོ་བརྒྱབ་ཟིན་པ་དེ་༡༧༠༤༦ ཆགས་ཀྱི་ཡོད་པ་དང་ཕྱོགས་མཚུངས་བལ་ཡུལ་ནང་སྔོན་ཁབ་གཉིས་ཀ་ཐོབ་ཟིན་པ་དེ་ ༣༡༩༡ དང་སྔོན་ཁབ་རིམ་པ་དང་པོ་ཐོབ་པའི་མི་གྲངས་དེ་ ༥༣༣ ཆགས་ཀྱི་ཡོད་སྐོར་གསུངས་སོང་། དེ་བཞིན་ཁོང་གིས་རྒྱ་བལ་གཉིས་ཀྱི་བཙན་བྱོལ་འདུས་སྡོད་ནང་འདས་པའི་བདུན་ཕྲག་གཅིག་ནང་ནད་གཞི་གསར་པ་ཕོག་མཁན་མི་གྲངས་ ༣༦ བྱུང་བ་དང་ནད་གཞི་ཕོག་མཁན་རྣམས་ཀྱང་དེ་ཙམ་གྱི་ཚབས་ཆེན་པོ་མེད་པར་གསུངས་སོང་། གཞི་རྩའི་ད་བར་བཙན་བྱོལ་འདུས་སྡོད་སྤྱི་ཚོགས་ནང་ནད་གཞི་ཕོག་མཁན་ཁྱོན་མི་གྲངས་ ༦༣༡༠...

གངས་སྐྱིད་དང་དྷ་སར་གནས་སྡོད་བོད་མི་ཁག་ཅིག་ལ་གཉན་རིམས་ཕོག་པ།

ཁ་སང་དང་ཁ་ཉིན་བཅས་ལ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་སྐྱིད་ཁུལ་དང་ Forsyth Ganj ནས་བོད་མི་ཁག་ཅིག་ལ་ཏོག་དབྱིབས་ཀྱི་ནད་གཞི་ཕོག་པའི་གནས་ཚུལ་ཐོན་པ་དང་ནད་གཞི་ཕོག་མཁན་ཁྲོད་རེ་ཟུང་མ་གཏོགས་ཕལ་མོ་ཆེར་ནད་རྟགས་མངོན་གསལ་མི་འདུག ད་ཆ་བཞུགས་སྒར་དྷརྨ་ས་ལ་གཙོས་རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་གནས་སྟངས་དེ་དེ་སྔ་ལས་ཅུང་ཇེ་བཟང་དུ་ཕྱིན་ཡོད་ཀྱང་། ཁ་སང་དང་ཁ་ཉིན་བཅས་ལ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་སྐྱིད་ཁུལ་དང་ Forsyth Ganj ནས་བོད་མི་ཁག་ཅིག་ལ་ཏོག་དབྱིབས་ཀྱི་ནད་གཞི་ཕོག་པའི་གནས་ཚུལ་ཐོན་ཡོད་པ་རེད།རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་གངས་སྐྱིད་དང་ Forsyth Ganj ནས་ནད་གཞི་ཕོག་མཁན་བོད་མི་ཁག་ཅིག་བྱུང་ཡོད་ཀྱང་ནད་གཞི་ཕོག་མཁན་རེ་ཟུང་མ་གཏོགས་གཞན་རྣམས་ལ་ནད་རྟགས་མངོན་གསལ་མེད་པ་དང་། ད་ཆ་ས་གནས་སུ་སླར་ནད་གཞི་ཕོག་མཁན་བྱུང་བར་བརྟེན་དབུས་སྣེ་ལེན་ཁང་དུ་ཏོག་དབྱིབས་གཉན་རིམས་གསོ་བཅོས་ཁང་བསྐྱར་དུ་སྒོ་འབྱེད་གནང་ངེས་ཡིན་སྐོར་གསུངས་ཡོད། དེ་བཞིན་དྲུང་ཆེ་མཆོག་གིས་ད་ལན་ལས་ཁུངས་གང་ཞིག་ནས་ནད་གཞི་ཕོག་མཁན་འབྱུང་ཚེ་ལས་བྱེད་ཡོངས་ལ་ངེས་པར་དུ་བརྟག་དཔྱད་གནང་དགོས་པ་དང་ནད་གཞི་ཕོག་པ་རྣམས་དེ་མ་ཐག་ཏུ་སྒྲིག་འཛུགས་ཀྱིས་གོ་སྒྲིག་ཞུས་པའི་གཉན་རིམས་གསོ་བཅོས་ཁང་དུ་ཕེབས་དགོས་པ་གསུངས་སོང་།  གསར་འགོད་པས་ཉེ་ལམ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་བོད་མིའི་གཞིས་སྒར་ཁག་ཏུ་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གསུམ་པའི་སྔོན་འགོག་དང་འབྲེལ་བའི་གྲ་སྒྲིག་གནང་ཕྱོགས་ཐད་ལ་རྟོག་ཞིབ་སླད་ཕྱོགས་ཕེབས་གནང་བ་དང་འབྲེལ་བའི་བཅར་འདྲི་ཞུས་པར་ཁོང་གིས་ས་གནས་ཚང་མར་མཐུན་རྐྱེན་གྱི་གྲ་སྒྲིག་ཡག་པོ་འདུག་ཀྱང་ས་གནས་ཁག་ཅིག་ལ་མི་ཆའི་ངལ་བ་འཕྲད་སྐོར་གསུངས་པ་མ་ཟད། སྤྱིར་ང་ཚོ་ལོ་གཉིས་མ་ཟིན་ཙམ་གྱི་རིང་ལ་གཉན་རིམས་ལ་གདོང་ལེན་གནང་ནས་བཞུགས་སྐབས་ནད་གཞི་ཕོག་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་སྐབས་ཞེད་སྣང་གནང་བ་ལས་རང་ཉིད་ཀྱིས་དེའི་སྔོན་འགོག་གནང་གལ་ཡིན་པར་གསུངས་སོང་བ་དང་ཆབས་ཅིག གཟུགས་གཞི་བདེ་མིན་བྱུང་སྐབས་ངེས་པར་དུ་བརྟག་དཔྱད་གནང་དགོས་པའི་གཞེན་སྐུལ་གནང་ཡོད།   གཞི་རྩའི་རྒྱ་བལ་གཉིས་སུ་བཞུགས་པའི་བོད་མི་མང་དག་ཅིག་ལ་སྔོན་ཁབ་གཉིས་པ་ཐོབ་ཟིན་པ་དང་དེ་བཞིན་སྔོན་ཁབ་གཉིས་པ་མ་ཐོབ་པ་རྣམས་ཀྱང་སྔོན་ཁབ་གཉིས་པ་བཞེས་པའི་དུས་མཚམས་ལ་སླེབས་ཡོད་ པ་རེད།  འོན་ཀྱང་གཞུང་དང་ས་གནས་གཉིས་ཀྱིས་དུས་ཀུན་ཏུ་སྔོན་ཁབ་བཞེས་མིན་ལ་མ་ལྟོས་པར་མང་ཚོགས་ཚོས་ཞལ་རས་བཞེས་རྒྱུ་དང་སྔོན་འགོག་གི་ཐབས་ལམ་རྣམས་མུ་མཐུད་བསྟེན་དགོས་པའི་འབོད་སྐུལ་ཞུས་མུས་ཡིན་པ་རེད།  སྤྱིར་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་དང་འབྲེལ་རྒྱ་གར་ལྟ་བུར་ཆ་མཚོན་ན་ཁ་སང་དང་ཁ་ཉིན་བཅས་ལ་ནད་གཞི་ཕོག་མཁན་གྱི་གྲངས་འབོར་དེ་ཁྲི་གཉིས་ལྷག་དང་ཁྲི་གསུམ་མ་ཟིན་ཙམ་ལ་ཆགས་ཀྱི་འདུག ནད་གཞི་དེའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་མཁན་ཉིན་རེར་ ༢༨༠ ལྷག་ཆགས་ཀྱི་ཡོད་པ་རེད།

༸གོང་ས་མཆོག་གིས་དབུས་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་གིས་གཉན་རིམས་སྔོན་ཁབ་ཀྱི་མཐུན་འགྱུར་ཐོག་དམིགས་བསལ་འགན་བཞེས་གནང་བར་ཆེ་བསྟོད།

རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མོ་དྷི་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་འཕྲོད་ལས་ཞབས་ཞུ་པ་དང་གྲོང་ཚོའི་འགོ་དཔོན་ཁག་ཅིག་དང་ལྷན་དྲྭ་ཐོག་གླེང་མོལ་ལས་རིམ་ཞིག་གི་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་ཀྱི་དགོན་སྡེ་ཁག་གིས་མང་ཚོགས་ཁྲོད་ཏོག་དབྱིབས་རིམས་ནད་ཀྱི་སྔོན་ཁབ་རྒྱག་རྒྱུ་ཐད་དམིགས་བསལ་འགན་བཞེས་ཀྱིས་ཕྱག་ལས་གནང་བར་ཆེ་བསྟོད་གནང་ཡོད།  ཁ་སང་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་ནང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ JAI RAM THAKUR མཆོག་གིས་གཙོས་པའི་ཨུ་ནཱ་དང་ཀུ་ལུ། མན་ཌི་བཅས་རྫོང་གསུམ་དང་མངའ་སྡེའི་གྲོང་ཁྱེར་ HAMIRPUR དང་ LAHAUL གྲོང་སྡེ་སོགས་ཀྱི་འགོ་དཔོན། ལྷག་པར་དུ་སྨན་པ་དང་འཕྲོད་ལས་པ་སོགས་མདུན་ཐོན་ཞབས་ཞུ་བའི་ཚོགས་སྒེར་ཁག་ཅིག་གི་སྐུ་ཚབ་དང་ལྷན་འཛོམས་ཀྱིས་དྲྭ་ཐོག་གླེང་མོལ་གྱི་ལས་རིམ་ཞིག་གནང་ཡོད་པ་ལྟར་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ Narendra Modi  མཆོག་མཉམ་ཞུགས་གནང་སྟེ་རིམས་ནད་ཀྱི་ཛ་དྲག་གནས་སྟངས་ཁྲོད་ནད་པའི་ཆེད་ཞབས་ཞུ་བསྒྲུབ་མཁན་སྨན་པ་དང་སྨན་ཞབས་པ། དེ་བཞིན་འཕྲོད་ལས་པ་གཙོས་མདུན་ཐོན་ཞབས་ཞུ་བ་ཡོངས་ལ་ཡི་རང་བསྔགས་བརྗོད་གནང་བ་དང་འབྲེལ་ཏེ་མདུན་ཐོན་ཞབས་ཞུ་བ་རྣམས་ཀྱི་བཀྲིན་ལ་བརྟེན་ནས་ད་ཆ་ཧི་མཱ་ཅལ་ནང་གཉན་རིམས་ཀྱི་སྔོན་ཁབ་རིམ་པ་དང་པོ་དེ་མང་ཚོགས་ཀུན་ལ་བརྒྱབ་ཟིན་པའི་མངའ་སྡེ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་དང་དེས་རྒྱ་གར་རྒྱལ་ཁབ་འདི་རང་ཁ་རང་གསོའི་ཕྱོགས་སུ་མདུན་སྐྱོད་གནང་བར་གདེང་སྤོབས་འཕེལ་ངེས་ཡིན་ཅེས་གསུངས་འདུག སྐབས་དེར་ཧི་མཱ་ཅལ་མངའ་སྡེའི་ LAHAUL གྲོང་སྡེ་ནང་བཅའ་བཞུགས་སྐུ་ཞབས་ངག་དབང་ཨུ་པཱ་སི་ཀ་ལགས་ཀྱིས་སྲིད་བློན་མོ་དྷི་མཆོག་ལ་ལཱ་ཧུལ་ནང་ནད་ཡམས་དེ་ཐོག་མར་ཁྱབ་གདལ་བྱུང་སྐབས་མང་ཚོགས་ཁྲོད་ཆེས་དངངས་འཚབ་ཀྱི་ཛ་དྲག་གནས་སྟངས་གྱུར་སྐབས་ཁུལ་དེར་རྟེན་གཞི་བྱས་པའི་བོད་ཀྱི་དགོན་སྡེ་ཁག་གིས་གཙོ་འགན་བཞེས་ཏེ་ཡུལ་མི་གཙོས་པའི་གྲྭ་ཞུགས་རྣམས་ལ་སྔོན་ཁབ་ངེས་པར་དུ་བཞེས་དགོས་པའི་གཞེན་སྐུལ་དང་ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་འབྲེལ་སྔོན་ཁབ་རིམ་པ་དང་པོ་དེ་བསྒྲོན་གནང་མཛད་པ་དེས་མང་ཚོགས་དུ་མར་སྔོན་ཁབ་དེ་རྒྱག་རྒྱུའི་སྙིང་སྟོབས་འཕེལ་ཡོད་ཅེས་སྙན་གསེང་ཞུས་པར་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ནཱ་རེནྡྲ་མོ་དྷི་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་ཀྱི་དགོན་སྡེ་ཁག་གིས་མང་ཚོགས་ཁྲོད་ཏོག་དབྱིབས་རིམས་ནད་ཀྱི་སྔོན་ཁབ་རྒྱག་རྒྱུ་ཐད་དམིགས་བསལ་འགན་བཞེས་ཀྱིས་ཕྱག་ལས་གནང་བར་ཆེ་བསྟོད་གནང་ཡོད། དྲྭ་ཐོག་གླེང་མོལ་གྱི་ལས་རིམ་ཐོག་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇཡ་རཱམ་ཊཱཀུར་ མཆོག་གིས་ཀྱང་སྲིད་བློན་མོ་དྷི་མཆོག་ལ་དེ་འབྲེལ་མངའ་སྡེ་ནང་མུ་མཐུད་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ཁོང་གིས་ཧི་མཱ་ཅལ་ནང་འདི་ལོའི་ཕྱི་ཟླ་ ༡༡ ཀྱི་ཟླ་མཇུག་བར་ཏོག་དབྱིབས་རིམས་ནད་ཀྱི་སྔོན་ཁབ་རིམ་པ་གཉིས་པ་དེ་ཆ་ཚང་རྒྱག་ཐུབ་རྒྱུར་ཚོད་དཔག་གནང་བཞིན་ཡོད་ཅེས་ཞུས་ཡོད།

Latest news

- Advertisement -spot_img